དེ་རིང་ནི2024ལོའི་ཟླ09པའི་ཚེས17ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྒྱལ་ཡོངས་བོད་རིག་པའི་རིག་གཞུང་དུས་དེབ་མཐུན་སྦྱོར་ཚོགས་འདུ་འཚོགས།

2024-07-15 11:13:07   |   1834

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ7པའི་ཚེས13ཉིན། རྒྱལ་ཡོངས་ཀྱི་བོད་རིག་པའི་རིག་གཞུང་དུས་དེབ་མཐུན་སྦྱོར་ཚོགས་འདུ་སྐབས་བཅུ་གཅིག་པ་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་འཚོགས། ལས་རིགས་ཁག་གི་རིགས་གཅིག་མཁས་ཅན་གྱིས། བོད་རིག་པའི་རིག་གཞུང་དུས་དེབ་ཀྱིས་རིན་ཐང་དང་གཏིང་ཚད་ལྡན་པའི་རིག་གཞུང་གྲུབ་འབྲས་དེ་བས་མང་བ་འདོན་པ་དང་འབྲེལ། ལག་རྩལ་གསར་པ་སྤྱད་དེ་དུས་དེབ་ཀྱི་ཁྱབ་སྤེལ་ནུས་པ་དང་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

图片1.png

  ཉིན་དེར། «ཀྲུང་གོའི་བོད་རིག་པ»དང«བོད་ལྗོངས་སློབ་ཆེན་གྱི་རིག་གཞུང་དུས་དེབ» «བོད་ལྗོངས་ཞིབ་འཇུག»སོགས་དུས་དེབ་རྩོམ་སྒྲིག་པུའུ་དང་། ཀྲུང་དབྱང་མི་རིགས་སློབ་ཆེན་དུས་དེབ་ཁང་། ནན་ཅིང་སློབ་ཆེན་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཞིབ་འཇུག་གདེང་འཇོག་ལྟེ་གནས་སོགས་ལས་ཁུངས་ཀྱི་འབྲེལ་ཡོད་འགན་འཁུར་བ་ཚོགས་འདུར་ཞུགས་ཡོད།

图片2.png

ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་གཞོན་པ་བཀྲ་བློ་ཡིས། བོད་རིག་པའི་རིག་གཞུང་དུས་དེབ་ནི་རྒྱལ་ཁབ་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་རིག་གཞུང་དུས་དེབ་ཚོགས་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དར་སྤེལ་དང་། མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་བའི་ཐོག་མའི་བསམ་འདུན་དང་འགན་འཁྲི་ཕྲག་ཏུ་འཁུར་ཡོད་ཅེས་གསུངས་པ་དང་། ཁོང་གིས། རྒྱལ་ཡོངས་ཀྱི་བོད་རིག་པའི་རིག་གཞུང་དུས་དེབ་མཐུན་སྦྱོར་ཚོགས་འདུ་སྐབས་བཅུ་བདེ་བླག་ངང་གཉེར་བ་དང་། འདས་ཟིན་པའི་ལོ་བཅུ་ལྷག་ཙམ་ནང་ང་ཚོས་ཐུན་མོང་ཐོག་བོད་རིག་པའི་རིག་གཞུང་དུས་དེབ་ཚོགས་པ་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་བར་དཔང་པོ་བྱས་ཡོད་ཅེས་གསུངས།

