དེ་རིང་ནི2024ལོའི་ཟླ09པའི་ཚེས08ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་སྔོན་པོ་སྨོན་ལམ་མཐོན་པོ་སྒར་འདེབས་རྟེན་གཞི།

2024-07-25 10:27:05   |   655

རྩོམ་སྒྲིག   སངས་དོན།    ཡོང་ཁུངས།   མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།   བཤེར་འབེབས།   རིན་ཆེན་ཚེ་རིང་།


མཚོ་སྔོན་པོ་སྨོན་ལམ་མཐོན་པོ་སྒར་འདེབས་རྟེན་གཞིའམ་མཚོ་སྔོན་པོ་སྨོན་ལམ་མཐོན་པོ་ན་གཞོན་རྒྱལ་སྲུང་སློབ་གསོ་ཉམས་ལེན་རྟེན་གཞི་ནི་མཚོ་བྱང་ཁུལ་མདའ་བཞི་རྫོང་སྨོན་ལམ་མཐོན་པོའི་འདབས་རོལ་ཏུ་གནས་ཤིང་། རྒྱ་ཁྱོན་ལ་མུའུ40ཡོད། ནུབ་མཚོ་གྲོང་རྡལ་ནས་བར་ཐག་སྤྱི་ལེ21དང་གནའ་མཁར་ཟི་ལིང་ནས་སྤྱི་ལེ110ཡོད་པས་ཟི་ལིང་དང་བར་ཐག་ཆེས་ཉེ་བའི་མཚོ་སྔོན་པོའི་མཛེས་ལྗོངས་ལ་ལྟ་སའི་གནས་མཆོག་ཅིག་ཡིན།

སྒར་ཁའི་མདུན་ཕྱོགས་ནི་གཡུ་ཡི་རླབས་ཕྲེང་མཁའ་རུ་རྩེན་པའི་མཚོ་སྔོན་པོ་ཡིན་པ་དང་། གཡོན་དུ་བྱེ་མ་ལ་བདུན་དང་། གཡས་སུ་བྱེ་གླིང་ཡོད། རྒྱབ་ཕྱོགས་ནི་གསར་བརྗེ་ཞིབ་འཇུག་སློབ་སྦྱོང་བྱེད་གནས་ཏེ་རྔམ་ཞིང་བརྗིད་པའི་མཐོན་པོ་སྒང་ཡིན། སྒར་ཁར་ས་ཁོངས་དང་ཐོན་ཁུངས་ཀྱི་ལེགས་ཆ་འཛོམས་ཤིང་། ཕྱོགས་བཞིར་མིང་གྲགས་ཅན་གྱི་མཛེས་ལྗོངས་ཀྱིས་བསྐོར་ཡོད་པ་མ་ཟད། མཁར་གྲོང་དང་ཐག་ཉེ་བས་འགྲིམ་འགྲུལ་ཤིན་ཏུ་སྟབས་བདེ་ཡིན། 

微信图片_20240725094613.jpg

沙岛.jpg

微信图片_20240725101935.jpg

微信图片_20240725101939.jpg

金沙湾3.jpg沙岛1.jpg

སྒར་ཁས་རྒྱས་སྤྲོས་འབྲིང་ཅན་གྱི་སྡོད་ཁང་དང་། སྒར་སྡོད། ས་གནས་ཀྱི་ཁྱད་ལྡན་དབྱི་སི་ལམ་གྱི་བཟའ་བཏུང་། སྲེག་ཟས། ཚོགས་པ་འཛུགས་སྐྲུན་བྱེད་ས། གཞོན་ནུ་ལོ་ཆུང་གི་རྒྱལ་སྲུང་སློབ་གསོ་བྱེད་ས་བཅས་གཙོ་གཉེར་བྱེད་བཞིན་ཡོད་པ་དང་། སྨོན་ལམ་མཐོན་པོའི་གནས་སྐོར། བྱིས་པའི་དགའ་ཚལ་སོགས་གནས་སྐོར་དང་ཞག་སྡོད། བཟའ་བཏུང་། རོལ་རྩེད་བཅས་གཞི་གཅིག་ཏུ་འདུས་ཡོད།

