དེ་རིང་ནི2024ལོའི་ཟླ09པའི་ཚེས08ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

སྨོན་ལམ་མཐོན་པོའི་ལ་བཙས་ངོ་སྤྲོད་མདོར་བསྡུས།

2024-07-16 14:56:18   |   2171

སྒྲིག་སྒྱུར།  སངས་དོན།  ཡོང་ཁུངས།  མཚོ་བྱང་ཁུལ་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན།   བཤེར་འབེབས།   རིན་ཆེན་ཚེ་རིང་། 


001.jpg

ཡུང་ཀྲིན་ཁྲི་ལོ་གསུམ་པར(1725ལོ)། ལཱ་མོ་ཞབས་དྲུང་སྐྲུ་ཕྲེང་གསུམ་པས་སྦྲ་སྒོར་ཞུགས་པའི་དཔོན་སྐོར་དང་བྱ་ཁོག་སོགས་ཚོ་ཁག་བརྒྱད་ཀྱི་སེར་སྐྱ་མང་ཚོགས་དེ་མདའ་ཚན་བཞི་རུ་བགོས་ནས་ཚོ་ཁག་གཅིག་ལྟར་དོ་དམ་བྱས་ཤིང་། ཚོ་ཁག་གི་མིང་ལ་མདའ་བཞི་ཞེས་བཏགས། ཅཱ་ཆིན་ཁྲི་ལོགཉིས་པར(1797ལོ)། མདའ་བཞི་ཚོ་བ་འདི་ཡ་རྫི་ནས་ད་ལྟའི་མཚོ་ལྷོ་ཁུལ་མངའ་ཁོངས་ཀྱི་མང་འབལ་བྱ་གསུམ་ས་ཆར་གནས་སྤར་བ་དང་། ཕྱིས་སུ་རྨ་ཆུའི་རབ་ཁ་བརྒལ་ནས་ད་ལྟའི་མདའ་བཞི་ས་ཆའི་ཆུ་འགག་གཞུང་གཙོ་བྱས་པའི་འབྲོག་ཐང་དུ་གཞིས་ཆགས།  ཏོ་ཀོང་ཁྲི་ལོ་བཅུ་དྲུག་པར(1836)།  མདའ་བཞི་ཚོ་བའི་ཚོ་དཔོན་རྒྱལ་མཚན་བཟང་པོས་མི་ཕྱུགས་དར་ཆེད་ཚོ་བའི་མང་ཚོགས་བསྐུལ་ནས་མཐོན་པོ་སྒང་དུ་ལ་བཙས་བརྩིགས་ཤིང་། སྨོན་ལམ་མཐོན་པོ་ལ་བཙས་ཀྱང་ཟེར།

002.jpg

ཀྲུང་གོ་གསར་པ་དབུ་བརྙེས་རྗེས། 1950ལོར་པཎ་ཆེ་སྐུ་ཕྲེང་བཅུ་པ་ཨེར་ཏི་ནས་ཆོས་ཀྱི་རྒྱལ་མཚན་མཆོག་དང་ལཱ་མོ་ཞབས་དྲུང་སྐུ་ཕྲེང་བརྒྱད་པ་བློ་བཟང་ལུང་རིག་བསྟན་པའི་རྒྱ་མཚོས་སེར་སྐྱ་མང་ཚོགས་རྣམས་བསྐུལ་ནས་མཐོན་པོ་སྒང་གི་ལ་བཙས་བསྟད། 1984ལོར། ལཱ་མོ་ཡོངས་འཛིན་བློ་བཟང་མཁས་གྲུབ་རྒྱ་མཚོས་ཉི་མགོན་སྐུ་ཕྲེང་དྲུག་པ་བསྟན་པ་རབ་རྒྱས་དང་མཱ་ཕྱག་སྐུ་ཕྲེང་ལྔ་པ་འཇིགས་མེད་ལུང་རིག་བསྟན་འཛིན་རྒྱ་མཚོ། བེར་རྒན་སྐུ་ཕྲེང་བཞི་པ་བློ་བཟང་འཇིགས་མེད་བསྟན་པའི་རྒྱ་མཚོ་བཅས་རྩ་འཛུགས་བྱས་ནས་ལ་བཙས་བསྟད་ཅིང་། ལོ་རེར་ལ་བཙས་བསྟོད་པའི་གྲོས་སྐུལ་བྱས།

003.jpg

1984ལོ་ནས་བཟུང་། ལོ་རེའི་ལུགས་རྙིང་གི་ཟླ་བཞི་པའི་ཚེས་བཅུ་གཅིག་ཉིན་ལ་བཙས་བསྟོད་པའི་དུས་ཆེན་དུ་གཏན་ཁེལ་བྱས་ཤིང་། མཚོ་སྔོན་པོ་ཡུལ་ཚོའི་མཐོན་པོ་སྡེ་བ་དང་ཞབས་དྲུང་སྒར་ཐོག་གིས་ས་གནས་ཀྱི་མང་ཚོགས་བསྐུལ་ནས་ནད་དང་མུ་གེ་ཞི་ཞིང་སྟོབས་འབྱོར་མངའ་ཐང་དར་བའི་དགེ་རུ་གནས་འདིར་ལ་བཙས་བསྟོད་པའི་སྲོལ་ཆགས་ཡོད། 


མཉམ་སྤྱོད།