དེ་རིང་ནི2024ལོའི་ཟླ09པའི་ཚེས08ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-07-24 07:36:12   |   911

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  •   ཟླ7པའི་ཚེས23ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཅིན་ཕིང་གིས་པའོ་ལུའོ·ཁ་ཅ་མའེ(保罗•卡加梅)ལ་གློག་འཕྲིན་བཏང་ནས་ཁོང་རུ་ཝང་ཏ(卢旺达)སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་བདམས་ཐོན་བྱུང་བར་བཀྲ་ཤིས་རྟེན་འབྲེལ་ཞུས།

  • ཟླ7པའི་ཚེས23ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཅིན་ཕིང་གིས་སྐབས་དྲུག་པའི་ཀྲུང་ཨུའི་ནུས་རྒྱུའི་ཚོང་དོན་གླེང་སྟེགས་ལ་རྟེན་འབྲེལ་ཞུ་འཕྲིན་སྤྲིངས།

  • རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་སོགས་སྡེ་ཚན་ལྔ་ཡིས《ཆུ་གྲོན་ཆུང་ཐོན་ལས་འཕེལ་རྒྱས་མགྱོགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》པར་འགྲེམས་བྱས་ཤིང་། 2027ལོར་སླེབས་སྐབས་ཆུ་གྲོན་ཆུང་ཐོན་ལས་ཀྱི་གཞི་ཁྱོན་དུང་ཕྱུར་ཁྲི་ཟིན་དགོས་ཞེས་བཏོན་ཡོད།

  • ད་ལོའི“རྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིག”གི་འཆར་གཞི་ལག་བསྟར་བྱེད་མགོ་ཁྱོན་ཡོངས་ནས་ཚུགས་པ་དང་། ཀྲུང་དབྱང་ནོར་སྲིད་ཀྱིས་མཐར་ཕྱིན་སློབ་མ་ཁྲི3.44བསྡུ་རྒྱུར་རྒྱབ་སྐྱོར་བྱས་ཡོད།

  • བཟོ་ལས་དང་ཆ་འཕྲིན་པུས་གནས་ཚུལ་སྤེལ་བར་གཞིགས་ན། རང་རྒྱལ་དུ་རྒྱལ་ཁབ་དང་ཞིང་ཆེན། གྲོང་ཁྱེར། རྫོང་བཅས་རིམ་པ་བཞིའི་ཁེ་ལས་ཆུང་འབྲིང་གི་སྤྱི་པའི་ཞབས་ཞུའི་སྒྲིག་གཞི1780ལྷག་ཙམ་བཙུགས་ཡོད།

  • རྒྱལ་ཁབ་ལྕགས་ལམ་ཚོགས་པས་གནས་ཚུལ་སྤེལ་བར་གཞིགས་ན། ཚེས22ཉིན་བར་རྒྱལ་ཡོངས་ལྕགས་ལམ་གྱི་དབྱར་ཁའི་སྐྱེལ་འདྲེན་འགྲུལ་པ་མི་ཐེངས་དུང་ཕྱུར3ལས་བརྒལ་ཞིང་དུས་མཚུངས་ལས6.5%འཕར་ཡོད།

  • ཚེས23ཉིན་རང་བྱུང་ཐོན་ཁུངས་པུ་དང་ཧྲང་ཧའེ་དངུལ་འཛིན་ཉོ་ཚོང་ཁང་གིས་མཉམ་འབྲེལ་ཐོག“ཀྲུང་གོའི་རྒྱ་མཚོའི་དཔལ་འབྱོར་མ་རྐང་འཛིན་ཤོག་གི་རིན་གོང་སྟོན་གྲངས”ཁྱབ་བསྒྲགས་བྱས།

1.jpg

  • རང་རྒྱལ་གྱི་མི་བཞུགས་མེ་ཤུགས་སྐྱེལ་འདྲེན་འཕུར་མདའ་རབས་གསར་པའི་རིམ་པ་གསུམ་པའི་གཤེར་ཆིང་གཤེར་དབྱང་སྒུལ་བྱེད་འཕྲུལ་འཁོར་གྱི་ཐག་རིང་སྤུས་དག་དཔེ་དབྱིབས་ཚོད་ལྟ་ལེགས་འགྲུབ་བྱུང་།

  • རང་རྒྱལ་གྱི་ཚན་རིག་མཁས་ཅན་གྱིས་ཟླ་བའི་ས་རྒྱུའི་ཁྲོད་ཆུའི་ཆ་རྡུལ་ཐོག་མར་ཤེས་རྟོགས་བྱུང་། འབྲེལ་ཡོད་དཔྱད་འབྲས་ཉེ་ཆར་རིག་གཞུང་དུས་དེབ《རང་བྱུང་དང་གནམ་དཔྱད་རིག་པ》ཞེས་པའི་ཐོག་གློག་རྡུལ་པར་མ་སྤེལ་ཡོད།