3.jpg

མིག་སྔར། སྒར་ཁར་ཕྱིའི་བཟོ་བཀོད་མི་འདྲ་བའི་ཁང་ཆུང་སྣ་ཚོགས་ཡོད་ཅིང་། ཉིན་རེར་ཞག་སྡོད་མགྲོན་པོ60ལྷག་ཙམ་སྣེ་ལེན་བྱེད་བཞིན་ཡོད། ཁང་མིག་རེ་རེའི་ནང་དུའང་རྒྱས་སྤྲོས་ཅན་གྱི་ཉལ་ཁྲི་གཉིས་ལྡན་གྱི་ཁང་བ་དང་། རྒྱས་སྤྲོས་ཅན་གྱི་ཉལ་ཁྲི་ཆེ་བའི་ཁང་བ། ཉལ་ཁྲི་མང་བའི་ཁང་བ་བཅས་ཡོད།  ཕྱིའི་བཟོ་བཀོད་ལ་གསར་གཏོད་ཀྱི་རང་བཞིན་ལྡན་ཞིང་ཁང་བ་རེ་རེར་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པས། མྱོང་རོལ་བྱེད་སའི་གནས་མཆོག་ཅིག་ཡིན།

 ནང་གི་སྒྲིག་བཀོད་ཀྱི་ཆ་ནས་བཤད་ན། ཁང་བའི་བར་སྟོང་ཡངས་ཤིང་ནང་གི་རྒྱན་སྤྲས་ལེགས་ལ་མགྲོན་ཁང་གི་ཞབས་ཞུ་ནུས་པ་ཆ་ཚང་ཡོད་པ་མ་ཟད། ཚན་རྩལ་གྱི་སྒྲིག་ཆས་དང་། དྲོད་སྙོམ་འཕྲུལ་ཆས་སོགས་ཁ་ཚང་ལ། ནང་གི་མལ་ཆས་སོགས་གཙང་ཞིང་ཁང་བ་རེ་རེའི་ནང་དུ་རྫ་དུག་ལ་ཕན་པའི་སྨན་སོགས་གྲ་སྒྲིག་བྱས་ཡོད་པས། ཞབས་ཞུ་ཚང་མ་སྐར་མ5རིམ་པའི་མགྲོན་ཁང་གི་ཆུ་ཚད་དུ་སླེབས་ཡོད།

 ནངས་མོར། ཞོགས་པའི་ཉི་གཞོན་བྱེ་མ་ལ་བདུན་ནས་གསེར་འོད་ལམ་ལམ་ངང་མཁའ་རུ་འཕགས་པའི་མཛེས་སྡུག་གི་ཉི་འཆར་ཐོག་མར་ལྟ་ཐུབ་པ་དང་། སྔོ་ཞིང་དྭངས་པའི་མཚོ་སྔོན་པོའི་མཛེས་ལྗོངས་ལའང་ལྟ་ཐུབ། ས་སྲོད་ཀྱི་སྐབས་སུ་ཉི་མ་མཚོ་ནང་དུ་ནུབ་པའི་མཐོ་སྒང་གི་རང་བྱུང་མཛེས་ལྗོངས་མཐོང་ཐུབ་པ་ཡིན།  ཁྱེད་ཀྱིས་མའེ་ཐོན(美团)དང་ཞེ་ཁྲིན(携程)། ཐུའུ་ཅཱ(途家)། ཞོ་ཧོང་ཧྲུའུ(小红书)། འཁྱུག་དབྱངས(抖音)། སྐད་འཕྲིན་བཅས་དང་ཡུལ་དངོས་ནས་སྒར་ཁའི་འདུག་ཁང་མངགས་ཉོ་བྱེད་ཆོག

微信图片_202407250945132.jpg

微信图片_20240725094653.jpg

སྒར་ཁའི་ས་གནས་ཀྱི་ཁྱད་ལྡན་བཟའ་བཏུང་གི་སྐོར་ལ། ཁ་ཆེའི་བཟའ་བཏུང་དང་། སྨི་གྲུ་བཞི་མ1000ལྷག་ཙམ་ཡོད་པའི་སྣེ་ལེན་ལྟེ་གནས་སུ་རྒྱ་ཟས་ཁུལ་དང་། རང་འདེམ་ཁུལ། སྲེག་ཟས་ཁུལ། བཏུང་ཆུའི་ཁུལ། ཚོང་ཟོག་ཁུལ། རོལ་རྩེད་ཁུལ་བཅས་ཡོད་པ་དང་། ད་རུང་མཚོ་ལྗོངས་ཟ་ཁང་དང་། བོད་ཟས་ཁང་། མཚན་ལྗོངས་ཟ་ཁང་། ཕྱི་རོལ་སྲེག་ཟས། རང་འདེམ་བཟའ་བཏུང་ཁུལ་སོགས་ཡོད། ཟ་མ་ལ་ལུག་ཤ་སྲེག་མ་དང་། ལུག་ཤའི་རིགས་ཀྱི་ཟ་མ་དང་སྐམ་ཤའི་རིགས་ཀྱི་ཟ་མ། ཁྱད་ལྡན་ཚགས་ཤ་དང་སྔོ་ཚལ། མཚོ་སྔོན་གྱི་ཁྱད་ལྡན་རྒྱ་ཁོག མདོ་ལ་རིང་མོའི་རི་སྐྱེས་ཤ་མོ་དང་འཇུ་ལག་གི་རི་སྐྱེས་གྲོ་མ་སོགས་ས་གནས་ཀྱི་ཁྱད་ལྡན་སྔོ་ཚལ་རབ་དང་རིམ་པ་དང་། རྩམ་པ་དང་། ཚོད་མ་སོགས་དང་། དཀྲུགས་ཇ་དང་འོ་ཇ་སོགས་གྲ་སྒྲིག་བྱས་ཡོད།

