དེ་རིང་ནི2024ལོའི་ཟླ09པའི་ཚེས17ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཤ་བོ་སྐྱབས་ཀྱིས་རྐང་ཚ་རུ་ཞོད་འགོག་བྱ་བར་ལྟ་སྐུལ་མཛུབ་ཁྲིད་གནང་།

2024-07-23 21:19:00   |   351

སྒྲིག་སྒྱུར།  སངས་དོན།    ཡོང་ཁུངས།  མཚོ་བྱང་ཏང་དོན་སྐད་འཕྲིན་སྤྱི་སྟེགས།   བཤེར་འབེབས།   རིན་ཆེན་ཚེ་རིང་།


ཟླ7པའི་ཚེས22ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས"གནད་དོན་དང་དམིགས་འབེན། མཇུག་འབྲས་ལ་དམིགས་པའི་བྱེད་ཕྱོགས"རྒྱུན་འཁྱོངས་སྒོས"མི་བྱེད་པ་བཞི་དང་ཐད་ཀར་གཉིས"ལྟར་རྐང་ཚ་རྫོང་དུ་ཕྱིན་ནས་ཞོད་འགོག་གནས་ཚུལ་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་གནང་།

0001.jpg

ཤ་བོ་སྐྱབས་ཀྱིས་འོམ་ཆུ་གྲོང་རྡལ་གྱི་གཙོ་གནད་ཆུ་བོ་དང་ཞོད་སྐྱོན་འབྱུང་སླ་བའི་ས་ཆ། གསེར་ཉའི་གཞིས་ཁྱིམ་ལྗོངས་ཁུལ་བཅས་སུ་ཡུལ་དངོས་ནས་ཞོད་འགོག་ཆུ་རགས་བརྟན་བཟོ་དང་ཆུའི་རབ་ཁ་ལྟ་ཞིབ་ཚད་ལེན་སོགས་ཀྱི་གནས་ཚུལ་ལ་གཟིགས་ཞིབ་གནང་བ་དང་། རྐང་ཚ་རྫོང་གཡུ་དཀར་འོམ་ལུང་ཡུལ་ཚོའི་མཁོ་བསྟུན་གེགས་སེལ་དངོས་ཟོག་གྲབས་གསོག་སྣ་ཁ་དང་གྲངས་འབོར་ལ་གཟིགས་ཞིབ་གནང་ཞིང་། འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བའི་སྙན་ཞུར་ཉན། ཤ་བོ་སྐྱབས་ཀྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞོད་འགོག་གེགས་སེལ་བྱ་བའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་དང་། “མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ”རྒྱུན་འཁྱོངས་བྱས་ཏེ། ནུས་ཤུགས་ཡོད་རྒུས“ཟླ་བདུན་པའི་ཟླ་སྨད་དང་ཟླ་བརྒྱད་པའི་ཟླ་མགོའི”ཞོད་འགོག་འགག་རྩའི་དུས་སྐབས་ལ་སྟོབས་ཤུགས་བཏོན་ནས་ཞིང་ཆེན་ཡོངས་ཀྱི་ཞོད་འགོག་བྱ་བའི་བརྙན་ལམ་བཀོད་གཏོང་ཚོགས་འདུའི་བླང་བྱ་ལག་བསྟར་དོན་འཁྱོལ་དང་། དངོས་ཟོག་གྲབས་གསོག་ཆ་ཚང་བ་དང་བྱ་བའི་ལམ་ལུགས་འཐུས་ཚང་བ། མཁོ་བསྟུན་སྔོན་ཇུས་ལག་བསྟར་བྱེད་འཐུས་པ། སྟོབས་ཤུགས་གཅིག་སྒྲིལ་གྱི་ཞོད་འགོག་ལས་རྣམ་ཆགས་པར་བྱས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་རོང་འབྲོག་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་ལེན་བྱ་དགོས་ཟེར།

