དེ་རིང་ནི2024ལོའི་ཟླ10པའི་ཚེས18ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-07-26 07:17:15   |   536

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་འཚོགས་ནས་བྲུབ་འགོག་གེགས་སེལ་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་།

  • ཉེ་ཆར་ཀྲུང་དབྱང་རྩ་འཛུགས་པུ་ཡིས་ཀྲུང་དབྱང་གི་ཚབ་ཏུ་དོ་དམ་བྱེད་པའི་ཏང་དངུལ་ཁྲོད་ནས་སི་ཁྲོན་དང་ཧྲའན་ཞི་ཞིང་ཆེན་གཉིས་ལ་ཆེད་དོན་མ་དངུལ་སྒོར་ཁྲི2700གཏོང་སྤྲོད་བྱས་ཏེ། བྲུབ་འགོག་གེགས་སེལ་ཉེན་སེལ་ལས་དོན་ལ་རྒྱབ་སྐྱོར་བྱ་རྒྱུའི་ཐད་སྤྱད།

  • ཚེས25ཉིན་ནོར་སྲིད་པུས2023ལོའི་ལོ་འཁོར་གྱི་སྡེ་ཚན་གྱི་ངེས་རྩིས་སྔོན་ལ་ཡོངས་བསྒྲགས་བྱས་པ་དང་དེ་རྗེས་ཀྲུང་དབྱང་སྡེ་ཚན་ཁག་གིས2023ལོའི་ལོ་འཁོར་གྱི་ངེས་རྩིས་གནས་ཚུལ་གཅིག་རྗེས་གཉིས་མཐུད་ངང་ཡོངས་བསྒྲགས་བྱ་རྒྱུ་རེད།

  • བཟོ་ལས་དང་ཆ་འཕྲིན་པུས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ལོ་སྟོད་དུ་རང་རྒྱལ་གྱི་གློག་འཕྲིན་ལས་སྒོའི་སྤྱི་འབོར་དུས་མཚུངས་ལས11.1%འཕར་ཡོད།

  • ཉིན་ཤས་གོང་རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ལྷན་གྱིས་བསམ་འཆར་ཁྱབ་བསྒྲགས་བྱས་ཏེ། ཐོན་སྐྱེད་གཉེར་སྐྱོང་ཚན་པའི་མངོན་མེད་བྱུར་རྐྱེན་གྱི་ནང་ཁུལ་སྙན་ཞུའི་བྱ་དགའི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།

  • ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་དང་རྒྱལ་ཁབ་ལྟ་སྐུལ་ཨུ་ལྷན་གྱིས་བརྡ་ཁྱབ་བཏང་སྟེ། ད་ལོའི་ལོ་སྟོད་དུ་ཞིང་ཆེན་དང་པུ་རིམ་པའི་ལས་བྱེད་པ41དང་། ཐིང་དང་ཅུ་རིམ་པའི་ལས་བྱེད་པ2127དང་། རྫོང་དང་ཁྲུའུ་རིམ་པའི་ལས་བྱེད་པ་ཁྲི1.7དང་། ཞང་དང་ཁོའོ་རིམ་པའི་ལས་བྱེད་པ་ཁྲི5.6བཅས་ལ་གྱོད་དོན་ཐོ་འགོད་བྱས་ཡོད་ཟེར།

  • སློབ་གསོ་པུའི་ཕྱི་འགྲིམ་སློབ་མའི་ཞབས་ཞུ་ལྟེ་གནས་ཀྱིས་ཉིན་ཤས་གོང་སྤྱི་བསྒྲགས་ཁྱབ་བསྒྲགས་བྱས་ཏེ། ཧྥི་ལི་ཕིན་དང་། མོང་གོལ། རྒྱ་གར་སོགས་རྒྱལ་ཁབ་ཀྱི་སློབ་གླིང13གྱི་སློབ་གནས་ཁས་ལེན་རེ་ཞུ་ལ་ཁས་ལེན་ཞིབ་བཤེར་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ་ཁ་གསལ་བཏོན།

1.jpg

  • རྒྱལ་ཁབ་འཇིག་རྟེན་འཕུར་སྐྱོད་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། ཚེས25ཉིན་རླུང་ཁམས་ཆེན་པོའི་ཁོར་ཡུག་ལྟ་ཞིབ་ཚད་ལེན་སྲུང་སྐར་དང་སྐམ་སའི་སྐྱེ་ཁམས་མ་ལག་གི་ཐཱན་ལྟ་ཞིབ་ཚད་ལེན་སྲུང་སྐར་དངོས་སུ་བེད་སྤྱོད་གཏོང་མགོ་བརྩམས།