2.png

  • ཚེས23ཉིན་ཕ་ལེ་སི་ཐན(巴勒斯坦)གྱི་ཕྱོགས་ཁག་ཁག་གིས་པེ་ཅིང་དུ《ཁ་བྲལ་མཇུག་སྒྲིལ་ནས་ཕ་ལེ་སི་ཐན་གྱི་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་པའི་པེ་ཅིང་གི་བསྒྲགས་གཏམ》ལ་མིང་རྟགས་བཀོད།

    སྤྱི་ཚོགས།

3.jpg

  • རྒྱ་མཚོའི་རླུང་འཚུབ“ཀེ་མེ”དེ་རིང་དགོང་མོ་ཐའེ་ཝན་གླིང་ཕྲན་དུ་ཐོན་རྒྱུ་རེད། སང་ཉིན་ཧྥུ་ཅན་གྱི་མཚོ་རྒྱུད་ནས་སྐམ་སར་འཛེག་རྒྱུ་ཡིན་པས་རྒྱ་མཚོའི་རླུང་འཚུབ་ཧ་ཅང་ཆེན་པོར་འགྱུར་སྲིད། ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་རྒྱ་མཚོའི་རླུང་འཚུབ་ཀྱི་ལི་མདོག་གི་ཉེན་བརྡ་བཏང་།

4.jpg

  • ཀྲུང་དབྱང་གནམ་གཤིས་བརྟག་དཔྱད་ཁང་གིས་མུ་མཐུད་དུ་དྲོད་ཚད་མཐོ་བའི་ལི་མདོག་གི་ཉེན་བརྡ་བཏང་བ་སྟེ། དེ་རིང་ཅང་ཧན་དང་། ཅང་ཧོའེ་ཡི་ནུབ་རྒྱུད། འབྲི་ཆུའི་ལྷོ་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་ཀྱི་དྲོད་ཚད་མཐོ་ཤོས37~39℃ཡིན་པ་དང་། ས་ཁུལ་ལ་ལའི་དྲོད་ཚད40℃ཡན་ལ་སླེབས་རྒྱུ་རེད།

  • ཚེས23ཉིན་རང་རྒྱལ་གྱིས་བཟོས་པའི་སྐམ་ཆུ་གཉིས་འཕུར་གནམ་གྲུAG600གྱི་བཟོ་དབྱིབས་ཞིབ་བཤེར་ལ་ཆོག་མཆན་ཐོབ་པ་དང་། ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུས་ཞིབ་བཤེར་གཏན་འབེབས་བྱས་པའི་ཚོད་ལྟའི་འཕུར་སྐྱོད་དུས་མཚམས་སུ་དངོས་སུ་སླེབས།

  • རང་རྒྱལ་གྱི་རང་བརྟེན་ཐོན་སྐྱེད་བྱས་པའི་སྦྲག་སྐྱེལ་གྲུ་གཟིངས་ཆེ་གྲས་གཉིས་པ་དེ2026ལོའི་ལོ་མཇུག་ཏུ་རྩིས་སྤྲོད་བྱ་རྒྱུའི་འཆར་གཞི་ཡོད་པ་དང་། 2027ལོར་ཀོང་ཀྲོའུ་གྲུ་ཁ་ནས་གཉེར་སྐྱོང་བྱེད་རྒྱུ་རེད།

  • ཧྲེན་དབྱང་འབྲིང་རིམ་ཁྲིམས་ཁང་གིས་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་དེ་སྔའི་པུ་ཀྲང་གཞོན་པའམ་རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུའི་དེ་སྔའི་ཅུ་ཀྲང་ཚུའེ་མའོ་ཧུའུ་ཡིས་ལྐོག་རྔན་བླངས་པའི་གྱོད་གཞིའི་འདྲི་གཅོད་དང་པོའི་བཅད་ཁྲ་ཁྱབ་བསྒྲགས་བྱས་པ་སྟེ། ཚུའེ་མའོ་ཧུའུ་ལ་དུས་བཙོན་ལོ11གྱི་ཁྲིམས་ཐག་བཅད།

  • ཀྲུང་གོའི་རྐང་གྲུག་མཐུན་ཚོགས་ཀྱིས་ཆིང་ཏའོ་གྲོང་ཁྱེར་ཀྲུང་གོའི་རུ་ཁག་གི་འཛམ་གླིང་གྲ་སྒྲིག་འགྲན་སྡུར་གྱི་ཟླ10པའི་གཙོ་འགན་འཁུར་མཁན་གྲོང་ཁྱེར་དུ་བདམས།

