དེ་རིང་ནི2024ལོའི་ཟླ09པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ལ་བྱ་དགའི་དངུལ་སྒོར་ཁྲི1800ཐོབ་པ།

2024-07-16 16:27:45   |   476

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་སྲིད་དོན། བཤེར་འབེབས། རིན་ཆེན་ཚེ་རིང་།


2.png

ཉེ་ཆར་ཞིང་ཆེན་དང་པུ་ཡིས་ཐུན་མོང་ཐོག་མཚོ་སྔོན་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཐོན་སྐྱེད་ཡུལ་འཛུགས་སྐྲུན་མགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི《2023ལོའི་ཞིང་ཆེན་ཡོངས་ཀྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཐོན་སྐྱེད་ཡུལ་འཛུགས་སྐྲུན་བྱས་ཚུལ་གྱི་དཔྱད་ཞིབ་བྱས་འབྲས་སྐོར་གྱི་བརྡ་ཁྱབ》(མཚོ་སྔོན་ཞིང་ལས་སྤུས་ཚད〔2024〕ཨང43པ)དང་ཞིང་ཆེན་ནོར་སྲིད་ཐིང་གི《2024ལོའི་ཞིང་ལས་ཀྱི་འབྲེལ་ཡོད་སྤོ་སྒྱུར་གཏོང་སྤྲོད་མ་དངུལ་ཁག་གསུམ་པ་གཤམ་སྤྲོད་བྱ་རྒྱུའི་སྐོར་གྱི་བརྡ་ཁྱབ》(མཚོ་སྔོན་ནོར་སྲིད་ཞིང་ལས〔2024〕ཨང823པ)གཞིར་བཟུང་། མཚོ་བྱང་ཁུལ་ལ2023ལོའི་ཞིང་ཆེན་ཡོངས་ཀྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཐོན་སྐྱེད་ཡུལ་གྱི་དཔྱད་ཞིབ་ལས་ཕུལ་བྱུང་བྱ་དགའ་ཐོབ་པ་དང་ཞིང་ཆེན་ཡོངས་ཀྱི་ཨང་གཉིས་པ་བླངས་ཤིང་། ཞིང་ཆེན་རིམ་པའི་བྱ་དགའི་མ་དངུལ་སྒོར་ཁྲི1800ཐོབ།

ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཐོན་སྐྱེད་ཡུལ་འཛུགས་སྐྲུན་བྱ་རྒྱུ་ནི་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་བྱེད་པའི་ནང་དོན་གལ་ཆེན་ཞིག་ཡིན། ན་ནིང་ནས་བཟུང་། མཚོ་བྱང་ཁུལ་གྱིས“ཆེས་ཆེ་བ་གསུམ”གྱི་དུས་བབ་ལ་ངེས་ཤེས་ཟབ་མོ་བཅངས་ནས། པུ་དང་ཞིང་ཆེན་གྱིས་ཐུན་མོང་ཐོག་མཚོ་སྔོན་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཐོན་སྐྱེད་ཡུལ་འཛུགས་སྐྲུན་བྱེད་པའི་གླགས་དང་བསྟུན་ནས། ཞིང་ཕྱུགས་ལས་ཀྱི་ལྗང་མདོག་ཅན་དང་སྤུས་ལེགས་ཅན། ཚད་གཞི་ཅན། ཟོང་རྟགས་ཅན་བཅས་ལ་སྐུལ་འདེད་ཤུགས་ཆེན་བཏང་ཞིང་། ཐོན་སྐྱེད་ཡུལ་གྱི་སྣེ་ཁྲིད་ཁུལ་འཛུགས་སྐྲུན་བྱེད་པར་གོམ་ཁ་བརྟན་པོ་སྤོས་ཏེ། “185”བྱ་བའི་བསམ་ཕྱོགས་བཏོན་ཞིང་། 《མཚོ་བྱང་ཁུལ་གྱིས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཐོན་སྐྱེད་ཡུལ་གྱི་སྣེ་ཁྲིད་ཁུལ་འཛུགས་སྐྲུན་བྱེད་པའི་མིག་སྔའི་འཆར་གཞི》སོགས་ཡིག་ཆ་བཏོན་ཏེ། ཞིང་ཕྱུགས་ཐོན་ལས་འཕེལ་རྒྱས་དང་ནོར་སྲིད་སྦྲེལ་མཐུད་ཀྱིས་གྲོང་གསེབ་དར་སྤེལ་གཏོང་བའི་ཁ་གསབ་མ་དངུལ་རྣམ་གྲངས་ཁག107དང་སྒོར་དུང་ཕྱུར7.61ཟིན་པ་དོན་འཁྱོལ་བྱས། ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་དང《ཐིང་དང་ཁུལ་གྱིས་ཐུན་མོང་ཐོག་མཚོ་བྱང་ཁུལ་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཐོན་སྐྱེད་ཡུལ་གྱི་སྣེ་ཁྲིད་ཁུལ་བསྐྲུན་པའི་མཉམ་ལས་གྲོས་མཐུན》ལ་མིང་རྟགས་བཀོད་པ་དང་། “མདོ་ལ་རིང་མོའི་འདབས་རོལ་གྱི་ཕྱུགས་ར་བཟང་བོ”ཞེས་པའི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་སྤྱི་སྤྱོད་ཟོང་རྟགས་གྱི་འགྲེམ་སྤེལ་ཚོགས་འདུ་དང་། “ཐོན་ལས་དར་སྤེལ། ཟོང་རྟགས་གཏོད་པ། ཡོང་འབབ་འཕར་སྣོན། དར་སྤེལ་རམ་འདེགས”ཀྱི་སྤུས་ལེགས་རྒྱུད་སྤེལ་ཕྱུགས་ཟོག་འགྲེམ་སྟོན་དང་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་དཔྱད་བསྡུར་གྱི་བྱ་འགུལ་སྤེལ་ཏེ། ཁེ་ལས10དང་ཐོན་རྫས112ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི“སྤུས་ལེགས་མཛོད”དུ་བཅུག ཁུལ་ཡོངས་སུ་“ཐོན་རྫས་གསུམ་དང་མཚན་རྟགས་གཅིག”གི་ཞིང་ཕྱུགས་ཐོན་རྫས119ངོས་ལེན་ཐོ་འགོད་བྱས། “མདོ་ལ་རིང་མོའི་བོད་ལུག”དེ་རྒྱལ་ཡོངས་ཀྱི2023ལོའི་ཞིང་ལས་ཟོང་རྟགས་སྤུས་ལེགས་གསོ་སྐྱོང་མིང་ཐོའི་ནང་ཚུད་པ་དང་། ཞིང་ཆེན་ཡོངས་ལས་མིང་ཐོ་དེའི་ནང་ཚུད་པ་གཅིག་པུ་ཡིན། “རྐང་ཚའི་བོད་ལུག”དེ་རྒྱལ་ཡོངས་ཀྱི“རྫོང་གཅིག་ལ་ཁྱད་ཆོས་གཅིག”གི་ཀྲུང་གོའི་ཟོང་རྟགས་དཀར་ཆག་ནང་བཅུག ཁུལ་ཡོངས་ཀྱི་རང་བྱུང་རྩྭ་ས་མུའུ་ཁྲི2322དང་བོད་ལུག་དང་ནོར་གནག་ཁྲི199སླར་ཡང་སྐྱེ་ལྡན་ལྟ་ཞིབ་ཚད་ལེན་གྱི་ཁས་ལེན་ཐོབ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་དང་ཕྱིར་ཚོང་གྱི“གཞུང་ལམ་མཁོ་འཚོང”གི་བྱེད་སྒོ་བདེ་ལེགས་ངང་སྤེལ་བ་དང་། མཚོ་བྱང་གི་དམིགས་བསལ་སྤུས་ལེགས་ཐོན་རྫས་འགྲེམ་ཚོང་ལྟེ་གནས་བསྐྲུན་ཏེ་ཁེ་ལས58ཀྱི་ཞིང་ཕྱུགས་ཐོན་རྫས་སྣ་ཁ516ལས་སྟེགས་སུ་བཅའ་སྡོད་བྱས། སྔ་རྗེས་སུ་ཧྲན་ཏུང་ལིན་དབྱི་གྲོང་ཁྱེར་དང་ཆིང་ཏའོ་གྲོང་ཁྱེར་དུ་མཚོ་བྱང་གི་སྤུས་ལེགས་ཐོན་རྫས་ཁང་དང་། “སྤུས་ལེགས་ཐོན་རྫས་རྒྱང་བཞུད”ཁག་བགོས་ལྟེ་གནས། མཚོ་བྱང་མགྲོན་འཕྲད་ཤག དེ་བཞིན“མཚོ་སྔོན་མདའ་བཞིའི་ཐོན་རྫས་གྲགས་ཅན་འགྲེམ་འཚོང་ལྟེ་གནས”བཅས་བཙུགས། ཁུལ་ཡོངས་ཀྱིས་ཞིང་ཆེན་ཕྱི་ནང་དུ་རྒྱ་ཁོག་ཚོང་ཁང18དང་ཐུག་པའི་ཟ་ཁང746ཕྱེས་ཤིང་། མཚོ་བྱང་གི་སྤུས་ལེགས་ཐོན་རྫས་ཞིང་ཆེན་ཕྱི་ནང་དུ་ཕྱིར་འཚོང་བྱེད་ཚད་སྒོར་དུང་ཕྱུར3.23སླེབས་ཡོད།