图片3.png

 བཀྲ་བློ་ཡིས། བོད་རིག་པའི་རིག་གཞུང་དུས་དེབ་དེ་བོད་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དུས་རབས་གསར་པའི་རིག་གནས་དར་སྤེལ་གཏོང་བའི་འཐབ་ས་གལ་ཆེན་ཞིག་ཏུ་ཧུར་ཐག་བསྐྲུན་ནས། རིན་ཐང་དང་གཏིང་ཚད་ལྡན་པའི་རིག་གཞུང་གྲུབ་འབྲས་དེ་བས་མང་བ་འདོན་པ་དང་། གྲངས་འཛིན་ཅན་དུ་འགྱུར་བའི་གོམ་སྟབས་མགྱོགས་སུ་བཏང་ཐོག ལག་རྩལ་མཉམ་ལས་དང་ཐོན་ཁུངས་མཉམ་སྤྱོད་བྱེད་ཤུགས་ཆེ་རུ་བཏང་ནས། ལག་རྩལ་གསར་པ་སྤྱད་དེ་དུས་དེབ་ཀྱི་ཁྱབ་སྤེལ་ནུས་པ་དང་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་དགོས་ཞེས་གསུངས།
       མཚོ་སྔོན་ཞིང་ཆེན་ཏང་ཨུད་དྲིལ་བསྒྲགས་པུའི་གསར་འགྱུར་དཔེ་སྐྲུན་དོ་དམ་ཁྲུའུ་ཡི་ཁྲུའུ་ཀྲང་ལེའང་ཁྲུན་ཅང་གིས། བོད་རིག་པའི་རིག་གཞུང་དུས་དེབ་ནི་བོད་རིག་པའི་རིག་ཚན་མ་ལག་དང་རིག་གཞུང་མ་ལག སྐད་ཆའི་མ་ལག་བཅས་འཛུགས་སྐྱོང་བྱེད་པའི་སྟེགས་བུ་གལ་ཆེན་ཞིག་ཡིན་པས། བོད་རིག་པའི་རིག་གཞུང་དུས་དེབ་ཀྱིས་རིགས་པའི་གཞུང་ལུགས་འཆད་འགྲེལ་དང་རིག་གཞུང་ཞིབ་འཇུག མི་རིགས་ཀྱི་རིག་གནས་རྒྱུན་འཛིན་སོགས་ཐད་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ། མི་རིགས་ཁག་གི་དམངས་ཚོགས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་རིག་གནས་མཉམ་དུ་སློབ་སྦྱོང་དང་མཉམ་སྤྱོད་བྱ་རྒྱུར་ཆ་རྐྱེན་བསྐྲུན་དགོས་པ་དང་། ཀྲུང་ཧྭ་མི་རིགས་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་མུ་མཐུད་བསྐྲུན་དགོས་ཞེས་གསུངས།
       མཚོ་སྔོན་དགེ་འོས་སློབ་ཆེན་གྱི་སློབ་སྤྱི་གཞོན་པ་ཚའོ་ཀོང་ཁྲའོ་ཡིས། «མཚོ་སྔོན་དགེ་འོས་སློབ་ཆེན་གྱི་རིག་གཞུང་དུས་དེབ»ལ་སྤྱི་ཚོགས་ཚན་རིག་གི་པར་གཞི་དང་བོད་ཡིག་གི་པར་གཞི། རང་བྱུང་ཚན་རིག་གི་པར་གཞི། དེ་བཞིན«ས་མཐོའི་རིག་གནས་ཞིབ་འཇུག»བཅས་དུས་དེབ་རིགས་བཞི་ཡོད་པ་དང་། རྩོམ་སྒྲིག་པུའུ་ཡིས་ནུབ་རྒྱུད་དུ་གཞི་ཚུགས་ནས་རྒྱལ་ཡོངས་ལ་ཞབས་འདེགས་ཞུ་བ་དང་འཛམ་གླིང་ལ་ཁ་ཕྱོགས་ཏེ། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་རིག་གཞུང་ཞིབ་འཇུག་དང་དུས་རབས་འཕེལ་རྒྱས་ཟུང་དུ་འབྲེལ་བ་དང་། རིག་གཞུང་གི་གླེང་མང་བའི་གནས་ཚུལ་ལ་རྗེས་སྙེག་བྱེད་པ། དུས་རབས་ཀྱི་རླབས་རྒྱུན་དང་ལེགས་པར་བསྟུན་པ་བཅས་བྱེད་བཞིན་ཡོད་ཅེས་ངོ་སྤྲོད་གནང་།
       ཚའོ་ཀོང་ཁྲའོ་ཡིས། ད་ཐེངས་ཀྱི་ཚོགས་འདུ་བརྒྱུད། རྒྱལ་ཡོངས་ཀྱི་བོད་རིག་པའི་རིག་གཞུང་དུས་དེབ་ཀྱིས་དུས་རབས་ཀྱི་དྲི་བར་ལན་རྒྱག་པ་དང་རིག་གཞུང་ཞིབ་འཇུག་དར་རྒྱས་གཏོང་བའི་ཐད། ཁྱད་འཕགས་ཀྱི་ལྟ་ཚུལ་གཅིག་སྡུད་ཀྱིས་ཐུན་མོང་ངོས་འཛིན་གྲུབ་པ་དང་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཐུབ་པའི་ཡིད་ཆེས་ཡོད་ཅེས་གསུངས།
       རྒྱལ་ཡོངས་ཀྱི་བོད་རིག་པའི་རིག་གཞུང་དུས་དེབ་མཐུན་སྦྱོར་ཚོགས་འདུ་སྐབས་བཅུ་གཅིག་པ་དེ«ཀྲུང་གོའི་བོད་རིག་པ»དུས་དེབ་ཁང་དང་བོད་ལྗོངས་སློབ་ཆེན་དུས་དེབ་ལྟེ་གནས་ཀྱིས་གཙོ་གཉེར་བྱས་པ་དང་། «མཚོ་སྔོན་དགེ་འོས་སློབ་ཆེན་གི་རིག་གཞུང་དུས་དེབ»རྩོམ་སྒྲིག་པུའུ་ཡིས་སྒྲུབ་འགན་འཁུར་ཡོད།


མཉམ་སྤྱོད།