དེ་རིང་ནི2024ལོའི་ཟླ09པའི་ཚེས17ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གྱིས་འཇུ་ལག་རྫོང་དུ་ཞོད་དུས་སུ་མང་ཚོགས་དང་ཞིང་ལས་སྐྱེ་དངོས་ལ་གནོད་འཚེ་ཕོག་པའི་གནས་ཚུལ་ལ་ལྟ་ཞིབ་གནང་པ།

2024-07-25 09:12:54   |   106

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ7པའི་ཚེས23ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་ཞིང་ཆེན་ཡོངས་ཀྱི་བྲུབ་འགོག་བྱ་བའི་བརྙན་ལམ་བཀོད་གཏོང་ཚོགས་འདུའི་བྱ་བའི་བླང་བྱ་གཞིར་བཟུང"ཟླ7པའི་ཟླ་སྨད་དང་ཟླ8པའི་ཟླ་མགོའི"བྲུབ་འགོག་བྱ་བའི་འགག་རྩའི་དུས་ཀྱི་གཙོ་གནད་ལས་འགན་ལ་དམིགས་ནས། འཇུ་ལག་རྫོང་དུ་བསྐྱོད་དེ་བྲུབ་འགོག་བྱ་བའི་ལས་འགན་དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་མཛུབ་ཁྲིད་གནང་པ་དང་། ཞོད་དུས་སུ་མང་ཚོགས་དང་ཞིང་ལས་སྐྱེ་དངོས་ལ་གནོད་འཚེ་ཐེབས་པའི་གནས་ཚུལ་ལ་ལྟ་ཞིབ་བྱས་ལ། ཡུལ་དངོས་ནས་ཚོགས་འདུ་འཚོགས་ཏེ་མིག་སྔའི་བྲུབ་འགོག་དུས་བབ་ལ་དབྱེ་ཞིབ་དང་ཞིབ་འཇུག་བརྡར་གཅོད་བྱས་ནས་ཞིབ་ཕྲའི་བྱ་བའི་བླང་བྱ་དང་ཁ་གཏད་འཇལ་བའི་བྱེད་ཐབས་བཏོན།   

图片1.png

ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གྱིས་འཇུ་ལག་ཞིང་རའི་རུ་ཆེན་དང་པོར་ཡུལ་དངོས་ནས་ལོག་དཀར་དང་ནས་སོགས་ཞིང་ལས་སྐྱེ་དངོས་ལ་གནོད་འཚེ་ཐེབས་པའི་རྒྱ་ཁྱོན་དང་དཔལ་འབྱོར་ལ་གྱོང་གུན་བཟོས་པའི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་། རྡོ་སྔོན་ལ་ཁ་གྲོང་རྡལ་འགག་ལུང་གོང་མ་སྡེ་བར་ཡུལ་དངོས་ནས་སྡེ་བར་གནོད་འཚེ་ཐེབས་ཚུལ་དང་ཁྱིམ་ཚང་གི་ཁང་པར་གནོད་འཚེ་ཐེབས་ཚད་ལ་ལྟ་ཞིབ་བྱས། མུ་རི་ཆུའི་འཇུ་ལག་ཆུ་རྒྱུད་དུ་ཆུ་ལ་ལྟ་ཞིབ་ཚད་ལེན་དང་ཆུ་རགས་བརྟན་དུ་གཏོང་བ། བྲུབ་འགོག་སོགས་ཀྱི་བྱ་བ་སྒྲུབ་པའི་གནས་ཚུལ་སྙན་ཞུར་ཉན་ནས་བསྟན་དོན། ཞོད་དུས་སུ་སླེབས་པ་ནས་བཟུང་། རང་ཁུལ་དུ་དུས་ཐུང་ནང་དྲག་ཆར་འབབ་པ་དང་སེར་བ་འབབ་པ།    ཐོག་རྒྱག་རླུང་གཡུག་སོགས་ཐལ་དྲགས་པའི་གནམ་གཤིས་ཡང་ཡང་བྱུང་ལ།  འཇུ་ལག་དང་མདོ་ལ། རྐང་ཚ།  མདའ་བཞི་རྫོང་བཅས་ཀྱིས་རིམ་པ་མི་འདྲ་བའི་བྲུབ་འགོག་གི་ཉེན་བརྡའི་ཆ་འཕྲིན་ཁྱབ་བསྒྲགས་བྱས། བྲུབ་འགོག་དང་གནོད་འཚེ་ཆུང་དུ་གཏོང་བའི་ལས་འགན་ཧ་ཅང་དཀའ་ཚེགས་ཆེ། འཇུ་ལག་རྫོང་ལ་རེས་སྐོར་སྔོན་མར་དྲག་ཆར་བབས་པའི་ཁྲོད་ཞིང་ལས་སྐྱེ་དངོས་དང་སྡེ་བའི་ཁང་པ་སོགས་ལ་ཚད་མི་འདྲ་བའི་གནོད་འཚེ་ཐེབས་ཡོད།  ཁུལ་དང་རྫོང་གི་གནམ་གཤིས་དང་ཆུ་བེད། མཁོ་བསྟུན་སོགས་སྡེ་ཁག་གིས་གཅིག་གྱུར་མཉམ་ལས་བྱས་ཏེ་ནུས་ཤུགས་ཡོད་རྒུས་ཐལ་དྲགས་པའི་གནམ་གཤིས་ལ་ཁ་གཏད་བཅག་པ་དང་། ཁུལ་ཡོངས་ཀྱི་མིའི་ཐབས་ལ་བརྟེན་ནས་གནམ་གཤིས་ལ་ཤུགས་རྐྱེན་ཐེབས་པའི་མཐོ་སྒྱོགས་ལས་སྒྲུབ་ས་ཚིགས13གྱི་མཐོ་སྒྱོགས་ཀྱིས་སེར་བ་ཐེངས40ལ་བཀག་འགོག་བྱས་པ་དང་རྫས་མདེལ842བེད་སྤྱོད་བྱས་པས་གནོད་འཚེའི་གྱོང་གུན་ཚད་མཐོ་བའི་སྒོ་ནས་ཆུང་དུ་བཏང་ཡོད། འོན་ཀྱང་། མིག་སྔའི་ཉེན་བརྡའི་གནས་ཚུལ་ལ་གཞིགས་ན། བྲུབ་འགོག་དང་གནོད་འཚེ་ཆུང་དུ་གཏོང་བའི་བྱ་བར་གྲ་སྒྲིག་ཡག་པོ་བྱེད་དགོས་ཟེར།

