དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-07-17 07:33:29   |   348

སྒྲིག་སྒྱུར། མཁའ་འགྲོ་མཚོ།   ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས། རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

1.jpg

  • ལོ་སྟོད་དུ་རང་རྒྱལ་གྱི་གྲུ་གཟིངས་བཟོ་སྐྲུན་ལས་རིགས་ཀྱི་ལས་མཇུག་འགྲིལ་ཚད་དང་། མངགས་ཐོ་གསར་དུ་འབྱོར་ཚད། ལག་ཏུ་བཟུང་བའི་མངགས་ཐོ་བཅས་མུ་མཐུད་བརྟན་པོའི་ངང་འཕར་ནས་གོ་ལ་ཧྲིལ་པོའི་སྔོན་ཐོན་ལ་སླེབས་པ་རེད། 

2.jpg

  • ལོ་སྟོད་དུ་རྒྱལ་ཡོངས་ལྕགས་ལམ་གྱིས་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར3373བཏང་བ་དང་། དུས་མཚུངས་ལས10.6%འཕར་ནས་ལོ་རྒྱུས་ཀྱི་དུས་མཚུངས་ཀྱི་ཟིན་ཐོ་གསར་པ་བཏོད་པ་རེད། 

  • ནོར་སྲིད་པུ་ཡིས2024ལོའི་གནས་སྐོར་འཕེལ་རྒྱས་ཐེབས་རྩའི་ས་གནས་རྣམ་གྲངས་ཁ་གསབ་མ་དངུལ་སྒོར་དུང་ཕྱུར9.67སྤྲད་དེ་གནས་སྐོར་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད། 

  • ཉིན་བརྒྱའི་ཁྲི་སྟོང་གདན་ཞུའི་ཆེད་དོན་བྱེད་སྒོའི་ནང་འགན་བཅོལ་དང་། ཡང་བའི་བཟོ་ལས། རླངས་འཁོར། སྨན་བཅོས་འཕྲོད་བསྟེན་ལས་རིགས་བཅས་ཀྱི་དྲ་ཐོག་གདན་ཞུའི་ཆེད་དོན་ཚོགས་ར4བཏོན་པ་དང་། གདན་ཞུའི་དགོས་མཁོ་མི་ཐེངས་ཁྲི50.5ལས་བརྒལ་ཡོད་པ་རེད། 

  • སྙན་ཞུ་གསར་ཤོས་ལས་མངོན་པར། 2023ལོར་རང་རྒྱལ་གྱི་འགྱུར་རྡོའི་ནུས་རྒྱུ་མིན་པའི་གློག་གཏོང་གློག་འདོན་འཕྲུལ་འཁོར་ཤོང་ཚད་སྟོང་ཝ་དུང་ཕྱུར15.7ལས་བརྒལ་བ་ནས་རྒྱལ་ཡོངས་ཀྱི་གློག་འདོན་འཕྲུལ་འཁོར་སྡོམ་འབོར་གྱི53.9%བཟུང་བ་དང་། མེ་ཤུགས་གློག་འདོན་འཕྲུལ་འཁོར་ལས་བརྒལ་ཡོད་པ་རེད། 

  • རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་རྒྱལ་ཁབ་ནུས་རྒྱུ་ཅུ་ཡིས་མཉམ་འབྲེལ་ཐོག《རྡོ་སོལ་དང་གློག་ཐཱན་ཉུང་ཅན་སྒྱུར་བཀོད་འཛུགས་སྐྲུན་བྱ་སྤྱོད་ཀྱི་ཇུས་གཞི(2024ལོ་ནས2027ལོ་བར)》ཁྱབ་བསྒྲགས་བྱས་པ་རེད། 

  •  ཀྲུང་གོའི་མཚོ་སྣུམ་པོ་ཧའེ་སྣུམ་ཞིང་ལ་རྩད་ཞིབ་ཐད་ཚད་བརྒལ་གལ་ཆེན་བྱུང་བ་དང་། ཁྲོན་པ་གཅིག་གིས་ཉིན་རེར་རང་བྱུང་སོལ་རླངས་ཤོ་སྨི་ཁྲི་བརྒྱ་ཙམ་ཐོན་གྱི་ཡོད་པ་ཤེས་རྟོགས་ཐུབ་ནས་པོ་ཧའེ་སྣུམ་ཞིང་གི་རང་བྱུང་སོལ་རླངས་ཚད་ལེན་ཚོད་ལྟའི་ཐོན་ནུས་མཐོ་ཤོས་ཀྱི་ཟིན་ཐོ་བཏོད་ཡོད། 

