དེ་རིང་ནི2024ལོའི་ཟླ09པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

སངས་འབུམ་གྱིས་ཞོད་འགོག་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་བྱས།

2024-07-23 16:57:38   |   533

རྩོམ་སྒྲིག  སངས་དོན།  ཡོང་ཁུངས།  མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།  བཤེར་འབེབས།  རིན་ཆེན་ཚེ་རིང་།


ཟླ7པའི་ཚེས22ཉིན། ཁུལ་ཨུའི་རྒྱུན་ཨུའམ་མདའ་བཞི་རྫོང་ཨུའི་ཧྲུའུ་ཅི་སངས་འབུམ་གྱིས་མདའ་བཞི་རྫོང་གི་ཉེན་ཟོན་སྔོན་ཚུད་ཉེན་བརྡའི་གཙོ་གནད་ས་ཁུལ་དང་། ས་གཤིས་གནོད་འཚེའི་མངོན་མེད་རྐྱེན་ངན་གནས་ཚུལ། རྣམ་གྲངས་གལ་ཆེན་གྱི་ལས་གནས་བཅས་སུ་སོང་ནས་ཞོད་འགོག་གནོད་སེལ་དང་ས་གཤིས་གནོད་འཚེའི་འགོག་བཅོས། གཙོ་གནད་མངོན་མེད་རྐྱེན་ངན་གྲལ་བཤེར།“འབོད་སྐུལ་གཉིས”ཀྱི་ལམ་སྲོལ་དོན་འཁྱོལ་བྱས་ཏེ། མང་ཚོགས་གནས་སྤོ་ཉེན་གཡོལ་བྱེད་པ། འཕྲལ་སྡོམ་ལས་རེས་པའི་ལས་གནས་སྲུང་བ་སོགས་ཀྱི་གནས་ཚུལ་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཆུ་བོ་དང་མཚེའུ་ལ་སྐོར་ཞིབ་བྱེད་པའི་ལས་དོན་སྤེལ། 

1.jpg

ཁོང་གིས་བསྟན་དོན། ཞོད་འགོག་གེགས་སེལ་ལས་དོན་ཐད་ཀྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་གཏིང་ཟབ་བྱས་ཏེ། ཞིང་ཆེན་ཡོངས་དང་ཁུལ་ཡོངས་ཀྱི་ཞོད་འགོག་གེགས་སེལ་ལས་དོན་གྱི་བྱེད་ཐབས་ཁག་མགྱོགས་མྱུར་ངང་དོན་འཁྱོལ་ནུས་ལྡན་བྱས་ནས་ཞོད་འགོག་གེགས་སེལ་དང་བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་ཁག་དམ་འཛིན་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ཀྱི་མ་མཐའི་མཚམས་ཐིག་ནུས་ཤུགས་ཡོད་རྒུས་སྲུང་དགོས་ཞེས་ནན་བཤད་གནང་།

ཉེ་ཆར། བསྟུད་མར་དྲག་ཆར་བབས་པས་རྫོང་ཁོངས་ཀྱི་ཆུ་བོ་བྲུག་ཡོད། སངས་འབུམ་སྔ་རྗེས་སུ་ཨ་པུ་ཏ་ལ་ལུང་ཤུར་དང་དབུས་མདོ་གྲོང་ཚོའི་དབུས་མདོ་ཁ། དཔལ་དགེའི་གཙང་པོའི་གཡེར་མོའི་ལམ་སོགས་གཙོ་གནད་ས་ཁུལ་དང་། ས་གཤིས་གནོད་འཚེའི་མངོན་མེད་རྐྱེན་ངན་གནས་ཚུལ། ཤྭ་ལུང་ཆུ་མཛོད་ལས་གྲྭ་བཅས་སུ་སོང་ནས་གནས་ཚུལ་རྒྱུས་ལོན་བྱས་ཤིང་། འབྲོག་པ་མང་ཚོགས་ཀྱི་ཁྱིམ་དུ་སོང་ནས་ཕྱིར་འཐེན་དང་གནས་སྤོ་བྱེད་པའི་དྲིལ་སྒྲོག་སྐུལ་སློང་བྱས། རང་ཞིང་ཆེན་གྱི་རེས་སྐོར་འདིའི་དྲག་ཆར་བབས་རིང་ཞོད་འགོག་ལས་དོན་གྱི་ཛ་དྲག་རང་བཞིན་དང་རྙོག་འཛིང་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་དགོས་པ་དང་། སྣང་ཆུང་བསམ་བློ་དང་ལྷོད་གཡེང་སེམས་ཁམས་གཏན་འགོག་མཐའ་གཅིག་ཏུ་བྱས་ནས་དུས་དང་རྣམ་པ་ཀུན་ཏུ་ཞོད་འགོག་གྲ་སྒྲིག་དང་གནོད་འཚེ་ཆུང་དུ་གཏོང་བའི་ལས་དོན་ཁག་དམ་འཛིན་ཡག་པོ་བྱས་ཏེ། ཞོད་འགོག་བདེ་འཇགས་ངང་སྒྲོལ་ཐུབ་པའི་འགན་ལེན་མཐའ་གཅིག་ཏུ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

