དེ་རིང་ནི2024ལོའི་ཟླ09པའི་ཚེས08ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

བོད་ཀྱི་གོས་རྒྱན་འགྲན་སྡུར་ཆེན་མོ་སྐབས་དང་པོ་ཁམས་བྲག་མགོར་སྤེལ།

2024-07-25 10:18:37   |   107

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། ཀན་ལྷོ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་ཧྭ་མི་རིགས་ཐུན་མོང་གཞི་གཅིག་གི་འདུ་ཤེས་བརྟན་པོར་འཛུགས་པའི་སྐོར་གྱི་གལ་ཆེའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། བོད་ཀྱི་ཕུན་སུམ་ཚོགས་པའི་རྒྱན་གོས་རིག་གནས་ཁྱབ་སྤེལ་དང་འགྲེམས་སྟོན། མི་རིགས་མཐུན་སྒྲིལ་དང་འབྲེལ་འདྲིས་སོགས་ལ་ཤུགས་སྣོན་ཕྱིར། ཟླ7པའི་ཚེས24ཉིན། ཁམས་པའི་བརྙན་འཕྲིན་དང་བྲག་མགོ་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་སྒྲུབ་བྱས་པའི་བྲག་མགོའི་སྐབས་དང་པོའི་བོད་ཀྱི་གོས་རྒྱན་བཤམ་འཁྲབ་འགྲན་སྡུར་ཆེན་མོའི་རྟིང་རྩོད་འགྲན་སྡུར་བྲག་མགོ་རྫོང་དུ་སྤེལ།

图片1.png

སྤྱིར་ཐེངས་འདིའི་འགྲན་སྡུར་ཁྲོད། བོད་འབྲེལ་ས་ཁུལ་གྱི་ཁུལ་དྲུག་དང་། རྫོང་དང་ས་ཁུལ་ཉེར་ལྔ་ཡི་འགྲན་ཞུགས་པ་སུམ་བརྒྱ་ཡིས་མིང་ཐོ་བཀོད་ཡོད་ཅིང་། དཔྱད་འདེམས་དགེ་རྒན་རྣམ་པས་ཐོག་མའི་བསལ་འདེམས་བརྒྱུད་དེ་སྲོལ་རྒྱུན་རྒྱན་གོས་ཀྱི་ཚན་སྐོར་སོ་གཅིག་དང་། དེང་རབས་རྒྱན་གོས་ཀྱི་ཚན་སྐོར་བཅུ་གཉིས་བཅས་མཇུག་མཐའི་རྟིང་རྩོད་དུ་བདམས།

图片2.png

  འགྲན་ཞུགས་པ་ཡོངས་ཀྱིས་དུས་ཡུན་སྐར་གསུམ་གྱི་རིང་སོ་སོའི་རྒྱན་གོས་ཀྱི་ལོ་རྒྱུས་དང་ཁྱད་ཆོས་སོགས་ཀྱི་སྐོར་ནས་ཀུན་ལ་མཚམས་སྦྱོར་བྱས། དཔྱད་འདེམས་སྐར་མ་རྒྱག་སྟངས་ཀྱི་ཐད་ནས། ཡུལ་དངོས་དང་དྲ་ལམ་གཉིས་ཟུང་དུ་སྦྲེལ་ཡོད་ཅིང་། དགེ་རྒན་རྣམ་པས་འགྲན་ཞུགས་པ་དག་གི་རྒྱན་གོས་ཀྱི་དུས་རབས་རང་བཞིན་དང་ས་ཁོངས་རང་བཞིན། ལོ་རྒྱུས་རིག་གནས་དང་མཚམས་སྦྱོར་ནུས་པ་སོགས་ལ་བལྟས་ནས་སྐར་མ་བརྒྱབ།