  • ངར་སྐྱེད་རྫས་ལ་ངོ་རྒོལ་བྱེད་པའི་ཞིབ་བཤེར་ཨུ་ལྷན་གྱིས་ཞིབ་བཤེར་སྙན་ཞུ་ཁྱབ་བསྒྲགས་བྱས་ཏེ། འཛམ་གླིང་ཆུ་རྐྱལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཀྲུང་གོའི་ཆུ་རྐྱལ་འགྲན་ཞུགས་པའི་བཟའ་བཅའི་སྦགས་བཙོག་དོན་རྐྱེན་ལ་ཞིབ་བཤེར་བྱེད་པའི་བརྒྱུད་རིམ་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་དང་འབྲེལ་གནད་དོན་སྤུ་ཙམ་ཡང་མེད་པའི་སྡོམ་ཚིག་བཞག

  • ཨ་རིའི་ཙུང་ཐུང་ཟུར་པ་ཐེ་རོན་ཕུའུ2024ལོའི་ཨ་རིའི་ཙུང་ཐུང་འདེམས་བསྐོའི་སྤྱི་མཐུན་ཏང་གི་ཙུང་ཐུང་འོས་མིར་དངོས་སུ་མིང་འདོན་བྱས་པ་དང་ཝན་སི་ཙུང་ཐུང་གཞོན་པའི་འོས་མིར་བདམས་པ་རེད། 

སྤྱི་ཚོགས།

  • རྒྱལ་ཡོངས་འབྲུབ་འགོག་གི་འགག་རྩའི་དུས་སུ་སླེབས་ཡོད་པ་རེད། ཚེས16ཉིན་ཆུ་བེད་པུས་ཆུ་ལོག་འགོག་སྲུང་རིམ་པIVཔའི་འཕྲལ་སྡོམ་དང་ལེན་བྱེད་མགོ་བཙུགས་ནས་ཧྲའན་ཞི་དང་ཀན་སུའུ་ཡི་ཆུ་ལོག་གི་གནོད་འཚེ་འགོག་སྲུང་ལས་དོན་བཀོད་སྒྲིག་བྱས་པ་རེད། 

  • འཕྲལ་སྡོམ་དོ་དམ་པུ་སོགས་སྡེ་ཚན་གསུམ་གྱིས་ཀྲུང་དབྱང་གི་གེགས་སེལ་དངོས་ཟོག་ཁྲི1མགྱོགས་མྱུར་ངང་གཏོང་སྤྲོད་བྱས་ཏེ། ཧོ་ནན་དང་ཧྲན་ཏུང་གིས་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་འགན་ལེན་ལས་དོན་ཡག་པོ་བསྒྲུབ་རྒྱུར་རྒྱབ་སྐྱོར་བྱས་ཡོད། 

  • ཚེས16ཉིན་གྱི་ཆུ་ཚོད18བར་ཧུའུ་ནན་ཐོན་ཀྲོའུ(湖南团洲)ཆུ་རགས་ནང་གི་ཆུ་གནས་རིམ་རྩིས་བྱས་ན་སྨི1.22ཆག་པ་དང་ཆུ་ལྷག་ཚད་ཤོ་སྨི་དུང་ཕྱུར1.6079ཡིན།

  • ཚེས16ཉིན་གྱི་ཆུ་ཚོད15བར་2024ལོའི་དབྱར་ཁའི་གུང་གསེང་སྐབས་ཀྱི་གློག་བརྙན་སྤ་སེ་བཙོང་ཚད་སྡོམ་འབོར(སྔོན་འཚོང་ཚུད་ཡོད)སྒོར་དུང་ཕྱུར45ལས་བརྒལ་ཡོད་པ་རེད།

3.jpg

  • ཚེས16ཉིན། རང་རྒྱལ་གྱིས་རང་བརྟེན་ཞིབ་འཇུག་གསར་སྤེལ་བྱས་པའི་བཅིངས་འགྲོལ་རྟགས་ཅན་གྱི་ལྗིད་ཐེག་རླངས་འཁོར་ཁྲི900པ་བཏོན་པ་དེས“ཀྲུང་གོ་གསར་པའི་རླངས་འཁོར་བཟོ་ལས་ཀྱི་འབྱུང་གནས”ཡིན་པའི་ཀྲུང་གོའི་རླངས་འཁོར་དང་པོའི་སྤྱིའི་ཐོན་ཚད་ཁྲི6000ཟིན་པ་མཚོན་ཡོད། 

  • ཨན་ཧུའེ་ལྷོ་རྒྱུད་རི་ཁུལ་དུ་གནས་པའི་ཞོན་ཅི(宣绩)མྱུར་བགྲོད་ལྕགས་ལམ་མཉམ་འབྲེལ་ཐོག་སྙོམས་སྒྲིག་དང་ཚོད་ལྟ་བྱེད་མགོ་ཚུགས་པ་དང་། ལམ་ཐིག་ཇུས་འགོད་ཀྱི་མྱུར་ཚད་ཆུ་ཚོད་རེར་སྤྱི་ལེ350ཟིན་པ་དང་གཉེར་སྐྱོང་བྱས་རྗེས་ཅང་སུའུ་དང་ཨན་ཧུའེ། ཅང་ཞི་སོགས་ས་ཁུལ་གྱི་བར་ཐག་ཇེ་ཐུང་དུ་འགྲོ་ངེས་རེད།

