དེ་རིང་ནི2024ལོའི་ཟླ09པའི་ཚེས17ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་སྔོན་ཞིང་ཆེན་གྱི་རྫོང་གཉིས་རྒྱལ་ཁབ་ཀྱི་རྩྭ་ཐང་འབྲོག་ལས་རིགས་སྒྱུར་རིམ་སྤོར་ཚོད་ལྟའི་རྫོང་དུ་བདམས་ཐོན་བྱུང་།

2024-07-16 10:19:55   |   332

རྩོམ་སྒྲིག  སངས་དོན།    ཡོང་ཁུངས།  མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།    བཤེར་འབེབས།   རིན་ཆེན་ཚེ་རིང་།


ཟླ7ཚེས15ཉིན། ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་གིས་ཁྱབ་བསྒྲགས་བྱས་པར་གཞིགས་ན། ཉེ་ཆར། མགོ་ལོག་ཁུལ་གྱི་དར་ལག་རྫོང་དང་མཚོ་བྱང་ཁུལ་གྱི་མདའ་བཞི་རྫོང་གཉིས་རྒྱལ་ཁབ་ཀྱི་རྩྭ་ཐང་འབྲོག་ལས་རིགས་སྒྱུར་རིམ་སྤོར་ཚོད་ལྟའི་རྫོང་དུ་བདམས་ཐོན་བྱུང་འདུག རྣམ་གྲངས་དེ་ལག་བསྟར་དུས་ཡུན་ལོ4ཡིན་པ་དང་། རྒྱལ་ཁབ་འཕེལ་རྒྱས་སྒྱུར་བཅོས་ཨུ་ལྷན་དང་ཞིང་ལས་གྲོང་གསེབ་པུས2022ལོར་ལག་བསྟར་བྱེད་མགོ་བརྩམས་པ་ཞིག་རེད། བདམས་ཐོན་བྱུང་བའི་རྣམ་གྲངས་རྫོང་ལ་ལོ་ལྟར་ཀྲུང་དབྱང་སྔོན་རྩིས་ནང་གི་མ་དངུལ་སྒོར་ཁྲི4000ཁ་གསབ་བྱས་ནས།  ཐོན་ཚད་མཐོ་བའི་གཟན་རྩྭ་རྟེན་གཞི་དང་དེང་རབས་ཅན་གྱི་རྩྭ་ཐང་སྐྱེ་ཁམས་ཕྱུགས་རའམ་ཡང་ན་ཚད་ལྡན་ཅན་གྱི་གསོ་སྤེལ་ར་བ། སྤུས་ལེགས་སོན་ཕྱུགས་དང་གཟན་རྩྭ་གསོག་འཇོག་རྟེན་གཞི། གཟན་རྩྭ་གསོག་འཇོག་དང་སྐྱེལ་འདྲེན་བྱེད་པའི་མ་ལག་སོགས་འཛུགས་སྐྲུན་བྱས་པ་བརྒྱུད་རྩྭ་ཐང་ཕྱུགས་ལས་རིགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བཞིན་ཡོད།

ཐེངས་འདིར་བདམས་ཐོན་བྱུང་བའི་དར་ལག་རྫོང་གིས་རྨང་གཞི་བརྟན་པོ་དང་ཞན་ཆ་གསབ་པ། ཚན་རྩལ་མཐོར་འདེགས། འབྲེལ་ཐག་སྣུར་སྲིང་བཅས་ལ་བརྟེན་ནས་རྩྭ་ཐང་འབྲོག་ལས་རིགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་བཏང་ནས་མཚོ་བོད་ས་མཐོའི་སྐྱེ་ཁམས་སྔོན་ལ་འཛིན་པའི་གནོད་འཚེ་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་གི་འབྲོག་ལས་ཀྱི“དར་ལག་གི་ཉམས་མྱོང”འཚོལ་ཞིབ་བྱས་ཡོད། མདའ་བཞི་རྫོང་གིས་གཟན་རྩྭ་མཁོ་སྤྲོད་སྦྲེལ་ཐག་འཐུས་ཚང་དང་ཁྱབ་ཁོངས་ཡོངས་ཀྱི་ཐོན་ལས་སྦྲེལ་ཐག་འཐུས་ཚང་དུ་གཏོང་བ། ཐོན་སྐྱེད་ལག་རྩལ་སྦྲེལ་ཐག་ཕན་འབྲས་ཆེ་རུ་གཏོང་བ། ཐོན་རྫས་རིན་ཐང་སྦྲེལ་ཐག་མཐོ་རུ་གཏོང་བ་བཅས་ཀྱི་དེང་རབས་ཐོན་ལས་མ་ལག་བསྐྲུན་རྒྱུ་མཐའ་འཁྱོངས་བྱས་ཏེ། འབྲོག་ཁུལ་གྱི་རྩྭ་ཕྱུགས་སྤུས་ཚད་མཐོ་ཞིང་དོ་སྙོམས་འཕེལ་རྒྱས་ཀྱི“མདའ་བཞིའི་རྣམ་པ”འཚོལ་ཞིབ་བྱས་ཡོད།

2022ལོར། མཚོ་ལྷོ་ཁུལ་གྱི་གསེར་ཆེན་རྫོང་དང་རྨ་ལྷོ་ཁུལ་གྱི་རྩེ་ཁོག་རྫོང་གཉིས་རྒྱལ་ཡོངས་ཀྱི་རྩྭ་ཐང་འབྲོག་ལས་རིགས་སྒྱུར་རིམ་སྤོར་གསར་འཛུགས་ལས་གཞིའི་ནང་བདམས་ཐོན་བྱུང་ཞིང་།  ལོ་གསུམ་རིང་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱས་པ་བརྒྱུད། རྩྭ་ཐང་སྐྱེ་ཁམས་འབྲོག་ལས་འཁོར་རྒྱུག་འཕེལ་རྒྱས་ཀྱི“7+5གསེར་ཆེན་རྣམ་པ”དང་མཉམ་ལས་ཁང་དང་སྡེ་བའི་ཐུན་མོང་དཔལ་འབྱོར་རྩ་འཛུགས་མཉམ་འདྲེས་འཕེལ་རྒྱས་དང་ཐོན་ལས་འབྲེལ་ཐག་སྣུར་སྲིང་མཉམ་འདྲེས་འཕེལ་རྒྱས་ཀྱི“རྩེ་ཁོག་གི་རྣམ་པ”ཕྱོགས་སྡོམ་བྱས་ནས་རང་རེའི་ཞིང་ཆེན་གྱི་རྩྭ་ཐང་འབྲོག་ལས་དང་རྩྭ་ཐང་སྐྱེ་ཁམས་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་བར་ཁྱབ་གདལ་གྱི་རིན་ཐང་ལྡན་པའི་དཔེ་མཚོན་ཉམས་མྱོང་ཆགས་པ་དང་། ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན་ལ་ཕན་ནུས་ལྡན་པའི་ཐབས་ལམ་གསར་པ་བཏོད་ཡོད།


མཉམ་སྤྱོད།