图片3.png

 ལྷག་པར། ཐེངས་འདིར་སྟོད་མངའ་རིས་དང་ལྷ་ས། གཞིས་ཀ་རྩེ་དང་ཀོང་པོ། ཡུན་ནན་ཀོང་རྩེད་ར་དང་བདེ་ཆེན། ཁམས་མི་ཉག་དང་རྒྱལ་རོང་། སྡེ་དགེ་དང་རྫ་ཆུ་ཁ། མདོ་སྨད་ཀྱི་དཔའ་རིས་དང་རྨ་ཆུ་སོགས་རྒྱན་གོས་ལ་དམིགས་བསལ་གྱི་ཁྱད་ཆོས་འཛོམས་པའི་འགྲན་ཞུགས་པ་མང་པོ་ཞིག་ཡོད་ཅིང་། སོ་སོའི་རྒྱན་དང་གོས་ཀྱི་མཛེས་པ་རེ་རེ་ཀུན་གྱི་སྤྱན་སྔར་བསྟར།
       ཉིན་ཕྱེད་ཀའི་དུས་ཚོད་བེད་སྤྱད་ནས། སྲོལ་རྒྱུན་རྒྱན་གོས་ཀྱི་འགྲན་ཞུགས་པ་དག་གི་ཛ་དྲག་གི་འགྲན་སྡུར་མཇུག་སྒྲིལ་ཅིང་། དཔྱད་འདེམས་དགེ་རྒན་རྣམ་པས་དཔྱད་བརྗོད་གནང་།

图片4.png

 དུས་རབས་ཀྱི་འཕེལ་འགྲོས་དང་བསྟུན་ནས། བོད་ཀྱི་རྒྱན་གོས་ལའང་འགྱུར་བ་གང་མང་ཞིག་བྱུང་དང་འབྱུང་བཞིན་ཡོད་ལ། སོ་སོས་རྒྱན་གོས་ཀྱི་བཟོ་ལྟའི་ཐད་དེང་རབས་ཀྱི་མཛེས་དཔྱོད་དང་རེ་བ་ལྟར་ཇུས་འགོད་ཅི་ནུས་བྱེད་ཀྱིན་ཡོད། ཐེངས་འདིའི་དེང་རབས་རྒྱན་གོས་ཀྱི་འགྲན་ཞུགས་པ་དག་གིས་སོ་སོས་གྱོན་པའི་རྒྱན་གོས་ལ་གསར་གཏོད་ཀྱི་ཆ་ཅི་ཡོད་པ་དང་ཁྱད་ཆོས་གང་འདྲ་ཡོད་པ་སོགས་ཀྱི་སྐོར་ནས་ཚང་མར་མཚམས་སྦྱོར་བྱས།
       དུས་ཚོད་གཉིས་ལྷག་གི་རིང་། དེང་རབས་རྒྱན་གོས་ཀྱི་འགྲན་སྡུར་ཡང་ཡོངས་སུ་མཇུག་སྒྲིལ་ཅིང་དཔྱད་འདེམས་དགེ་རྒན་རྣམ་པས་མུ་མཐུད་དུ་འདིའི་ཐད་ལ་གདེང་འཇོག་དང་དཔྱད་བརྗོད་གནང་།

图片5.png

 རང་བྱུང་གི་ཆ་རྐྱེན་དང་འཚོ་གནས་ཁོར་ཡུག ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་སོགས་ཀྱི་དབང་གིས་ཡུལ་ལུང་མི་འདྲ་བའི་རྒྱན་གོས་ཀྱི་བཟོ་ལྟ་དང་ཁ་དོག རྒྱུ་དང་གྱོན་སྟངས་སོགས་ཀྱི་ཐད་ལ་ས་ཁོངས་རང་བཞིན་གྱི་ཁྱད་ཆོས་མངོན་གསལ་ཡོད་ལ། འདི་དག་གིས་ང་ཚོའི་ཕུན་སུམ་ཚོགས་པའི་བོད་ཀྱི་སྲོལ་རྒྱུན་གྱི་རྒྱན་གོས་རིག་གནས་གྲུབ་ཡོད་པ་རེད།
       ཤེས་རབ་དང་བློ་གྲོས་ཅན་གྱི་ཡབ་མེས་གོང་མ་རྣམས་ཀྱིས་ཁབ་དང་སྐུད་པས་བཞེངས་བའི་གྱོན་གོས་རིག་གནས། ཡུལ་སྲོལ་གོམས་གཤིས་དང་མཛེས་རྟོག་བསམ་བློ་ལས་འཁྲུངས་བའི་རྒྱན་གྱི་མཛེས་སྡུག

图片6.png

ཡུལ་ལུང་སོ་སོའི་རྒྱན་གོས་ཀྱི་མཛེས་པ།


མཉམ་སྤྱོད།