0002.jpg

  ཤ་བོ་སྐྱབས་ཀྱིས་ནན་གྱིས་བསྟན་དོན། ཁུལ་དང་རྫོང་། ཡུལ་ཚོ་བཅས་རིམ་པ་གསུམ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་ཆབ་སྲིད་ཀྱི་ལངས་གནས་སྔར་ལས་མཐོ་རུ་བཏང་ནས་ཞོད་འགོག་བྱ་བའི་གལ་ཆེའི་རང་བཞིན་དང་དགོས་གཏུག་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱེད་དགོས་པ་སྟེ། གཅིག་ནས་ཞིང་ཆེན་ཡོངས་ཀྱི་ཞོད་འགོག་བྱ་བའི་བརྙན་ལམ་བཀོད་གཏོང་ཚོགས་འདུའི་ཐོག་བཏོན་པའི"གཙོ་གནད་བཅུའི"བྱ་བའི་བླང་བྱ་དོན་འཁྱོལ་ནན་མོ་བྱེད་དགོས་པ་དང་། འགན་ནུས་སྡེ་ཁག་སོ་སོས་བྱ་བའི་འགན་འཁྲི་ལྟར་ཞོད་འགོག་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་། དེར་མཐུན་གྱི་བཅོས་སྒྲིག་བྱ་བའི་གསལ་ཐོ་བཟོས་ཏེ། དུས་ཐོག་ཏུ་ཉེན་ཁ་བཟློག་ཐུབ་པའི་འགན་ལེན་བྱེད་དགོས། གཉིས་ནས་ཞོད་འགོག་གི་བྱེད་པོའི་འགན་འཁྲི་དང་ཁོངས་གཏོགས་ས་ཆའི་དོ་དམ་འགན་འཁྲི་མཐའ་གཅིག་ཏུ་འཁུར་ནས། ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བ། མངོན་མེད་རྐྱེན་ངན་གྲལ་བཤེར་དང་མཁོ་བསྟུན་ཐག་གཅོད། མང་ཚོགས་གནས་སྤོ་སོགས་ཀྱི་བྱ་ཐབས་སོ་སོ་དོན་འཁྱོལ་ཞིབ་ཚགས་བྱས་ཏེ། བུ་ཧ་ཆུ་བོ་དང་མཚོ་འཁྱིལ་ཆུ་བོའི་བཞུར་ཚད་ལ་དོ་ཁུར་ཆེན་པོ་བྱེད་པ་དང་ཁེ་རམ་ཐང་དང་ལྷ་ཆབ་ཁུག་སོགས་ལྗོངས་ཁུལ་གྱི་ཞོད་འགོག་བྱ་བར་ཚད་མཐོའི་མཐོང་ཆེན་བྱེད་དགོས། འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་སོ་སོས་འབྲེལ་གཏུག་རོགས་སྐྲུན་དང་གཞོགས་འདེགས་མཉམ་འགུལ་ལ་ཤུགས་བསྣན་ནས་བྱ་བའི་མཉམ་ཤུགས་ཆགས་པར་བྱེད་དགོས། གསུམ་ནས་གཞི་རིམ་གྱི་ཞོད་འགོག་གེགས་སེལ་དྲིལ་སྒྲོག་བྱེད་ཤུགས་ཆེ་རུ་གཏོང་བ་དང་ས་གནས་སོ་སོ་དང་སྡེ་ཁག་སོ་སོས་གཞི་རིམ་ལས་བྱེད་པ་དང་མང་ཚོགས་ཀྱི་གནོད་འཚེ་ཤེས་རྟོགས་དང་སྔོན་འགོག དེར་གཡོལ་བའི་འདུ་ཤེས་དང་ནུས་པ་ཆེ་རུ་གཏོང་རྒྱུར་དོ་སྣང་བྱས་ཏེ། མང་ཚོགས་སྒྲིག་འཛུགས་བྱས་ནས་ཞོད་འགོག་ཉེན་གཡོལ་གྱི་ཤེས་བྱར་སློབ་སྦྱོང་བྱེད་པ་དང་། སྨྱན་སྦྱོར་གསར་པ་སོགས་དྲ་རྒྱའི་ལས་སྟེགས་སྣ་ཚོགས་ལ་བརྟེན་ནས་ཞོད་འགོག་ཤེས་བྱ་ཁྱབ་གདལ་གཏོང་བ། མི་ཚོགས་འདུར་རར་ཞོད་འགོག་གི་སྤྱི་བསྒྲགས་འབྲི་བ་དང་བྲེལ་མྱུར་ཕྱིར་འཐེན་གྱི་ལམ་ཐིག་བཟོ་བ། སྒྲ་ཆས་སྤྱད་ནས་སྐད་གསེང་མཐོན་པོའི་སྒྲོག་པ། ཁྱིམ་ཚང་དུ་སོང་ནས་དྲིལ་སྒྲོག་བྱེད་པ་སོགས་ཀྱི་བྱ་ཐབས་སྣ་ཚོགས་སྤྱད་དེ། ཞོད་འགོག་བྱ་བའི་དྲིལ་སྒྲོག་བྱེད་ཤུགས་ཆེ་རུ་གཏོང་བ་དང་མང་ཚོགས་ཀྱི་གེགས་བཟློག་རང་སྐྱོབ་ནུས་པ་སྔར་ལས་ཆེ་རུ་གཏོང་དགོས། བཞི་ནས་ཆ་འཕྲིན་སྔོན་བརྡ་གཏོང་བ་དང་དངོས་ཟོག་གྲབས་གསོག་ཡག་པོ་བྱེད་དགོས་པ་དང་། གནམ་གཤིས་ལས་ཁུངས་ཀྱིས་སྔོན་བརྡའི་ཆ་འཕྲིན་དུས་ཐོག་ཏུ་སྤེལ་ནས་ ཁུལ་ཡོངས་ཀྱིས་ཞོད་དུས་བདེ་བླག་སྒྲོལ་བར་ཆ་འཕྲིན་གྱི་འགན་ལེན་བྱེད་དགོས། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་དུས་གཅིག་ཏུ་གཙོ་གནད་ས་ཁུལ་གྱི་མི་སྣ་ཁ་འགྲེམ་གནས་སྤོ་ཡག་པོ་བྱས་ཏེ། དངོས་ཟོག་གྲབས་གསོག་འདང་ངེས་དང་དོ་དམ་གོ་རིམ་ལྡན་པ། གཏོང་སྤྲོད་དུས་ཐོག་བཅས་ཡོང་བའི་འགན་ལེན་བྱས་ནས་གེགས་འགོག་གེགས་སེལ་གྱི་བྱ་བ་བདེ་བླག་ངང་སྤེལ་རྒྱུར་འགན་ལེན་བྱ་དགོས་ཟེར།

ཁུལ་ཨུའི་རྒྱུན་ཨུའམ་འཐབ་ཕྱོགས་གཅིག་གྱུར་པུའི་པུ་ཀྲང་མགོན་པོ་ཚེ་བརྟན་དང་། ཁུལ་ཨུའི་གཞུང་ལས་ཁང་དང་རྐང་ཚ་རྫོང་ཨུའི་འགན་ཁུར་བློ་མཐུན་གཙོ་བོ་བཅས་ཀྱིས་ཕེབས་རོགས་བྱས།


མཉམ་སྤྱོད།