དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-07-19 07:28:27   |   300

སྒྲིག་སྒྱུར། མཁའ་འགྲོ་མཚོ།   ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས། རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

11.jpg

  • ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དེ2024ལོའི་ཟླ7ཚེས15ནས་ཚེས18ཉིན་བར་པེ་ཅིང་དུ་འཚོགས། ཚོགས་འདུའི་སྟེང《ཕྱོགས་ཡོངས་ནས་བསྒྱུར་བཅོས་སྔར་བའི་ཟབ་སྤེལ་གཏོང་རྒྱུ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་ཆོད་དོན》ལ་གྲོས་འཆམ་བྱུང་། ཚང་འཛོམས་གྲོས་ཚོགས་ནི་ཀྲུང་དབྱང་ཆབ་སྲིད་ཅུ་ཡིས་གཙོ་སྐྱོང་གནང་བ་དང་། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་།

  • ཀྲུང་གུང་ཀྲུང་དབྱང་གིས་ཚེས19ཉིན་གྱི་སྔ་དྲོ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ངོ་སྤྲོད་དང་གསལ་འགྲེལ་བྱ་རྒྱུ་རེད། 

  • ད་ལོའི་ལོ་སྟོད་དུ་རང་རྒྱལ་གྱི་སྤྱི་ཚོགས་འཛད་རྫས་སིལ་ཚོང་སྡོམ་འབོར་སྒོར་དུང་ཕྱུར235969ཟིན་པ་དེ་དུས་མཚུངས་ལས3.7%འཕར་ཡོད། 

  • ནོར་སྲིད་པུ་དང་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུ་ཡིས་སྤྱི་བསྒྲགས་ཁྱབ་བསྒྲགས་བྱས་པ་སྟེ། 2024ལོའི་ཟླ1ཚེས1ཉིན་ནས2027ལོའི་ཟླ12ཚེས31ཉིན་བར་ཁེ་ལས་ཀྱིས་ནུས་རྒྱུ་གྲོན་ཆུང་དང་། ཆུ་གྲོན་ཆུང་། ཁོར་ཡུག་སྲུང་སྐྱོང་། བདེ་འཇགས་ཐོན་སྐྱེད་བཅས་ཀྱི་ཆེད་སྤྱོད་སྒྲིག་ཆས་གྲངས་གཞི་ཅན་དང་རིག་ནུས་ཅན་གྱི་སྒྱུར་བཀོད་ཐད་བཏང་བའི་མ་དངུལ་དེ་ལོ་དེའི་ཁེ་ལས་ཁག་གཅིག་གི་ཐོབ་ཁྲལ་རྩ་ཆག་གཏོང་ཆོག་པ་གཏན་འབེབས་བྱས། 

  • 2024ལོའི་རྒྱལ་ཡོངས་ཀྱི་དབྱར་ཁའི་གུང་གསེང་རིག་གནས་དང་གནས་སྐོར་འཛད་སྤྱོད་དུས་ཚིགས་ཚེས17ཉིན་ནང་སོག་ཨུ་ཨེར་ཏུའོ་སི(鄂尔多斯)ནས་མགོ་བརྩམས་ཤིང་། ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)31གིས་དུས་གཅིག་ཏུ་རིག་གནས་གནས་སྐོར་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་སྤེལ་ནས་རིག་གནས་གནས་སྐོར་འཛད་སྤྱོད་ཀྱི་དམངས་ཕན་ཁ་གསབ་སྒོར་དུང་ཕྱུར4ལྷག་ཙམ་སྤྲོད་རྒྱུ་ཡིན་པ་རེད། 

  • ཚེས17ཉིན། ཚོང་དོན་པུས་ཀྲུང་གོས་ནང་ཁུལ་དང་ཕྱི་རྒྱལ་གྱི་མ་དངུལ་ཁེ་ལས་ཀྱིས་གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་བརྗེས་དང་འཛད་རྫས་རྙིང་པ་གསར་པ་བརྗེ་བའི་ནང་ཞུགས་རྒྱུར་ཕྱོགས་རིས་མེད་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་བཤད། 

  • ཚེས18ཉིན། ཀྲུང་གོས《གོ་ལ་ཧྲིལ་པོའི་བདེ་འཇགས་གྲོས་སྐུལ་དོན་འཁྱོལ་འཕེལ་རིམ་སྙན་ཞུ》ཐོག་མ་ཁྱབ་བསྒྲགས་བྱས་པ་རེད། 

  • ས་གནས་དེ་གའི་དུས་ཚོད་ཚེས18ཉིན། ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ཀྱི་ཨོ་རྩལ་འགྲན་ཚོགས་གྲོང་ཚོ་དངོས་སུ་སྒོ་ཕྱེ་པ་རེད། 

