དེ་རིང་ནི2024ལོའི་ཟླ09པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-07-16 07:37:07   |   1769

སྒྲིག་སྒྱུར། མཁའ་འགྲོ་མཚོ།   ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས། རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

  • ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ཚེས15ཉིན་གྱི་སྔ་དྲོ་པེ་ཅིང་དུ་འཚོགས་པ་རེད། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའི་ཚབ་ཞུས་ནས་ཚང་འཛོམས་གྲོས་ཚོགས་ལ་ལས་དོན་སྙན་ཞུ་ཕུལ་བ་མ་ཟད། 《ཀྲུང་གུང་ཀྲུང་དབྱང་གི་བཅོས་བསྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བ་དང་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུའི་ཆོད་དོན(གྲོས་བསྡུར་མ་ཟིན)》སྐོར་ཚང་འཛོམས་གྲོས་ཚོགས་ལ་གསལ་བཤད་ཀྱང་གནང་བ་རེད། 

  •  ཟླ7ཚེས16ཉིན་པར་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་ཐེངས14པའི་སྟེང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《ངེས་པར་དུ་རང་ཡིད་རང་ཆེས་དང་རང་སྟོབས་རང་སྤེལ་མཐའ་འཁྱོངས་བྱ་དགོས》ཞེས་པ་འགྲེམ་སྤེལ་བྱ་རྒྱུ་རེད། 

  • རྒྱལ་ཁབ་སྡོམ་རྩིས་ཅུ་ཡིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལྟར་ན། ད་ལོའི་ལོ་སྟོད་དུ་རྒྱལ་ནང་ཐོན་སྐྱེད་རིན་ཐང་སྡོམ་འབོར་སྒོར་དུང་ཕྱུར616836ཟིན་པ་དེ་འགྱུར་མེད་རིན་གོང་ལྟར་བརྩིས་ན་དུས་མཚུངས་ལས5.0%འཕར་ཡོད། 

  •  ད་ལོའི་ལོ་སྟོད་དུ་རྒྱལ་ཡོངས་ཀྱི་སྐྱེལ་འདྲེན་གནམ་ཐང་དུ་འགྲུལ་པ་འདོན་འཇུག་བྱེད་ཚད་མི་ཐེངས་དུང་ཕྱུར7ཟིན་ཡོད་པ་རེད། 

1.jpg

  • མིག་སྔར་ཧུའུ་ནན་དང་། ཅང་ཞི། ཀོང་ཏུང་། ཀོང་ཞི་སོགས་སྔ་འབྲས་ཐོན་སྐྱེད་བྱེད་མཁན་གྱི་ཞིང་ཆེན་གཙོ་བོ9ཡི་གཅིག་རྗེས་གཉིས་མཐུད་ངང་སྔ་འབྲས་འབྲེག་མགོ་བརྩམས་པ་དང་འབྲས་བུ་བསྡུ་བའི་མྱུར་ཚད་བཅུ་ཆ་བཞི་ལས་བརྒལ་ཡོད་པ་རེད། 

  • ད་ལོའི་ལོ་སྟོད་དུ་མྱུར་སྐྱེལ་ལས་སྒོའི་གྲངས་འབོར་རིམ་རྩིས་བྱས་ན་དུང་ཕྱུར801.6ཟིན་པ་དེ་དུས་མཚུངས་ལས23.1%འཕར་ཡོད།

2.jpg

  • ཚེས15ཉིན། རང་རྒྱལ་ནས་བཟོས་པའི་གློག་ཡོངས་ཀྱི་འཕྲིན་གཏོང་སྲུང་སྐར་ཐོག་མ་སྟེ་ཡ་ཐའེ6Eབདེ་བླག་ངང་གཉེར་སྐྱོང་བྱེད་མགོ་ཚུགས།

  • ཚེས15ཉིན། རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུ་ཡིས་སྤྱི་བསྒྲགས་ཁྱབ་བསྒྲགས་བྱས་པ་སྟེ། དེ་རིང་ནས་བཟུང་ཀྲུང་གོའི་ཆུ་ཚོད144ནང་རྒྱལ་མཚམས་སྒྲོལ་བར་ཐོངས་མཆན་མི་དགོས་པའི་སྲིད་ཇུས་སྤྱོད་འཐུས་འགག་སྒོ37བར་མང་དུ་བཏང་ཡོད་པ་རེད། 

