དེ་རིང་ནི2024ལོའི་ཟླ09པའི་ཚེས08ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

གཟུགས་པོ་སྐམ་ནའང་གསུས་པ་ཆེ་བ་ནི་ཅི་ཞིག་གི་ནད་རྟགས་ཡིན་ནམ།

2024-07-15 14:53:21   |   780

རྩོམ་སྒྲིག   དོན་འགྲུབ་མཚོ།    ཡོང་ཁུངས།   འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས།     བཤེར་འབེབས།    རིན་ཆེན་ཚེ་རིང་།


མི་ལ་ལ་བལྟས་ཚོད་ཀྱིས་སྐམ་པོ་ཡོད་པར་མ་ཟད་གཟུགས་པོའི་ལྗིད་ཚད་ཀྱང་རྒྱུན་ལྡན་ཡིན་ནའང་། གསུས་པ་མངོན་གསལ་གྱིས་ཆེ་བ་ཡིན། སྣང་ཚུལ་འདི་ནི་མངོན་མེད་ཀྱི་བདེ་ཐང་ཉེན་ཁ་གང་རུང་གིས་བསྐྱེད་པ་ཡིན་སྲིད་དེ། དཔེར་ན་གཤམ་གྱི་རྒྱུ་རྐྱེན་འདི་དག་ལྟ་བུའོ།

1ཕོ་རྒྱུའི་འཇུ་ནུས་རྒྱུན་ལྡན་མིན་པ།  

མི་ལ་ལར་ཟ་མ་ཟོས་རྗེས་ཕོ་བ་དང་གསུས་པ་སྦོས་པའི་སྣང་ཚུལ་ཡོད་ལ། དེ་དང་མཉམ་དུ་ཕོ་བ་ན་བ་དང་ཞེན་ཁ་ལོག་པ། སྐྱུག་པ། སྐྱིགས་བུ་བྱེད་པ་སོགས་ཀྱང་བྱེད། དེ་ནི་ཕོ་རྒྱུའི་འཇུ་ནུས་ལེགས་པོ་མེད་པའི་རྟགས་ཡིན། ཕོ་རྒྱུའི་འཇུ་ནུས་ལེགས་པོ་མེད་པ་ལ་ཡང་རྒྱུ་རྐྱེན་སྣ་ཚོགས་ཡོད་དེ། དཔེར་ན་ཟ་མ་མགྱོགས་པོར་ཟ་བ་དང་མང་ཟ་མང་འཐུང་བྱེད་པ། ཕོ་རྒྱུའི་སྒུལ་ཤུགས་མ་འདང་བ། རྒྱུ་འགག་བྱུང་བ། ཕོ་བ་མར་བབས་པ། བད་ཀན་སྨུག་པོ་སོགས་སོ། དེ་བས་ང་ཚོས་ངེས་པར་དུ་བཟའ་བཏུང་གི་གོམས་གཤིས་ངན་པ་བསྒྱུར་དགོས་ཤིང་། ཟས་ཐུན་གསུམ་གྱི་དུས་ཚོད་དང་མང་ཉུང་གཏན་ཁེལ་བྱ་དགོས་ཏེ། ཐུན་རེར་ཕོ་བའི་བཅུ་ཆའི་བརྒྱད་ཙམ་རྒྱགས་ན་ཆོག  གཞན་ཟ་མ་ཉུང་ལ་ཟས་ཐུན་མང་བར་བྱ་དགོས་ཤིང་། གཉིད་མ་ལོག་པའི་སྔོན་ལ་གསུས་པར་འཕུར་མཉེད་བྱས་ན་ཕོ་རྒྱུའི་ནུར་འགུལ་ལ་སྐུལ་འདེད་དང་གསུས་པ་མི་སྦོས་པར་བྱེད་ཐུབ།

1.jpg

2ནང་ཁྲོལ་ཚིལ་ཚད་ལས་བརྒལ་བ། 

གསུས་ཁོག་ཏུ་ཚིལ་མང་པོ་བསོགས་པ་ནི་ནང་ཁྲོལ་ཚིལ་ཅུང་མང་བའི་རྟགས་ཡིན་ལ། མི་འདིའི་རིགས་ཀྱི་དོན་སྣོད་ཆེ་བར་མ་ཟད་དོན་སྣོད་ཀྱི་ནུས་པ་ཇེ་ཞན་དུ་གྱུར་ཏེ་ནད་རིགས་སྣ་ཚོགས་བསྐྱེད་སླ་བ་ཡིན། དཔེར་ན་སྙིང་ཚིལ་ནད་དང་མཆིན་ཚིལ་ནད་ལྟ་བུའོ། ཚིལ་མང་པོ་ཁྲག་ནང་དུ་ཕྱིན་ཚེ་འཕར་རྩ་སྲ་འགྱུར་དང་སྙིང་རྩ་འགག་པ་སོགས་བསྐྱེད་སླ། མི་འདི་དག་གིས་ཉིན་རེར་སྐར་མ30ཡི་རིང་གི་འགུལ་སྐྱོད་བྱ་འོས་ཏེ། དཔེར་ན་ཐག་ལྡིང་དང་གན་རྐྱལ་རྩལ། ཆུ་རྐྱལ། ལྕགས་རྟ་སྐོར་བ་སོགས་ལྟ་བུ་སྟེ། ལུས་རྩལ་འདི་དག་ནང་ཁྲོལ་ཚིལ་དབྱེ་འབྱེད་དང་ཞུ་བ་ལ་ཕན། 

2.jpg

3མཆིན་པ་སྲ་འགྱུར། 

 མཆིན་པ་རྒྱུན་ལྡན་མིན་པའི་སྐབས་སུ། མཁྲིས་ཁུ་ཟགས་ཐོན་བྱེད་སྟངས་དོ་མི་མཉམ་པར་གྱུར་ཏེ། མཁྲིས་ཁུ་མང་པོ་ཕོ་བར་སྤུང་གསོག་བྱས་ནས་གསུས་པ་སྦོས་ཤིང་རྒྱུ་སྨད་མངོན་གསལ་གྱིས་ཕྱི་རུ་འབུར་ངེས། གཞན་མཁྲིས་ཁུ་ཟགས་ཐོན་བྱེད་སྟངས་རྒྱུན་ལྡན་མིན་ཚེ་གཤེར་རྨེན་ཟགས་ཐོན་བྱེད་པར་ཤུགས་རྐྱེན་ཐེབས་ནས། ལུས་ནང་གི་འཇུ་རྩབས་མི་འདང་བ་དང་། དེས་སྤྲི་དཀར་རྫས་དང་ཚིལ་འཇུ་བར་འགོག་རྐྱེན་བཟོས་ཏེ་གསུས་པ་སྦོས་པའི་སྣང་ཚུལ་འབྱུང་སྲིད། མི་འདིའི་རིགས་ལ་མཁྲིས་པ་ན་བ་དང་ཡི་ག་ཞན་པ། སྡོམ་སྨེ་འབུད་པ་སོགས་ཀྱི་སྣང་ཚུལ་ཡོད་པས། དུས་ཐོག་ཏུ་སྨན་ཁང་ལ་སོང་ནས་བརྟག་དཔྱད་བྱ་དགོས། 

3.jpg


མཉམ་སྤྱོད།