དེ་རིང་ནི2024ལོའི་ཟླ09པའི་ཚེས08ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-07-25 07:28:10   |   454

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཞ་མོན་མཁའ་འགྲུལ་ཚད་ཡོད་སྤྱི་གཉེར་བཙུགས་ནས་ལོ་ངོ40འཁོར་བའི་དུས་འདིར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞ་མོན་མཁའ་འགྲུལ་སྤྱི་གཉེར་གྱི་ལས་མི་ཡོངས་ལ་འཕྲིན་ལན་སྤྲིངས་ནས་ཁོང་ཚོར་རྟེན་འབྲེལ་ཞུས་ཤིང་རེ་སྐུལ་ནན་མོ་བཅངས།

  • ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཡིག་ཆ་དང་སློབ་སྦྱོང་གི་ཟུར་ཁྲིད་དཔྱད་ཡིག་པེ་ཅིང་དུ་ཐོག་མར་འགྲེམ་སྤེལ་བྱས།

  • ཞིང་ལས་དང་གྲོང་གསེབ་པུས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོར་རྒྱལ་ཡོངས་ཀྱི་སྟོན་འབྲུའི་རྒྱ་ཁྱོན་ལོ་གོང་མ་ལས་བརྟན་པོའི་ངང་འཕར་བ་དང་ལོ་ཁ་ཡག

  • ཚེས24ཉིན་ནོར་སྲིད་པུས་དུས་ཡུན་ལོ30ཡི་ཡུན་རིང་ཅན་གྱི་དམིགས་བསལ་རྒྱལ་བུན་སྒོར་དུང་ཕྱུར550འགྲེམ་སྤེལ་བྱས་པ་དང་སྐྱེད་ཀ2.47%ཡིན།

  • ཆེས་མཐོའི་ཁྲིམས་ཁང་ནས་གནས་ཚུལ་སྤེལ་བར་གཞིགས་ན། ལོ་སྟོད་དུ་རྒྱལ་ཡོངས་ཁྲིམས་ཁང་གིས་གློག་འཕྲིན་དྲ་རྒྱའི་མགོ་སྐོར་གཏོང་བའི་གྱོད་གཞི་ཁྲི1.5ཞིབ་གཅོད་བྱས་ཏེ་མཇུག་སྒྲིལ། དེ་དུས་མཚུངས་ལས22.9%འཕར་ཡོད།

  • ཆེས་མཐོའི་ཞིབ་དཔྱོད་ཁང་གིས་ཡིག་ཆ་བཏང་ནས་ཁྲིམས་འཛིན་འགན་འཁྲིའི་ལམ་ལུགས་ཕྱོགས་ཡོངས་ནས་གནད་ལ་འཁེལ་བའི་སྒོ་ནས་དོན་འཁྱོལ་བྱས་ཏེ། ཞིབ་དཔྱོད་མི་སྣས་གྱོད་གཞི་སྒྲུབ་རིང་ལས་འཛོལ་ཚབས་ཆེན་བཟོས་ནས་མཇུག་འབྲས་ཚབས་ཆེན་བྱུང་ན་ཁྲིམས་འཛིན་འགན་འཁྲི་འཁུར་དགོས་པ་ཁ་གསལ་བཟོས།

  • ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་བདུན་པའི་གྲ་སྒྲིག་ལས་དོན་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་དེ། རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས50ལྷག་ཙམ་གྱིས་འགྲེམ་སྟོན་ནང་ཞུགས་རྒྱུ་གཏན་འཁེལ་བྱས་པ་དང་གན་རྒྱ་བཞག་པའི་འགྲེམ་སྟོན་རྒྱ་ཁྱོན་ཁ་སྨི་ཁྲི36ལས་བརྒལ་ཡོད།

1.jpg

  • ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པས་ཁྱབ་བསྒྲགས་བྱས་པ་ལྟར་ན། ཕིང་ཕང་སྤོ་ལོའི་ལུས་རྩལ་པ་མཱ་ལུང་དང་སྣ་མང་ཆུ་རྐྱལ་ལུས་རྩལ་པ་ཧྥེང་ཡུས་ཀྱིས་ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ཀྱི་མགོ་རྩོམ་མཛད་སྒོའི་སྟེང་ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པའི་རུ་དར་འཁྱེར་མཁན་བྱེད་རྒྱུ་རེད།

  • ཧྥ་རན་སེའི་ཨའར་པེ་སི་ས་ཁུལ(阿尔卑斯山地区)དང་ཨ་རིའི་ཡན་ཧུའུ་གྲོང་ཁྱེར(盐湖城)ལ2030ལོ་དང2034ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་གཉེར་བའི་དབང་ཆ་ཐོབ།

