དེ་རིང་ནི2024ལོའི་ཟླ09པའི་ཚེས08ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་སྔོན་མདོ་ལའི་ཤ་མོ་སེར་པོ་བསྡུ་འགྲེམ་ལྟེ་གནས་ཀྱི་སྒོ་བྱང་མདོ་ལ་རྫོང་དུ་བཀལ།

2024-07-25 10:26:59   |   137

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་། བཤེར་འབེབས། རིན་ཆེན་ཚེ་རིང་།


1.jpg

ཉེ་ཆར། མཚོ་སྔོན་མདོ་ལའི་ཤ་མོ་སེར་པོ་བསྡུ་འགྲེམ་ལྟེ་གནས་ཀྱི་སྒོ་བྱང་གི་ཡོལ་བ་ཕྱེ་བའི་མཛད་སྒོ་མདོ་ལ་རྫོང་དུ་འཚོགས། མདོ་ལའི་ཤ་མོ་སེར་པོ་ནི་མདོ་དབུས་མཐོ་སྒང་གི་ཟས་སྨན་གཅིག་སྤྱོད་ཡིན་པའི་རི་ཟས་རྩ་ཆེན་ཡིན་པའི་ཆ་ནས། དེའི་བདེ་འཇགས་རང་བཞིན་དང་སྨན་གྱི་ཕན་འབྲས་ལ་ལོ་རྒྱུས་དང་དུས་ཚོད་ཀྱི་ཞིབ་བཤེར་ཐོབ་ཡོད་པ་དང་། འཚོ་བཅུད་ཀྱི་རིན་ཐང་ཅུང་མཐོ་བ་མ་ཟད་ཟས་བཅུད་འཛོམས་ལ་ལུས་ཁམས་བདེ་སྲུང་གི་ནུས་པའང་ལྡན། མདོ་ལའི་ཁྱད་ལྡན་ཟས་རིགས་ཤ་མོ་སེར་པོའི་བྲོ་བ་བཟང་ཞིང་དྲི་མ་ཞིམ་པ་དང་། སྤྲི་དཀར་རྫས་ཀྱི་འདུས་ཚད་ཤིན་ཏུ་མཐོ་བ་མ་ཟད། ལུས་ཕུང་གི་ནད་འགོག་ནུས་པ་ཇེ་དྲག་ཏུ་གཏོང་ཐུབ་པའི་འཚོ་བཅུད་མང་པོ་ཡོད་ལ། ཨན་ཅི་སྐྱུར་དང་གཞི་རྒྱུ་སེ་འདུས་པས། ཁྲོམ་རའི་སྟེང་ཀུན་གྱིས་དགའ་བསུ་ཐོབ་ཀྱིན་ཡོད། ཉེ་བའི་ལོ་འགའི་རིང་། མདོ་ལ་རྫོང་གིས་ཐོན་ཁུངས་ཀྱི་ལེགས་ཆར་དམ་པོར་དམིགས་ཏེ་ནུས་ཤུགས་གཅིག་ཏུ་སྒྲིལ་ནས་ཤ་མོ་སེར་པོའི་ཁྱད་ལྡན་སྤུས་རྟགས་བཏོད་དེ། 2008ལོར་རྒྱལ་ཁབ་ཚོང་རྟགས་ཅུས“མདོ་ལའི་ཤ་མོ་སེར་པོ་”ཞེས་པའི་རྒྱལ་ཁབ་ས་ཁམས་མཚོན་རྟགས་ཚོང་རྟགས་ལ་ཆོག་མཆན་བཀོད་པ་དང་། 2015ལོའི་ཟླ6པར་མདོ་ལ་རྫོང་ལ་ཀྲུང་གོའི་བཟའ་བྱའི་ཤ་མོ་མཐུན་ཚོགས་ཀྱིས་“ཀྲུང་གོའི་ཤ་མོ་སེར་པོའི་ཕ་ས་”ཞེས་པའི་མཚན་སྙན་གནང་བས། མདོ་ལའི་ཤ་མོ་སེར་པོའི་སྙན་གྲགས་སྔར་ལས་རྒྱས།

2.jpg

 མཚོ་སྔོན་མདོ་ལའི་ཤ་མོ་སེར་པོ་བསྡུ་འགྲེམ་ལྟེ་གནས་ཀྱི་སྒོ་བྱང་བཀལ་བ་འདིས་མདོ་ལའི་ཤ་མོ་སེར་པོའི་བསྡུ་འགྲེམ་ནུས་པ་སྔར་བས་ཆེ་རུ་གཏོང་བ་དང་ཐོན་ལས་སྦྲེལ་ཐག་རིང་དུ་བསྲིང་བ། འཛད་སྤྱོད་ཚོང་ར་གསར་འབྱེད་བཅས་བྱས་ཏེ། མདོ་ལའི་ཤ་མོ་སེར་པོའི་ཚོང་རྟགས་ཀྱི་ཐོན་རྫས་རིན་ཐང་ལ་སྐུལ་འདེད་གཏོང་བར་སྒུལ་ཤུགས་གསར་པ་སྣོན་པ་དང་། རོང་འབྲོག་པའི་ཡོང་སྒོ་ཇེ་མང་དང་ཕྱུག་འགྱུར་ཡོང་རྒྱུར་རོགས་རམ་བྱེད་ཐུབ།


མཉམ་སྤྱོད།