图片2.png

ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གྱིས་ནན་གྱིས་བསྟན་དོན། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ཐོག་མཐའ་བར་གསུམ་དུ"མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པའི"འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། བལྟོས་མེད་ཀྱི་ལག་བསྟར་ནུས་པར་བརྟེན་ནས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོབ་བྱེད་དགོས་པ་སྟེ། གཅིག་ནས་སྔོན་བརྡའི་ཆ་འཕྲིན་དུས་ཐོག་ཏུ་གསར་སྒྱུར་དང་ཁྱབ་བསྒྲགས་བྱས་ཏེ་གནམ་གཤིས་འགྱུར་ལྡོག་ལ་དོ་ཁུར་ཆེན་པོ་བྱེད་དགོས། དབྱེ་ཞིབ་དང་ཞིབ་འཇུག་བརྡར་གཅོད་ཏན་ཏིག་ངང་ཡག་པོར་བཅད་དེ། གནམ་གཤིས་ངན་པ་ལ་དམིགས་ནས་སྔོན་ལ་བྱ་ཐབས་ནུས་ལྡན་འདོན་པ་དང་དུས་ཐོག་ཏུ"མེ་སྒྱོགས"བརྒྱབ་ནས"ཤུགས་འདོན"བྱས་ཏེ་མིའི་ཐབས་ལ་བརྟེན་ནས་ཐེ་ཇུས་བྱེད་པའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་དགོས། གཉིས་ནས་གནོད་འཚེ་བྱུང་རྗེས་རོང་འབྲོག་མང་ཚོགས་ལ་གནོད་འཚེ་ཐེབས་ཚུལ་ཇི་མ་ཇི་བཞིན་བསྡོམས་རྩིས་གང་མགྱོགས་རྒྱག་དགོས། སྲིད་ཇུས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་གནོད་འཚེ་ཕོག་པའི་རོགས་སྐྱོབ་ཇུས་གཞི་བཟོ་བ། འགན་བཅོལ་ཞབས་ཞུ་དང་འགན་ལེན་བྱ་ཐབས་དོན་འཁྱོལ་བྱས་ཏེ། ནུས་ཤུགས་ཡོད་རྒུས་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་རྒྱུ་ནོར་གྱོང་གུན་ཕོག་ཚད་ཇེ་དམའ་རུ་གཏོང་དགོས། གསུམ་ནས་སྐྱ་ཀ་འགག་དང་རྡོ་འགག འཇུ་ལག་ཆུ་མཛོད་ཀྱི་ཆུ་གནས་ལྟ་ཞིབ་ཚད་ལེན་དང་ཆུ་ལོག་ཉེན་སེལ་བྱ་བར་ཚད་མཐོའི་མཐོང་ཆེན་བྱས་ཏེ། འཇུ་ལག་ཆུ་བོ་དང་ཆུ་ལག་གཙོ་བོའི་འགྲམ་ངོགས་ཀྱི་ཆུ་རགས་དང་ཟམ་པ་སོགས་གཙོ་གནད་ཁུལ་དུ་སྐོར་གཟིགས་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སེལ་བ། “གཉིད་ལས་བསླང་ན་སད་པ”དང“བོས་ན་ཨ་ལན་ཡོད་པའི”ལམ་སྲོལ་འཐུས་ཚང་དུ་བཏང་ནས་དྲག་ཆར་ལ་ཁ་གཏད་གཅོག་པའི་མཁོ་བསྟུན་གྲ་སྒྲིག་སོ་སོ་ཡག་པོར་སྒྲུབ་དགོས་ཟེར།

图片3.png

ཁུལ་ཨུའི་རྒྱུན་ཨུའམ་འཇུ་ལག་རྫོང་ཨུའི་ཧྲུའུ་ཅི་ཧོ་པིན་དང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གཞུང་ལས་ཁང་། འཇུ་ལག་རྫོང་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོ་བཅས་ཀྱིས་ཕེབས་རོགས་བྱས། 


མཉམ་སྤྱོད།