    སྤྱི་ཚོགས།

2.jpg

  • རྒྱ་མཚོའི་རླུང་འཚུབ་དྲག་པོ“ཀེ་མའེ”དེ་རིང་ཕྱི་དྲོ་ནས་མཚན་མོའི་བར་ཧྥུ་ཅན་རྒྱུད་ཀྱི་མཚོ་རྒྱུད་ནས་སྐམ་སར་འཛེག་རྒྱུ་དང་། ཞིང་ཆེན10ལྷག་ཙམ་ལ་ཤུགས་རྐྱེན་ཐེབས་སྲིད་རྒྱུ་རེད། ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་མུ་མཐུད་དུ་རྒྱ་མཚོའི་རླུང་འཚུབ་ཀྱི་ཉེན་བརྡ་དམར་པོ་བཏང་།

  • འདས་ཟིན་པའི་ཉིན་གསུམ་ནང་ཀན་སུའུ་ལུང་ནན་གྲོང་ཁྱེར(陇南市)དུ་དྲག་ཆར་བབས། ཚེས24ཉིན་གྱི་ཆུ་ཚོད3པའི་བར་གྲོང་ཁྱེར་ཡོངས་ཀྱི་རྫོང་དང་ཆུས3གྱི་མི13000ལྷག་ཙམ་ལ་གནོད་འཚེ་ཕོག་པ་དང་། རིམ་རྩིས་བྱས་ན་མི5622ཆུ་ལོག་ལ་གཡོལ་ཆེད་གནས་སྤོས།

  • ལས་འཁྱུར་དམག་མིའི་ལས་དོན་པུ་ཡིས་བརྡ་ཐོ་བཏང་སྟེ། ས་གནས་ཁག་གིས་ལས་འཁྱུར་དམག་མིའི་དང་བླངས་པ་སྒྲིག་འཛུགས་བྱས་ཏེ་འབྲུབ་འགོག་གེགས་སེལ་ཧུར་ཐག་གིས་སྒྲུབ་དགོས་ཞེས་བསྟན།

  • གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་གྱིས་ལོ་འཁོར་གྱི་ཚན་རྩལ་གསར་གཏོད་ཕུལ་བྱུང་ཁེ་ལས་ཀྱི་མིང་གཞུང་ཐོག་མར་བཟོས་པ་དང་། ཀྲུང་གོ་སྤོ་སྒུལ་སོགས་ཀྲུང་དབྱང་ཁེ་ལས26མིང་ཐོའི་ནང་ཚུད་འདུག

3.jpg

  • རང་རྒྱལ་ནས་བཟོས་པའི་འགྲུལ་སྐྱེལ་གནམ་གྲུARJ21ཡིས་ཁ་ཧྲི་ནས་ཝུ་ལུའུ་མུའུ་ཆིའི་བར་གྱི་མཁའ་ལམ་གསར་པ་བཏང་བ་དང་། ARJ21ཡི་འཕུར་སྐྱོད་ས་ཚིགས་ཞིན་ཅང་གི་གཉེར་སྐྱོང་གནམ་ཐང25ཚང་མར་ཁྱབ་ཡོད།

  • ཉེ་ཆར་ཅིང་ཀྲང་མྱུར་བགྲོད་ལྕགས་ལམ་དང་པེ་ཞུང་གྲོང་ཁྱེར་དབར་གྱི་ལྕགས་ལམ་གྱིས“ཐེངས་རྩིས་སྤ་སེ”དང“དུས་བཀག་སྤ་སེའི”ལས་སྒོ་བཏོན་པ་དང་། འགྲུལ་པས་སྤ་སེ་ཐེངས་གཅིག་ཉོས་ན་རླངས་འཁོར་ལ་ཐེངས་མང་བསྡད་ཆོག་གི་ཡོད།

  • ཟླ6པར་མཚོ་སྔོན་གྱི་ནུས་རྒྱུ་གཙང་མའི་ཟླ་རེའི་གློག་གཏོང་ཚད་སྟོང་ཝ་ཆུ་ཚོད་དུང་ཕྱུར100ལས་ཐེངས་དང་པོར་བརྒལ་བ་དང་། གློག་འདོན་ས་ཁུལ་ནུབ་བྱང་དང་། ཧྭ་དབུས་། ཧྭ་ཤར་། ཧྭ་བྱང་། ལྷོ་ནུབ་སོགས་ས་ཁུལ5ཡི་ཞིང་ཆེན་དང་གྲོང་ཁྱེར13ལ་ཁྱབ་ཡོད།

