དེ་རིང་ནི2024ལོའི་ཟླ09པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ལོ་སྟོད་དུ་ཀྲུང་གོའིGDPདུས་མཚུངས་ལས5.0%འཕར་བ།

2024-07-16 09:45:32   |   240

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ7པའི་ཚེས15ཉིན་རྒྱལ་ཁབ་སྡོམ་རྩིས་ཅུས་གྲངས་གཞི་ཁྱབ་བསྒྲགས་བྱས་པ་ལྟར་ན། རགས་རྩིས་བྱས་ན་ད་ལོའི་ལོ་སྟོད་ཀྱི་རྒྱལ་ནང་ཐོན་སྐྱེད་རིན་ཐང་སྡོམ་འབོར་སྒོར་དུང་ཕྱུར616836ཡིན། འགྱུར་མེད་རིན་གོང་ལྟར་བརྩིས་ཚེ་དུས་མཚུངས་ལས5.0%འཕར་ཡོད།

 ཐོན་ལས་རིགས་དབྱེ་བྱས་ཏེ་བལྟས་ན། ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར30660ཡིན་པ་དང་དུས་མཚུངས་ལས3.5%འཕར་ཡོད། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར236530ཡིན་པ་དང5.8%འཕར་ཡོད། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར349646ཡིན་པ་དང4.6%འཕར་ཡོད། དུས་ཚིགས་དབྱེ་ནས་བལྟས་ན། དུས་ཚིགས་དང་པོར་རྒྱལ་ནང་ཐོན་སྐྱེད་རིན་ཐང་སྡོམ་འབོར་དུས་མཚུངས་ལས5.3%འཕར་བ་དང་། དུས་ཚིགས་གཉིས་པར4.7%འཕར་ཡོད་ཅིང་། དུས་ཚིགས་རེའི་འཕར་ཚད་ལྟར་ན། དུས་ཚིགས་གཉིས་པར་རྒྱལ་ནང་ཐོན་སྐྱེད་རིན་ཐང་སྡོམ་འབོར0.7%འཕར་ཡོད།

11111.png


མཉམ་སྤྱོད།