དེ་རིང་ནི2024ལོའི་ཟླ09པའི་ཚེས08ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཁོ་མོ་ཨ་རིའི་ཙུང་ཐུང་འདེམས་བསྐོར་ཞུགས་རྒྱུ་རེད།

2024-07-26 09:12:15   |   153

རྩོམ་སྒྲིག  དོན་འགྲུབ་མཚོ།   ཡོང་ཁུངས།  མི་དམངས་དྲ་བ།   བཤེར་འབེབས།  རིན་ཆེན་ཚེ་རིང་།


ཨ་རིའི་སྨྱན་སྦྱོར་གྱི་སྡོམ་རྩིས་གཞི་གྲངས་ལས་མངོན་པར། ཉེ་ཆར་ཙུང་ཐུང་གཞོན་པ་ཧ་ལི་སིར་དམངས་གཙོ་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་འདང་ངེས་ཀྱི་རྒྱབ་སྐྱོར་ཐོབ་ནས། དམངས་གཙོ་ཏང་གི་ཙུང་ཐུང་འོས་མིའི་མིང་འདོན་གཞི་རྩའི་ཐོག་ནས་གཏན་འཁེལ་བྱས་པ་རེད།

པའེ་ཏེང་འདེམས་བསྐོ་ལས་ཕྱིར་འཐེན་བྱས་རྗེས། ཁོ་པའི་ས་ནས་ཧ་ལི་སིས་ལས་མི་ཆིག་སྟོང་ལྷག་ཙམ་ཡོད་པའི་འདེམས་བསྐོའི་ཚོགས་པ་དང་། དེ་བཞིན་ཟླ6པའི་ཟླ་མཇུག་བར་ཨ་སྒོར་ཁྲི9600ཙམ་གྱི་འདེམས་བསྐོའི་མ་དངུལ་རྒྱུན་འཛིན་བྱས་པ་རེད། པའེ་ཏེང་གི“དངུལ་འཛིན་ཁེ་དབང”ཐོབ་རྗེས་ཀྱི་ཆུ་ཚོད24ཡི་ནང་། ཁོ་མོར་སླར་ཡང་ཞལ་འདེབས་རྒྱག་མཁན་ཁྲི88.8ལྷག་ཙམ་གྱི་ས་ནས་ཞལ་འདེབས་ཨ་སྒོར་ཁྲི8100ཐོབ་ཡོད་པ་རེད།

微信图片_20240726091632.jpg


མཉམ་སྤྱོད།