4.jpg

  • ཡུན་ནན་ཡིང་ཅང་ནས་སྟོངས་ཉེན་ཤིན་ཏུ་ཆེ་བའི་རྩི་ཤིང་གི་རིགས་གསར་པ་སྟེ། ནན་ཀའོ་ལི་ཀུང་ཧོང་ལན(南高黎贡黄连)ཤེས་རྟོགས་བྱུང་ཞིང་ཁྱུ་ཚོགས་གཅིག་ལས་མེད་པ་དང་། ཁ་གྲངས་རྐང་མ100ཙམ་ཡོད།

  • ཧྲན་ཏུང་ཙི་པོ་ཉེན་རྟོག་ཕྱོགས་ཀྱིས་རྒྱན་འགྱེད་མགོ་སྐོར་ཚོགས་པ་ཧ་ཅང་ཆེན་པོ་ཞིག་མེད་པར་བཟོས་ཤིང་། ཉེས་གསོག་དོགས་ཅན14འཛིན་བཟུང་བྱས་པ་དང་གྱོད་འབྲེལ་རྒྱན་འགྱེད་མ་དངུལ་ཁྲི2000ལྷག་ཙམ་ཡོད།

    སྲིད་ཇུས།

  • ཅང་སུའུ་ཡིས་ཇུས་གཞི་ཁྱབ་བསྒྲགས་བྱས་ནས་མཚོ་རྒྱུད་མངའ་ཁུལ་གྱི་ཁོན་ཏཱེ་དྲ་རྒྱ་མཁོ་སྤྲོད་བྱེད་ཚད་མཐོ་རུ་གཏོང་རྒྱུ་དང་། 2027ལོའི་ལོ་མཇུག་ཏུ་སླེབས་སྐབས་ནང་ཁུལ་རྒྱ་མཚོ་དང་མངའ་ཁོངས་རྒྱ་མཚོར5Gཁྱོན་ཡོངས་ནས་ཁྱབ་རྒྱུ་མངོན་འགྱུར་བྱ་རྒྱུ་ཁ་གསལ་བཟོས།

  • ཧོ་ནན་གྱིས་སྲིད་དོན་ཞབས་ཞུ་ལེགས་སུ་བཏང་ནས་ཁེ་ལས་ཀྱི་ཆ་འཕྲིན་འགྱུར་ལྡོག་གཏོང་བ་དང་བཟའ་བཏུང་ཚོང་ཁང་གཉེར་བ་སོགས“ལས་ཆོད་ཆེ་བའི་སྒོ་ནས་བྱ་བ་གཅིག་སྒྲུབ་པའི”མིང་ཐོ13བཏོན།

  • ཧང་ཀྲོའུ་ཡིས་བསམ་འཆར་བསྡུ་ལེན་བྱས་ནས་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་ཀྱི་སྙོམས་སྒྲིག་སྲིད་ཇུས་ལེགས་སུ་བཏང་སྟེ། ས་ཁོངས་ཀྱི་དམིགས་ཚད་རེ་ཞུའི་ཚོད་འཛིན་མེད་པར་བཟོ་བ་དང་། “ཨང་གྲངས་ཡུན་རིང་ལ་བླངས་ཀྱང་མི་འཁེལ་བའི”རིགས་ཀྱི་དམིགས་ཚད་རེ་ཞུའི་ཆ་རྐྱེན་མེད་པར་གཏོང་རྩིས་ཡོད།

    དེ་རིང་གི་གནམ་གཤིས།

5.jpg

  • པེ་ཅིན་དང་ཐེན་ཅིན། ཧོ་པེའི་ས་ཆ་མང་ཆེ་བ། ཧྲན་ཏུང་གི་ནུབ་བྱང་རྒྱུད། ནང་སོག་གི་ཤར་རྒྱུད། ལིའོ་ཉིང་གི་ནུབ་རྒྱུད། སི་ཁྲོན་གཤོངས་སའི་ལྷོ་ནུབ་རྒྱུད། ཀྲེ་ཅང་གི་ཤར་ལྷོ་རྒྱུད། ཧྥུ་ཅན་གྱི་ས་ཆ་མང་ཆེ་བ། ཐའེ་ཝན་གླིང་ཕྲན་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་བ་ཆེན་པོ་ནས་དྲག་ཆར་འབབ་རྒྱུ་རེད། དེའི་ནང་པེ་ཅིན་གྱི་དབུས་ཤར་རྒྱུད། ཐེན་ཅིན་གྱི་ས་ཆ་མང་ཆེ་བ། ཧོ་པེའི་དབུས་ཤར་རྒྱུད། ཐའེ་ཝན་གླིང་ཕྲན་སོགས་ཀྱི་ས་ཁུལ་ཁ་ཤས་སུ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།