  • ཀན་སུའུ་ཀྭ་ཀྲོའུ་རུ་གནས་པའི་གོ་ལ་ཧྲིལ་པོའི“ལྩོག་གཉིས་དང་འཕྲུལ་འཁོར་གཅིག”གི་འོད་ཚ་ནུས་གསོག་གློག་ཁང་གི་ལས་གྲྭ་གཙོ་བོ་སྙོམས་སྒྲིག་ཚོད་ལྟ་བྱེད་པའི་དུས་མཚམས་སུ་སླེབས་ནས་ད་ལོའི་ལོ་མཇུག་ཏུ་ཐོན་སྐྱེད་བྱེད་མགོ་ཚུགས་ནས་གློག་གཏོང་རྒྱུའི་བརྩོན་ལེན་བྱ་རྒྱུ་ཡིན་པ་རེད། 

4.jpg

  • ཀྲུང་གོའི་མི་བཞུགས་དབྱིངས་སྐྱོད་ལས་གྲྭའི་གཞུང་དོན་ཁང་གིས་བར་སྣང་ས་ཚིགས་ཀྱི་བར་སྣང་འདྲ་པར་ཁག་གཅིག་གསར་དུ་ཁྱབ་བསྒྲགས་བྱས། 

5.jpg

  • ཚན་རིག་ཞིབ་འཇུག་མི་སྣས་ཀོང་ཞིའི་ཧོ་ཁྲི་ནན་ཏན(广西河池南丹)རྒྱུད་དུ་རེ་རལ་རིགས་ཀྱི་རྩི་ཤིང་གི་སྐྱེ་དངོས་རིགས་གསར་པ་སྟེ་རྨེན་སྤུ་ཀོན་ཀྲུང(腺毛贯众)རྙེད་པ་རེད།

སྲིད་ཇུས།

  • པེ་ཅིང་གིས་ཡོངས་བསྒྲགས་ངང་བསམ་འཆར་བསྡུ་ལེན་བྱས་ནས་གྲོང་མིའི་སྒོ་འགྲམ་དུ་ནུས་པ་འདུས་གྲུབ་ཀྱི་ཞབས་ཞུའི་ཕྱོགས་བསྡུས་སྒྲིག་གཞི་འཛུགས་སྐྲུན་དང་སྒྱུར་བཀོད་བྱས་ཏེ་རྒན་གསོ་དང་། གསོ་བཅོས། ལུས་སྦྱོང་སོགས་ཀྱི་ནུས་པ་བཀོད་སྒྲིག་བྱ་རྩིས་ཡོད་པ་རེད། 

  • ཧྲང་ཧའེ་ཡིས་རྒན་གསོའི་ཚན་རྩལ་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་ཇུས་གཞི་ཁྱབ་བསྒྲགས་བྱས་ཏེ། མདོ་སྒྱུར་མིག་ཤེལ་དང་རིག་ནུས་རྐུབ་སྟེགས་འཁོར་ལོ་ཅན་སོགས་རྒན་གསོའི་ཚན་རྩལ་ཐོན་རྫས་ཞིབ་འཇུག་གསར་སྤེལ་བྱས་ནས་རྒན་རྒོན་གྱི་འཚོ་བའི་བདེ་སྣང་ཆེ་རུ་གཏོང་རྒྱུ་ཡིན་པ་བཏོན་ཡོད། 

  • ཀོང་ཀྲོའུ་གྲོང་ཁྱེར་ཡོངས་ཀྱི་གཞུང་གཉེར་སྨན་བཅོས་སྒྲིག་གཞིས་ཞིབ་བཤེར་བྱས་འབྲས་ཕན་ཚུན་ཁས་ལེན་པ་མངོན་འགྱུར་བྱུང་ནས་ནད་པས་སྨན་བཅོས་སྒྲིག་གཞི་མི་འདྲ་བར་སྨན་བཅོས་བྱེད་དུས་བསྐྱར་དུ་ཞིབ་བཤེར་བྱེད་མི་དགོས་བ་ཡིན།

དེ་རིང་གི་གནམ་གཤིས། 

6.jpg

  • ཧོ་ནན་གྱི་དབུས་ཤར་རྒྱུད་དང་། ཧྲན་ཏུང་གི་ལྷོ་རྒྱུད། ཅང་སུའུ་ཡི་བྱང་རྒྱུད། ཨན་ཧུའེ་ཡི་བྱང་རྒྱུད། ཧྲའན་ཞིའི་ལྷོ་རྒྱུད། སི་ཁྲོན་གཤོངས་སའི་ནུབ་རྒྱུད་དང་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་ནས་དྲག་ཆར་ཆེན་པོ་འབབ་རྒྱུ་དང་། དེའི་ནང་ཧོ་ནན་གྱི་ཤར་རྒྱུད་དང་། ཨན་ཧུའེ་ཡི་བྱང་རྒྱུད། ཅང་སུའུ་ཡི་ནུབ་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་ཧ་ཅང་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།