དེ་རིང་ནི2024ལོའི་ཟླ09པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་སྔོན་གྱི་ལམ་དུམ་འདི་དག་ལ་ལམ་རྡིབ་པ་དང་རྦབ་རྡོ་ཡོད་པའི་གནས་ཚུལ་འདུག

2024-07-25 10:00:11   |   111

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ལམ་རྡིབ་པ་དང་རྦབ་རྡོ་ཡོད་པའི་ལམ་དུམ།

G227(འབྲོང་ཡུལ་ནས་རྨེང་ལེན།)ལམ་ཐིག་(པདྨ་རྫོང་སྟག་མཁར་ཡུལ་ཚོ)ལ་ལམ་རྡིབ་པ་དང་རྦབ་རྡོ་ཡོད་པའི་གནས་ཚུལ་འདུག་པས། ལམ་གྱི་གཞོགས་གཅིག་ནས་མ་གཏོགས་འགྲོ་མི་ཐུབ། ལམ་བདག་སྐྱོང་བྱེད་མཁན་སྡེ་ཁག་གིས་ཡུལ་དངོས་ནས་ལམ་ཞིག་གསོ་བྱེད་བཞིན་མཆིས།

1.jpg

G338(ཧེ་ཞིན་ནས་ཐེམ་ཆེན)ལམ་ཐིག་གི་འཇུ་ལག་རྫོང་དམར་ལྡང་གྲོང་ཚོའི་ལམ་དུམ་གྱི་ལམ་རྡིབ་ནས་ཆད་འདུག འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཁག་དང་བདག་སྐྱོང་སྡེ་ཁག སྤྱི་བདེ་དང་འགྲིམ་འགྲུལ་ཟོན་དམག་སྡེ་ཁག་གིས་ཡུལ་དངོས་ནས་ཐག་གཅོད་བྱེད་བཞིན་མཆིས།

2.jpg

G572(མང་རྫོང་ནས་དབུས་ལམ)ལམ་ཐིག་གི་གུང་ཧོ་རྫོང་ས་ཚིགས་དགུ་པ་ནས་ཆོས་རྗེ་ཡུལ་ཚོའི་ལམ་དུམ(ཐང་སྐར་མ་གྲོང་རྡལ)དུ་མིག་སྔར་རླངས་འཁོར་ཆུང་གྲས་ཀྱི་འགྲིམ་འགྲུལ་བཀག་སྡོམ་གློད་ཡོད་པ་དང་། རླངས་འཁོར་ཆེ་གྲས་སྔར་བཞིན་འགྲོ་མི་ཐུབ། འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཁག་དང་བདག་སྐྱོང་སྡེ་ཁག སྤྱི་བདེ་དང་འགྲིམ་འགྲུལ་ཟོན་དམག་སྡེ་ཁག་གིས་ཡུལ་དངོས་ནས་ཐག་གཅོད་བྱེད་བཞིན་མཆིས།

 འགྲིམ་འགྲུལ་གནས་གཤིས་གནས་ཚུལ།   

ཟླ7པའི་ཚེས25ཉིན་གྱི་ཆུ་ཚོད20ནས་ཟླ7པའི་ཚེས26ཉིན་གྱི་ཆུ་ཚོད20བར། མཚོ་ལྷོའི་ལྷོ་རྒྱུད་དང་། རྨ་ལྷོའི་ལྷོ་རྒྱུད། མགོ་ལོག ཡུལ་ཤུལ་གྱི་ནུབ་རྒྱུད་སོགས་ཀྱི་ཡུལ་ཚོ་དང་གྲོང་རྡལ་ཁ་ཤས་ལ་ཆར་བ་ཆེན་པོ་(ཧའོ་སྨི25-40) འབབ་རྒྱུ་ཡིན་པ་དང་། མཚོ་ནུབ་ཀྱི་ནུབ་རྒྱུད་དང་མཚོ་ཤར་གྱི་དབུས་རྒྱུད་དུ་སྤྲིན་མང་། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ལ་ཆར་པ་ཆུང་བ་ནས་འབྲིང་བའི་(ཧའོ་སྨི་1-20)བར་འབབ་རྒྱུ་རེད།


མཉམ་སྤྱོད།