微信图片_20240725094611.jpg

微信图片_20240725094610.jpg


微信图片_20240725094647.jpg

མགྲོན་པོ་མང་པོའི་དགའ་ཕྱོགས་དང་དགོས་མཁོ་སྐོང་ཆེད། ས་གནས་དེ་གའི་གནམ་གཤིས་འགྱུར་ལྡོག་གི་གནས་ཚུལ་དང་བསྟུན་ནས་སྒོ་ཕྱི་དང་ཁང་པའི་ནང་རོལ་གྱི་ཚོགས་པ་རྩ་འཛུགས་བྱེད་ས་དང་འཁྲབ་སྟོན་བྱེད་ས་བཙུགས་ནས་ཁྱེད་ལ་མཚོ་སྔོན་གྱི་མཛེས་ལྗོངས་ཕྱོགས་ཡོངས་ནས་མྱོང་ཚོར་ཐུབ་པ་དང་མཚོ་སྔོན་གྱི་དམངས་སྲོལ་དང་། མི་རིགས་རིག་གནས་རོལ་མྱོང་ཐུབ་པར་མཐུན་རྐྱེན་གང་ལེགས་བསྐྲུན་ཡོད།

རོལ་རྩེད་སྒྲིག་ཆས་ལ་དཔྱང་ཐག་དང་མདའ་འཕེན། རྐང་འཁོར་སོགས་ཡོད་པ་དང་། ཁྱེད་དང་ཕྲུ་གུས་དགའ་སྤྲོའི་ངང་རོལ་རྩེད་དང་། ཉམས་ལེན། པར་ལེན་བཅས་བྱེད་ཆོག  བྱིས་པ་ཚོ་ཆེས་དགའ་བའི་གཅེས་ཕྲུག་དགའ་ཚལ་དུ་རི་བོང་ཆུང་ཆུང་དང་། དེ་ཕོ། ལུ་གུ། བེའུ། བྱི་ལ་ཆུང་ཆུང་སོགས་སྲོག་ཆགས་ཆུང་ཆུང་ཡོད་ལ་དེ་དག་ལ་ཟ་མ་བྱིན་ཆོག་པ་དང་ཉོས་ནའང་ཆོག

微信图片_20240725094642.png

སྒར་ཁར་ད་དུང་མཐོ་འཕེན་མེ་སྒྱོགས་དང་། མེ་མདའ། མེ་སྒྱོགས་སོགས་ཀྱི་དཔེ་དབྱིབས་ཡོད་པས་སྨོན་ལམ་མཐོན་པོ་གཞོན་ནུ་ལོ་ཆུང་གི་རྒྱལ་སྲུང་སློབ་གསོའི་ཉམས་ལེན་རྟེན་གཞིའང་ཡིན། གཞོན་ནུ་ལོ་ཆུང་རྣམས་ཀྱིས་དེ་གའི་ལོ་རྒྱུས་ལ་རྒྱུས་ལོན་དང་། ཚན་རིག་མཁས་ཅན་རྒན་རབས་དང་མཁའ་དམག་དཔུང་སྡེའི་བྱ་གཞག་རླབས་ཆེན་དང་ཀྲུང་གོ་བའི་ལ་རྒྱའི་མགོ་བོ་ཡར་དགྱེ་སའི་གནས་མཆོག་འདི་ཤེས་རྟོགས་བྱེད་པར་ཕན་པ་དང་། མི་རྣམས་ཀྱིས་གསར་བརྗེའི་སྙིང་སྟོབས་དར་སྤེལ་དང་རྒྱུན་འཛིན་བྱས་ཏེ། མེས་རྒྱལ་སྲུང་སྐྱོབ་དང་མེས་རྒྱལ་འཛུགས་སྐྲུན་བྱེད་པའི་རྒྱུན་འཛིན་པ་བྱེད་པར་ཕན་པ་ཡོད།


མཉམ་སྤྱོད།