  • ཚོང་དོན་པུས་གནས་ཚུལ་སྤེལ་བར་གཞིགས་ན། ལོ་སྟོད་དུ་རང་རྒྱལ་གྱི་ཁེ་ལས་ཀྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་ཀྱི་དངུལ་རྩ་མིན་པའི་ཐད་ཀའི་མ་འཇོག་ཨ་སྒོར་དུང་ཕྱུར154.6བྱས་པ་དེ་དུས་མཚུངས་ལས9.2%འཕར་ཡོད།

  • ཡོ་རོབ་མནའ་འབྲེལ་གནམ་གཤིས་ལྟ་ཞིབ་ཚད་ལེན་སྒྲིག་གཞིའི་ཀོ་པའེ་ཉི(哥白尼)གནམ་གཤིས་འགྱུར་ལྡོག་ཞབས་ཞུ་ཅུས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པ་ལྟར་ན། ཚེས22ཉིན་གོ་ལ་ཧྲིལ་པོའི་ཉིན་རེའི་ཆ་སྙོམས་དྲོད་ཚད་ཧྲེ་ཧྲི་ཏུའུ17.15ཟིན་ནས་ཉིན་གཉིས་བསྟུད་མར་ཉིན་རེའི་དྲོད་ཚད་མཐོ་ཤོས་ཀྱི་ཟིན་ཐོ་ལས་བརྒལ།

    སྤྱི་ཚོགས།

  • ཚེས25ཉིན་གྱི་ཆུ་ཚོད19དང་སྐར་མ50ཡི་ཐོག ད་ལོའི་རྒྱ་མཚོའི་རླུང་འཚུབ་ཨང3པའི“ཀེ་མེ”རྟགས་ཅན་ཧྥུ་ཅན་ཕུའུ་ཐན་གྲོང་ཁྱེར་ཞུག་ཡུས་ཆུས་ནས་མཚོ་རྒྱུད་དེད་ནས་སྐམ་སར་འཛེགས།

  • ཀྲུང་གོ་བཟོ་ཚོང་དངུལ་ཁང་སོགས་ཚོང་ལས་དངུལ་ཁང་ཆེ་གྲས་དྲུག་གིས་ཚེས25ཉིན་ནས་བཟུང་མི་དམངས་ཤོག་སྒོར་གྱི་བཅོལ་དངུལ་གྱི་སྐྱེད་ཀ་དམའ་རུ་བཏང་། དེ་ནི་ད་ལོའི་ཚོང་ལས་དངུལ་ཁང་ཆེ་གྲས་ཀྱིས་མི་དམངས་ཤོག་སྒོར་གྱི་བཅོལ་དངུལ་གྱི་སྐྱེད་ཀ་དམའ་རུ་བཏང་ཐེངས་དང་པོ་ཡིན།

  • ཚེས25ཉིན་གྱི་ཆུ་ཚོད24ནས་བཟུང་རྒྱལ་ནང་གི་རླངས་འཁོར་དང་ཁྲའེ་སྣུམ་གྱི་རིན་གོང་ཏུན་རེར་སྒོར145དང140དམའ་རུ་བཏང་ཡོད།

  • རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཕྱིར་སྡོད་རང་མིའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ་ལུའོ་པའོ་མིང་ལ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་དོགས་པ་ཡོད་པས་རང་འགུལ་ངང་ཉེས་དོན་ངོས་ལེན་ཞུས་པ་དང་། མིག་སྔར་ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད། 

  • ཚེས25ཉིན་འབྲི་ཆུའི་ཟུར་གསུམ་ཁུལ་གྱི་རེས་སྐོར་གསར་པའི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི་ཁྱབ་བསྒྲགས་བྱས་ནས་གཙོ་གནད་ལས་འགན་ཁག165བཏོན།

  • ཚེས24ཉིན། 2024ལོའི་ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ཀྱི་ཕིང་ཕང་སྤོ་ལོའི་རྣམ་གྲངས་ཀྱི་རྒྱན་ལེན་མཇུག་འབྲས་རེའུ་མིག་ཁྱབ་བསྒྲགས་བྱས།

2.jpg

  • ཉེ་ཆར་འབར་མའི་བྱང་རྒྱུད་དུ་ལོ་མང་རིང་བྲོས་བྱོལ་དུ་སོང་བའི་དུག་རྫས་དང་འབྲེལ་བ་ཡོད་པའི་བྲོས་བྱོལ་ཉེས་ཅན་ཚབས་ཆེན3རྒྱལ་ནང་དུ་བཀག་སྐྱིལ་བྱས་པ་དང་གྱོད་འབྲེལ་དུག་རྫས་སྤྱི་རྒྱ2000ལྷག་ཙམ་ཟིན།

