དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཟི་ལིང་ནས་ཞང་ཀང་བར་གྱི་གནམ་གྲུའི་པ་སེ་ཉོ་ཐུབ།

2024-07-18 15:25:17   |   292

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ7པའི་ཚེས17ཉིན་ནས་བཟུང་། ཟི་ལིང་ནས་ཞང་ཀང་བར་གྱི་གནམ་གྲུའི་པ་སེ་དྲ་ཐོག་ནས་ཉོ་ཆོག ཧྥེ་ཀྲོའུ་མ་ལག་ནས་གཟིགས་སྐྱོང་འཛིན་ཤོག་སྣ་ཚོགས་འཚོལ་བ་དང་བཀོལ་ཆོག ཕར་འགྲོ་བའི་པ་སེའི་རིན་གོང་ནི་ཁྲལ་མ་བརྩིས་པའི་སྒོར799ཡིན། ཚུར་ལོག་པར་ཡང་གཟིགས་སྐྱོང་སྣ་ཚོགས་ལྡན།      ཁྱེད་ཀྱིས་ལམ་ཡིག་བཟུང་དང་ཞང་ཀང་ལ་གནས་སྐོར་དུ་འགྲོ། ངོ་སྤྲོད་བྱས་པར་གཞིགས་ན།    ཟླ7པའི་ཚེས9ཉིན་ཟི་ལིང་ནས་ཞང་ཀང་བར་གྱི་མཁའ་ལམ་བདེ་བླག་ངང་ཤར་གཏོང་བྱས།   དུས་གཏན་གནམ་གྲུའི་འཆར་གཞི་ལྟར་ན་ཟི་ལིང་ནས་ཞང་ཀང་བར་གཟའ་འཁོར་རེར་གཟའ་མིག་དམར་དང་གཟའ་སྤེན་པ་གཉིས་ལ་དུས་གཏན་གནམ་གྲུ་ཐེངས་གཉིས་གཏོང་རྒྱུ་ཡིན་པ་སྟེ།    ཆུ་ཚོད9:15ལ་ཞང་ཀང་གནམ་ཐང་ནས་འཕུར་རྒྱུ་དང་།    ཆུ་ཚོད12:55ལ་ཟི་ལིང་གནམ་ཐང་ལ་འབྱོར་རྒྱུ། ཆུ་ཚོད13:55ལ་ཟི་ལིང་གནམ་ཐང་ནས་འཕུར་རྒྱུ་དང་། ཆུ་ཚོད17:40ལ་ཞང་ཀང་གནམ་ཐང་ལ་འབྱོར་རྒྱུ་རེད། ལམ་ཧྲིལ་བོར་ཆུ་ཚོད3དང་སྐར་མ40ལྷག་ཙམ་འགོར་གྱིན་ཡོད། གནས་སྐོར་བ་རྣམས་ཀྱིས་དྲ་ཐོག་དང་དྲ་ཕྱིའི་པ་སེ་བཙོང་ས་ནས་རྒྱུས་ལོན་དང་པ་སེ་ཉོ་ཆོག 


མཉམ་སྤྱོད།