5.jpg

  • སན་ཞིང་ཏུའེ་རྟེན་མཛོད་ཁང་གིས་ས་འོག་ནས་གསར་དུ་བཏོན་པའི་རིག་དངོས་སྲུང་སྐྱོང་ཉམས་གསོའི་གྲུབ་འབྲས་གཅིག་སྡུད་ཐོག་འགྲེམ་སྟོན་བྱས། དེའི་ནང་ལི་ཆས་དང་། གསེར་གྱི་ཡོ་བྱད། གཡང་ཊིའི་ཡོ་བྱད། བ་སོ་སོགས་ཡོ་བྱད་ཚུད་པ་དང་། ལོ་མཇུག་བར་རྒྱུན་མཐུད་འགྲེམ་སྟོན་བྱ་རྒྱུ་རེད།

6.jpg

  •   ཚེས27ཉིན་བརྙན་འཕྲིན་ཟློས་གར《རྣམ་པར་བཀྲ་བའི་མེ་ཏོག》ཅེས་པའི་བརྙན་འཕྲིན་ཕབ་ལེན་བྱ་ཡུལ་ཏེ་ཧྲང་ཧའེ་གློག་བརྙན་བརྙན་འཕྲིན་དགའ་ཚལ་གྱི“རྨ་ཆུའི་བཞུར་ལམ”གནས་སྐོར་བར་དངོས་སུ་སྒོ་ཕྱེ་རྒྱུ་རེད།

    སྲིད་ཇུས།

  • མི་ཤུགས་དང་སྤྱི་ཚོགས་འགན་སྲུང་པུས་སྲིད་ཇུས་གསར་པ་བཏོན་པ་སྟེ། ཧྥུ་ཅན་གྱིས་མཚོ་འགག་ངོགས་གཉིས་མཉམ་འདྲེས་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་འཚོལ་ཞིབ་བྱ་རྒྱུར་རྒྱབ་སྐྱོར་བྱེད་རྒྱུ་དང་། དེའི་ནང་ཐའེ་ཝན་སྤུན་ཟླའི་སྤྱི་ཚོགས་འགན་སྲུང་ཞབས་ཞུ་ལེགས་སུ་གཏོང་བ་སོགས་ཕྱོགས་བཞིའི་ཐད་ཀྱི་ཞིབ་ཕྲའི་བྱ་ཐབས་ཚུད།

  • ཐེན་ཅིན་གྱིས་ལག་བརྒྱུད་རླངས་འཁོར་ཕྱིར་འཚོང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་འགའ་ཁྱབ་བསྒྲགས་བྱས་པ་སྟེ། ལག་བརྒྱུད་རླངས་འཁོར་ཕྱིར་གཏོང་ཆོག་འཐུས་ལག་ཁྱེར་གཉེར་རྒྱུའི་དུས་ཚད་དེ་ལས་ཀའི་ཉིན་གསུམ་ནང་ཉུང་དུ་གཏོང་རྒྱུ་ཁ་གསལ་བཟོས།

  • ཀོང་ཏུང་སྤྱི་བདེ་ཡིས་དབྱར་ཁའི་གུང་གསེང་རིང་ལག་ཁྱེར་གཉེར་བའི་སྟབས་བདེའི་བྱ་ཐབས་ཁག་བཞི་བཏོན། ཞིང་ཆེན་ནང་ཁུལ་གྱི་ཐེམ་ཐོ་དང་གྲོང་མིའི་ཐོབ་ཐང་ལག་ཁྱེར་བཟོ་བར“དྲ་ཐོག་ལས་སྒྲུབ”ནས་བཟོས་ཆོག་པ་དང་། ལོ16མན་གྱི་གྲོང་མིའི་ཐོབ་ཐང་ལག་ཁྱེར“མངགས་བཅོལ་ལས་སྒྲུབ”ནས་བཟོས་ཆོག

    དེ་རིང་གི་གནམ་གཤིས།

7.jpg

  •   ནང་སོག་གི་ཧོ་ཐའོ་ས་ཁུལ་དང་། ཅི་ལིན་གྱི་ཤར་རྒྱུད། ལིའོ་ཉིང་གི་དབུས་རྒྱུད། ཀན་སུའུ་ཡི་ཤར་རྒྱུད། ཧྲའན་ཞིའི་དབུས་ལྷོ་རྒྱུད། ཁྲོན་ནུབ་ས་མཐོའི་བྱང་རྒྱུད། སི་ཁྲོན་གཤོངས་སའི་ནུབ་རྒྱུད། ཐའེ་ཝན་གླིང་ཕྲན་གྱི་ས་ཁུལ་མང་ཆེ་བ་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད། སི་ཁྲོན་གཤོངས་སའི་ནུབ་རྒྱུད། ཐའེ་ཝན་གླིང་ཕྲན་གྱི་ཤར་རྒྱུད་དང་ལྷོ་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་དྲག་ཆར་ཧ་ཅང་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།