 སྤྱི་ཚོགས།

3.png

  • ཀྲུང་དབྱང་གནམ་གཤིས་བརྟག་དཔྱད་ཁང་གིས་དྲོད་ཚད་མཐོ་བའི་ཉེན་བརྡ་སེར་པོ་མུ་མཐུད་དུ་ཁྱབ་བསྒྲགས་བྱས་པ་སྟེ། དེ་རིང་ཉིན་མོ་ཞིན་ཅང་དང་། ཁྲུང་ཆིང་། ཧུའུ་ནན། ཅང་ཞི། ཀྲེ་ཅང་། ཧྥུ་ཅན་སོགས་ས་ཁུལ་ཁག་གཅིག་གི་དྲོད་ཚད་མཐོ་ཤོས37~39℃སླེབས་རྒྱུ་ཡིན་པ་རེད། 

  • ཚེས15ཉིན། འབྲི་ཆུའི་ཟུར་གསུམ་གླིང་གི“སྐོར་ལམ་”མེ་འཁོར་གཏོང་མགོ་ཚུགས་ནས་ཟླ་བ་གཅིག་འགོར་བ་དང་། ལམ་ཐིག་དེས་རིམ་རྩིས་བྱས་ན་འགྲུལ་པ་མི་ཐེངས་ཁྲི11ཙམ་སྐྱེལ་འདྲེན་བྱེད་པ་དང་ཆ་སྙོམས་འགྲུལ་པ་སྡོད་ཚད་བཅུ་ཆ་དགུ་ཙམ་ཟིན་ཡོད་པ་རེད། 

  • 2024ལོའི་བྲག་འཛེག་འཛམ་གླིང་བུམ་པའི་འགྲན་བསྡུར་ཧྥ་རན་སེའི་ཞ་མེང་ཉི་ས་ཚིགས(法国夏蒙尼站)ས་གནས་དེ་གའི་དུས་ཚོད་ཚེས14ཉིན་མཇུག་འགྲིལ་བ་དང་། ཀྲུང་གོའི་འགྲམ་ཞུགས་པ་ཀྲང་ཧྲའོ་ཆིན(张少琴)གྱིས་བུད་མེད་མྱུར་ཚད་རྣམ་གྲངས་ཁྲོད་གསེར་གྱི་རྟགས་མ་བླངས་པ་རེད། 

  • ཆིན་རྒྱལ་རབས་ཀྱི་རྟ་དམག་འཇིམ་སྐུ་གནའ་རྫས་རྟོག་ཞིབ་སྔོག་འདོན་བྱས་ནས་ལོ50འཁོར་བར་དྲན་གསོ་ཞུ་ཆེད།《ཆིན་ཧྲི་ཧོང་གི་བང་སོའི་རྟ་དམག་འཇིམ་སྐུ》ཞེས་པའི་དམིགས་བསལ་སྦྲག་གླ་མངོན་འཕྲིན་བྱང་བུ་ཚེས15ཉིན་ཐོག་མར་འགྲེམས་སྤེལ་བྱས་པ་རེད།

  • ཧོ་ལན་གྱི་ཨོའུ་ཝུའེ་ཧན་ཙི་སྲོག་ཆགས་གླིང་གིས་ཚེས12ཉིན་གྱི་དགོང་མོ་ཧོ་ལན་དུ་སྡོད་པའི་དོམ་ཁྲ“ཝུའུ་ཝུན”ལ་ཕྲུ་གུ་སྐྱེས་པ་ཁྱབ་བསྒྲགས་བྱས་པ་རེད། 

4.jpg

  • ཚེས15ཉིན། ཞིན་ཅང་གི་ས་འོག་གནའ་བོའི་བང་སོའི་གནའ་ཤུལ་རྟེན་མཛོད་ཁང་ཐོག་མ་སྟེ། ཆིའུ་ཚི་ཝེ་ཅིན(龟兹魏晋)གནའ་བོའི་བང་སོའི་གནའ་ཤུལ་རྟེན་མཛོད་ཁང་དངོས་སུ་ཕྱི་ཕྱོགས་སུ་སྒོ་འབྱེད།