གནམ་གཤིས་སྔོན་བརྡའི་ཉེན་བརྡ་ལ་དོ་སྣང་ཆེན་པོ་བྱེད་པ་དང་། སྔོན་ཚུད་ཉེན་བརྡའི་ཁྱབ་ཁོངས་དེ་ཡུལ་ཚོ་དང་གྲོང་ཚོའི་བྱེ་བྲག་གི་ས་གནས་སུ་ཞིབ་ཚགས་བཟོས་ནས། རྫོང་རིམ་པའི་མགོ་ཁྲིད་ཀྱིས་སྣེ་ཁྲིད་དེ་ཡུལ་ཚོ་དང་གྲོང་ཚོ། ལས་བགོས་དོ་དམ་ཁྱབ་ཁོངས་བཅས་སུ་ཟབ་ཞུགས་བྱས་ཏེ་རི་བོ་དང་ཆུ་བོ། ཆུ་མཛོད་དང་ཆུ་རགས། ཟམ་པ། ས་གཤིས་གནོད་འཚེའི་མངོན་མེད་རྐྱེན་ངན་ཁུལ། གཏེར་ཁའི་མཛོད་ཁང་། མཛེས་ལྗོངས་ཁུལ། སློབ་གྲྭ་དང་དགོན་སྡེ། འཛུགས་སྐྲུན་ལས་གནས། དབྱར་ས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཞོད་སྐྱོན་སོགས་གཙོ་གནད་ས་གནས་ལ་དམིགས་ནས་རྒྱུན་ཆད་མེད་པར་ལྟ་སྐུལ་མཛུབ་ཁྲིད་དང་གྲལ་བཤེར་བྱས་ཏེ། ནོར་འཁྲུལ་མི་འབྱུང་པ་འགན་ལེན་བྱེད་དགོས། འཕྲལ་སྡོམ་དངོས་ཟོག་སྒྲིག་ཆས་ལ་ཤུགས་སྣོན་བརྒྱབ་སྟེ་ཉེན་ཁ་ཆེ་བའི་སྐབས་སུ་མགྱོགས་མྱུར་དང་ལེན་དང་རོགས་སྐྱོབ་ནུས་ལྡན་ཐུབ་པའི་འགན་ལེན་དང་། སྤྱོད་དགོས་མིན་གྱི་གནས་ཚུལ་གང་རུང་ལ་ཐུག་ཀྱང་གྲ་སྒྲིག་ལྷོད་མི་རུང་བའི་བླང་བྱ་བཏོན་པ་དང་། ཆུ་ཚོད24ཡི་ལས་རེས་པའི་ལས་རེས་ལམ་ལུགས་ལག་བསྟར་ནན་པོ་བྱས་ཏེ་རང་འགན་མཐའ་གཅིག་ཏུ་སྲུང་དགོས་པའི་བླང་བྱ་བཏོན།

2.jpg

ལྟ་སྐུལ་མཛུབ་ཁྲིད་བྱེད་རིང་། སངས་འབུམ་གྱིས་རྫོང་རིམ་པའི་མགོ་ཁྲིད་ཚོས་ཡུལ་ཚོ་དང་གྲོང་རྡལ་དུ་ལས་རེས་བྱེད་པ་དང་རྫོང་ཡོངས་ཀྱི་ཞོད་འགོག་གནོད་འཚེ་ཆུང་དུ་གཏོང་བའི་ལས་དོན་ལ་སླར་ཡང་བཀོད་སྒྲིག་གནང་།


མཉམ་སྤྱོད།