3.gif

  • ཉེ་ཆར་ཧུའུ་ནན་ཁྲང་ཏེའི་ཕ་བུ་གཉིས་ཀྱིས་གཟབ་གཟབ་མ་བྱས་པར་ཆུའི་ནང་དུ་ལྷུང་བ་ན། ཉེན་ཁ་ཆེ་བའི་སྐབས་སུ་མང་ཚོགས10ལྷག་ཙམ་གཅིག་རྗེས་གཉིས་མཐུད་ངང་རོགས་སྐྱོབ་བྱེད་པར་ཡོང་ནས་ཕ་བུ་གཉིས་ཀ་བདེ་བླག་ངང་བསྐྱབས།

    སྲིད་ཇུས།

  • པེ་ཅིང་གིས་ཕྱོགས་སྟོན་ཁྱབ་བསྒྲགས་བྱས་པ་སྟེ། ཁེ་ལས་སྒེར་གྱིས་རྒྱལ་མཚམས་སྒྲོལ་བའི་གློག་རྡུལ་ཚོང་དོན་ཕྱིར་ཚོང་སྟེགས་བུ་བསྐྲུན་པ་དང་ཕྱོགས་གསུམ་པའི་རྒྱལ་མཚམས་སྒྲོལ་བའི་གློག་རྡུལ་ཚོང་དོན་སྟེགས་བུ་བསྐྲུན་པ་སོགས་ལ་རྒྱབ་སྐྱོར་བྱ་རྒྱུ་དང་། རྣམ་གྲངས་རྐྱང་པའི་རྒྱབ་སྐྱོར་མ་དངུལ་སྒོར་ཁྲི100ལས་མི་བརྒལ་བ་སྤྲོད་རྒྱུ་རེད།

  • སི་ཁྲོན་གྱིས་བྱེད་ཐབས་བཏོན་ཏེ་དབུལ་ཕོངས་མི་འབོར10ཡན་ལས་ཞུགས་བསྡུ་ལེན་བྱས་པའི་ཁེ་ལས་དེ་ལས་ཞུགས་རོགས་སྐྱོར་རྟེན་གཞིར་གཏན་འཁེལ་བྱེད་པ་དང་འབྲེལ་ཐེངས་གཅིག་རང་བཞིན་གྱི་བྱ་དགའ་དང་ཁ་གསབ་སྒོར་ཁྲི5སྤྲོད་རྒྱུ་རེད།

  • ཧྲན་ཞིས་བྱ་ཐབས་པར་འགྲེམ་བྱས་ཏེ། ཞང་གི་དམག་ལོག་དམག་མི་སོགས་གཟིགས་སྐྱོང་བྱ་ཡུལ་གྱིས་ཞིང་ཆེན་ནང་ཁུལ་གྱི་གཞུང་བཙུགས་སྨན་བཅོས་སྒྲིག་གཞིར་སྨན་བཅོས་བྱེད་སྐབས་སྤྱིར་བཏང་སྒོ་བསྟེན་སྨན་བཅོས་ཀྱི་བརྟག་དཔྱད་གྲོན་དངུལ་བསྡུ་མི་ཆོག

    དེ་རིང་གི་གནམ་གཤིས།

4.jpg

  • ཐའེ་ཝན་གླིང་ཕྲན་གྱི་ས་ཆ་མང་ཆེ་བ་དང་། ཧྥུ་ཅན། ཀྲེ་ཅང་གི་ལྷོ་རྒྱུད་དང་ཤར་རྒྱུད། ཀོང་ཏུང་གི་ཤར་རྒྱུད། ཅང་ཞིའི་ཤར་རྒྱུད་སོགས་ས་ཁུལ་དུ་དྲག་ཆར་ནས་དྲག་ཆར་ཆེན་པོ་འབབ་རྒྱུ་རེད། ཐའེ་ཝན་གླིང་ཕྲན་གྱི་ལྷོ་ནུབ་རྒྱུད་དང་། ཧྥུ་ཅན་གྱི་བྱང་ཤར་རྒྱུད་ཀྱི་མཚོ་རྒྱུད། ཀྲེ་ཅང་གི་ཤར་རྒྱུད་ཀྱི་མཚོ་རྒྱུད་སོགས་ས་ཁུལ་ཏུ་དྲག་ཆར་ཧ་ཅང་ཆེན་པོ་འབབ་རྒྱུ་རེད། གཞན་ཡང་ནང་སོག་གི་ཤར་རྒྱུད་དང་། ཅི་ལིན། ལེའོ་ཉིང་། ཧོ་པེའི་ཤར་རྒྱུད། ཧྲན་ཏུང་གི་བྱང་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་ཆེན་ནས་དྲག་ཆར་འབབ་རྒྱུ་དང་། དེའི་ནང་ལེའོ་ཉིང་གི་ནུབ་རྒྱུད་དང་ཤར་ལྷོའི་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།