སྤྱི་ཚོགས།

2.jpg

  • ཀྲུང་དབྱང་གནམ་གཤིས་བརྟག་དཔྱད་ཁང་གིས་དྲོད་ཚད་མཐོ་བའི་ཉེན་བརྡ་སེར་པོ་ཁྱབ་བསྒྲགས་བྱས་པ་ལྟར་ན། དེ་རིང་ཞིན་ཅང་ལྷོ་ཕྱོགས་ཀྱི་གཤོངས་སའི་ཤར་རྒྱུད་དང་། ཐུའུ་ལུའུ་ཧྥན་གཤོངས་ས། པེ་ཅིང་གི་ལྷོ་རྒྱུད། ཐེན་ཅིན་དང་ཧྲང་ཧའེ། ཀྲེ་ཅང་སོགས་ས་ཁུལ་ཁ་ཤས་ཀྱི་དྲོད་ཚད་མཐོ་ཤོས37~39℃སླེབས་རྒྱུ་ཡིན་པ་དང་། ས་ཁུལ་ཁ་ཤས་སུ40℃ཡན་ལ་སླེབས་རྒྱུ་རེད། 

  • ཚེས18ཉིན། རྒྱལ་ཁབ་གནོད་འགོག་གནོད་སེལ་ཨུ་ལྷན་གཞུང་དོན་ཁང་སོགས་སྡེ་ཚན་གསུམ་གྱིས་ཀྲུང་དབྱང་གི་གེགས་སེལ་དངོས་ཟོག་ཁྲི5.5མགྱོགས་མྱུར་ངང་གཏོང་སྤྲོད་བྱས་ཏེ་ཧྲའན་ཞིའི་འབྲུབ་འགོག་གེགས་སེལ་ལ་རྒྱབ་སྐྱོར་བྱས་པ་རེད། 

  • ཧྲང་ཧའེ་འགག་སྒོ་ལས་ཁུངས་ཀྱིས་སྡོམ་རྩིས་བྱས་པར་གཞིགས་ན། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་སྣེ་ཁྲིད་ཁུལ་བཏོད་ནས་ལོ་གསུམ་རིང་ཧྲང་ཧའེ་ཕུའུ་ཏུང་ཁུལ་གསར་དུ་རིམ་རྩིས་བྱས་ན་ཕྱི་ཕྱོགས་ཚོང་དོན་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་སྡོམ་འབོར་སྒོར་དུང་ཕྱུར་ཁྲི7.62ཟིན་པ་དང་། མཐོ་གསར་ལག་རྩལ་ཐོན་རྫས་ཕྱིར་གཏོང་ནང་འདྲེན་གྱི་བསྡུར་ཚད་བཅུ་ཆ་གསུམ་ལས་བརྒལ་ཡོད། 

3.jpg

  • པེ་ཅིང་མཁའ་འགྲུལ་དབྱིངས་སྐྱོད་སློབ་ཆེན་གྱི་ཚན་ཞིབ་ཚོགས་པས་རང་བརྟེན་གསར་སྤེལ་བྱས་པའི་ཞི་གློག་གློག་འཕྲུལ་གསར་པ་སྤྱད་དེ་ལྗིད་ཚད་ཁེ4.21ལས་མེད་པའི་ཉི་ནུས་སྒུལ་ཤུགས་ཀྱི་མི་མེད་གནམ་གྲུ་ཆུང་གྲས་ཞིབ་བཟོ་བྱས་ཤིང་། རང་བྱུང་འོད་ཁོ་ན་མཁོ་འདོན་འོག་རྒྱུན་མཐུད་ངང་འཕུར་སྐྱོད་ཐུབ་པ་མངོན་འགྱུར་བྱུང་། 

  • ཚེས18ཉིན། རི་ལན(日兰)མྱུར་བགྲོད་ལྕགས་ལམ་ཤར་གཏོང་ཐུབ་པ་དང་། རི་ཀྲའོ(日照)ནུབ་ཚུགས་ནས་ལན་ཁའོ(兰考)ལྷོ་ཚུགས་བར་མགྱོགས་ཤོས་ཆུ་ཚོད2དང་སྐར་མ26ནང་སླེབས་ཀྱི་ཡོད་པ་རེད། 

4.jpg

  • ཀྲུང་གོའི་མཚོ་སྣུམ་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། རང་རྒྱལ་གྱིས་རང་བརྟེན་ཇུས་འགོད་བསྐྲུན་པའི་ཞི་ཅང30-2Bལས་སྟེགས་དེ་ཀྲུའུ་ཅང་གཙང་པོའི་གཤོངས་སའི་ཆུའི་གཏིང་ཚད་སྨི་བརྒྱ་ཙམ་ཡོད་པའི་ཞི་ཅང་སྣུམ་ཞིང་དུ་སྒྲིག་སྦྱོར་བྱས་པ་རེད། 