རྗེས་ཕྱོགས། མཚོ་བྱང་ཁུལ་གྱིས་ཐོན་ལས་སྟོབས་ལྡན་དུ་གཏོང་བ་དང་། ལྗང་མདོག་འཕེལ་རྒྱས། ཐོན་ལས་མཉམ་འདྲེས། ཚན་རྩལ་གསར་གཏོད། ཟོང་རྟགས་འཛུགས་སྐྲུན། ཐོན་རྫས་གཉེར་ཚོང་སོགས་ཀྱི་ཐད་མུ་མཐུད་འབད་བརྩོན་བྱས་ཏེ། ཐིང་དང་ཁུལ་གྱིས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཐོན་སྐྱེད་ཡུལ་གྱི་སྣེ་ཁྲིད་ཁུལ་མཉམ་སྐྲུན་བྱ་རྒྱུ་ལྟེ་བར་བཟུང་སྟེ། “ཅི་ཞིག་ཐོན་སྐྱེད་བྱུ་རྒྱུ་དང་། ཇི་ལྟར་ཐོན་སྐྱེད་བྱ་རྒྱུ། གང་ལ་ཕྱིར་གཏོང་བྱ་རྒྱུ། སུས་ཐོན་སྐྱེད་བྱ་རྒྱུ”བཅས་ཀྱི་ལས་ཀའི་བསམ་ཕྱོགས་ལྟེ་བར་བཟུང་ནས། སྲིད་ཇུས་དང་བྱེད་ཐབས་བཏོན་ཏེ་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཐོན་སྐྱེད་རྟེན་གཞི་འཛུགས་རྒྱུ་དང་། ཞིང་ཕྱུགས་ཐོན་རྫས་ཐོན་སྐྱེད་དང་ཕྱིར་ཚོང་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། སྐྱེ་ཁམས་ཞིང་ཕྱུགས་ལས་ཀྱི“གཅིག་ཅན་དགུའི”ལེ་ལག་ཚང་བའི་ལས་གྲྭ་འཛུགས་སྐྲུན་དང་། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་དྲིལ་སྒྲོག་འོས་སྦྱོར་བྱེད་སྒོ་དང་། གནས་གསུམ་གྱི་ཟོང་སྒྲོམ་བརྒྱའི་བྱེད་སྒོ་དང་། ཞིང་ཕྱུགས་ལས་ཀྱི་སྤུས་ཚད་དབྱེ་ཞིབ་དང་ཚད་གཞིའི་མ་ལག་འཛུགས་སྐྲུན་བཅས་ལ་མུ་མཐུད་སྐུལ་འདེད་བཏང་ནས་ཞིང་ཕྱུགས་ལས་ཀྱི་ཚན་རྩལ་འདེགས་སྐྱོར་ཆུ་ཚད་སྔར་བས་མཐོ་རུ་གཏོང་བ་དང་། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་“གསེར་”གྱི་མིང་བྱང་བསྐྲུན་ཏེ། སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཐོན་སྐྱེད་ཡུལ་གཏོད་པའི་ཐད་ཚད་བརྒལ་གསར་པ་དང་གྲུབ་འབྲས་གསར་པ་ལེན་རྒྱུར་བརྩོན་ལེན་བྱ་རྒྱུ།


མཉམ་སྤྱོད།