5.jpg

  • ཚེས15ཉིན། ཧྲའན་ཞི་དགེ་འོས་སློབ་ཆེན་གྱི2024ལོའི་སྤུ་སྨྱུག་གིས་སློབ་མ་བསྡུ་ལེན་བརྡ་ཐོ་བྲིས་པའི་མགོ་ཚུགས་མཛད་སྒོ་འཚོགས་པ་རེད། ཧྲའན་ཞི་དགེ་འོས་སློབ་ཆེན་གྱིས་ལོ18བསྟུད་མར་སློབ་མ་གསར་པར་སྤུ་སྨྱུག་གིས་བསྡུ་ལེན་བརྡ་ཐོ་བྲིས་པ་རེད།

 སྲིད་ཇུས།

  • རྒྱལ་ཁབ་ཤེས་བྱའི་ཐོན་དབང་ཅུ་ཡིས་བརྡ་ཐོ་པར་འགྲེམས་བྱས་པ་སྟེ། ཁྱོན་ཡོངས་ནས་ཁེ་བེད་བདག་ཐོབ་སྒོ་དབྱེའི་ཆོག་འཐུས་ལམ་ལུགས་ལག་བསྟར་བྱ་རྒྱུ་ཡིན་པ་དང་། ཆེད་ཁེའི་དབང་ཆ་འཛིན་མཁན་གྱིས་རང་མོས་ཀྱིས་ཆེད་ཁེའི་དབང་ཆ་སྒོ་འབྱེད་ཆོག་འཐུས་ཀྱི་གསལ་བསྒྲགས་འབུལ་དགོས་པར་མ་ཟད། ཆེད་ཁེའི་དབང་ཆའི་ཆོག་འཐུས་བེད་སྤྱོད་གྲོན་དངུལ་ལ“རིན་གོང་གསལ་བོར་བཀོད་”དགོས་པ་རེད།

  • ཧོ་ནན་གྱིས་རྩལ་ནུས་མཐོ་བའི་ཤེས་ལྡན་མི་སྣར་སློབ་སྦྱོང་ཟབ་སྦྱོང་དང་། ལས་གནས་གདན་ཞུ། གོ་གནས་འཕར་བ། གླ་ཕོགས་ཕན་བདེ་སོགས་ཐད་དེ་མཚུངས་ཀྱི་རིམ་པའི་ཆེད་ལས་ལག་རྩལ་མི་སྣ་དང་བསྡུར་ནས་འདྲ་མཚུངས་ཀྱི་ཐོབ་ཐང་ལོངས་སུ་སྤྱོད་རྒྱུའི་གཏན་འབེབས་བྱ་རྩིས་ཡོད་པ་རེད། 

  • ཡུན་ནན་གྱིས་རྒན་རྒོན་གྱི་བདེ་སྐྱིད་ཟ་ཁང་འཛུགས་སྐྲུན་གྱི་གནས་ཚུལ་དངོས་ལ་གཞིགས་ནས་ཐེངས་གཅིག་རང་བཞིན་གྱི་འཛུགས་སྐྲུན་ཁ་གསབ་སྒོར་ཁྲི3ནས་ཁྲི20བར་སྤྲོད་རྒྱུ་ཡིན་པའི་ཡིག་ཆ་བཏོན་པ་རེད། 

དེ་རིང་གི་གནམ་གཤིས། 

6.jpg

  • ཀན་སུའུ་ཡི་ཤར་རྒྱུད་དང་། ཧྲའན་ཞིའི་དབུས་ལྷོ་རྒྱུད། སི་ཁྲོན་གཤོངས་སའི་ནུབ་རྒྱུད། ཧོ་ནན་གྱི་ཤར་རྒྱུད་དང་ལྷོ་རྒྱུད། ཧྲན་ཏུང་གི་ལྷོ་རྒྱུད། ཨན་ཧུའེ་ཡི་བྱང་རྒྱུད། ཅང་སུའུ་ཡི་བྱང་རྒྱུད། ནང་སོག་གི་བྱང་རྒྱུད། ཧོ་པེ་ཡི་བྱང་རྒྱུད། པེ་ཅིང་གི་ནུབ་བྱང་རྒྱུད། ཧའེ་ནན་གླིང་ཕྲན་གྱི་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་བ་ཆེན་པོ་ནས་དྲག་ཆར་ཆེན་པོ་འབབ་རྒྱུ་དང་། དེའི་ནང་ཧོ་ནན་གྱི་ཤར་རྒྱུད་དང་། ཧྲན་ཏུང་གི་ལྷོ་རྒྱུད། ཨན་ཧུའེ་ཡི་བྱང་རྒྱུད། ཅང་སུའུ་ཡི་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།