  • 2024ལོར་ནན་ཅིང་དམར་གསོད་ཆེན་པོའི་ཁྲོད་སྟེས་དབང་གིས་སྲོག་ཉེན་ལས་ཐར་བའི་ཁྲེང་ཧྥུ་པའོ་དང་། ཁྲེན་ཀུའེ་ཞང་། ལིའུ་སུའུ་ཀྲེན། ཀའོ་རུའུ་ཆིན། ཧྲི་ཞིའུ་དབྱིན་བཅས་མི་ལྔ་སྔ་རྗེས་སུ་ཚེ་ལས་འདས། ཚེས18ཉིན་ནན་ཅིང་དམར་གསོད་ཆེན་པོའི་ནང་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླའི་དྲན་གསོ་ཁང་གིས་འདས་པའི་མི་སྣ་ལ་གློག་གཟིམ་མཛད་སྒོ་སྤེལ་བ་རེད།

སྲིད་ཇུས།

  • པེ་ཅིང་གིས་ཇུས་གཞི་བཏོན་ནས་ཕྱི་རྒྱལ་གྱི་མ་འཇོག་ཁེ་ལས་ཀྱིས་པེ་ཅིང་དུ་རྒྱལ་ཁོངས་ལས་བརྒལ་བའི་སྤྱི་གཉེར་ས་ཁུལ་ཀྱི་སྤྱི་ཁྱབ་པུ་འཛུགས་པ་དང་རེ་ཞུ་བྱེད་ཆོག་པ་ཡིན་ལ། ཆ་རྐྱེན་དང་མཐུན་པའི་འབྲེལ་ཡོད་རྒྱབ་སྐྱོར་སྲིད་ཇུས་ཀྱང་ལོངས་སུ་སྤྱོད་ཆོག་གི་ཡོད་པ་རེད། 

  • སི་ཁྲོན་ཁྲེང་ཏུའུ་ཡིས་བྱེད་ཐབས་པར་འགྲེམས་བྱས་པ་སྟེ། 2024ལོའི་ལོ་ཧྲིལ་པོའི་བཟའ་བཏུང་ལས་གཉེར་ཡོང་འབབ་འཕར་ཚད་དེ་གྲོང་ཁྱེར་ཡོངས་ཀྱི་ཆ་སྙོམས་འཕར་ཚད་ལས་མཐོ་བའི་བཟའ་བཏུང་ཁེ་ལས་ལ་བཟའ་བཏུང་ལས་གཉེར་ཡོང་འབབ་ལོ་གོང་མ་ལས་སྒོར་ཁྲི1000འཕར་བ་ལ་བྱ་དགའ་སྒོར་ཁྲི5སྤྲོད་རྒྱུ་རེད།

  • ཅང་སུའུ་སུའུ་ཀྲོའུ་ཡིས་རྒྱལ་ཡོངས་ཀྱི་ས་གནས་རང་བཞིན་གྱི་དམའ་ས་མཁའ་དབྱིངས་ཀྱི་འགྲིམ་འགྲུལ་སྒྲིག་སྲོལ་ཐོག་མ་ཁྱབ་བསྒྲགས་བྱས་ནས་དམའ་ས་མཁའ་དབྱིངས་ཀྱི་རིགས་དབྱེ་བེད་སྤྱོད་དང་སྟབས་བསྟུན་བཀོད་སྒྲིག་ལམ་སྲོལ་འཛུགས་རྒྱུ་བཏོན་པ་རེད། 

དེ་རིང་གི་གནམ་གཤིས། 

5.jpg

  • ཧོ་ནན་གྱི་ལྷོ་རྒྱུད་དང་། ཨན་ཧུའེ་ཡི་བྱང་རྒྱུད། ཅང་སུའུ་ཡི་བྱང་རྒྱུད། སི་ཁྲོན་གཤོངས་སའི་ཤར་རྒྱུད་དང་བྱང་རྒྱུད། ཧྲའན་ཞིའི་ལྷོ་རྒྱུད། ཀོང་ཞིའི་ལྷོ་རྒྱུད་མཚོ་རྒྱུད། ཀོང་ཏུང་གི་ལྷོ་རྒྱུད་མཚོ་རྒྱུད། ཡུན་ནན་གྱི་ལྷོ་རྒྱུད། ཧེ་ལུང་ཅང་གི་ལྷོ་རྒྱུད། ཅི་ལིན་གྱི་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་བ་ཆེན་པོ་ནས་དྲག་ཆར་འབབ་རྒྱུ་དང་། དེའི་ནང་སི་ཁྲོན་གཤོངས་སའི་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།