དེ་རིང་ནི2024ལོའི་ཟླ10པའི་ཚེས18ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

གསར་བརྗེ་སློབ་གསོ་དེ་མདའ་བཞི་རྫོང་གི་ཆབ་སྲིད་ཀྱི་སློབ་ཚན་གལ་ཆེན་ཞིག་ཏུ་གྱུར་བ།

2024-07-26 10:11:06   |   290

རྩོམ་སྒྲིག   སངས་དོན།   ཡོང་ཁུངས།  མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།   བཤེར་འབེབས།  རིན་ཆེན་ཚེ་རིང་།


ཉེ་བའི་ལོ་ཤས་རིང་། མདའ་བཞི་རྫོང་གིས“‘མདེལ་གཉིས་སྐར་གཅིག’གི་སྙིང་སྟོབས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ནན་ཏན་གྱིས་ལག་བསྟར་དོན་འཁྱོལ་དང་། ཧྲུའུ་ཅི་ཁྲེན་ཀང་གིས“ཆབ་སྲིད་སློབ་ཁྲིད་དེ་སློབ་མས་ཉན་པར་སྤྲོ་བ་དང་གོ་སླ་བ། ངེས་ཐུབ་པ། ཕན་ཐོབ་པ”ཞེས་པའི་ཐད་ཀྱི་བླང་བྱར་དམིགས་ནས། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དར་སྤེལ་དང་རྒྱུན་འཛིན་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་པ་དང་། གསར་བརྗེའི་ཐོན་ཁུངས་སྔོག་འདོན་དང་སྤུས་ལེགས་སློབ་ཚན་གསར་སྐྲུན་བྱས་ཏེ།  ནུས་བ་ཅན་གྱི་དགེ་རྒན་དཔུང་སྡེ་འཛུགས་སྐྱོང་དང་སྟོབས་ཤུགས་གཅིག་སྒྲིལ། ཆབ་སྲིད་སློབ་གསོའི་ལས་དོན་གྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་བཏང་།

“མདེལ་གཉིས་སྐར་གཅིག”གི་བསམ་བློའི་གནས་ཚད་གཏན་འབེབས་བྱས་ཏེ། ཆབ་སྲིད་སློབ་གསོའི་སློབ་ཚན་མ་ལག་གསར་སྤེལ་གཏིང་ཟབ་བྱེད་པ། ཐོག་མཐའ་བར་གསུམ་དུ“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་རྒྱུན་འཛིན་དར་སྤེལ་གཏོང་བ་དང་དུས་རབས་དཔེ་ལེགས་ཀྱི་གཏམ་རྒྱུད་ཡག་པོ་བཤད་རྒྱུ་དེ་རང་གི་ལས་འགན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དང་དུས་རབས་དཔེ་ལེགས་ཀྱི་སྙིང་སྟོབས་སོགས“གསར་བརྗེའི་ཐོན་ཁུངས”སྔོག་འདོན་གང་ལེགས་བྱས་ནས་གསར་བརྗེའི་སློབ་ཁྲིད་ལམ་ཕྱོགས་གསར་སྐྲུན་དང་། གསར་བརྗེའི་གསོ་སྦྱོང་བྱེད་སྟངས་གསར་གཏོད། གསར་བརྗེའི་སློབ་ཚན་གསར་སྤེལ་དམ་འཛིན་བྱས། རྡུལ་ཕྲན་མཁར་དྲན་གསོ་ཁང་དང221རྟེན་གཞི་སོགས་གསར་བརྗེའི་གནའ་ཤུལ་གྱི་རྒྱུ་ཆ་མང་པོ་བསྡུ་རུབ་བྱེད་པ་དང་། སྨོན་ལམ་མཐོན་པོ་དང་དེ་བཞིན“ནུབ་མཚོ་བསྟོད་གླུའམ”ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་ཉམས་ལེན་ཁང་། བློ་མཐུན་སྐལ་བཟང་གི་དུས་རབས་དཔེ་ལེགས་དྲན་གསོ་ཁང་སོགས་ཁྱད་ལྡན་ཐོན་ཁུངས་སྔོག་འདོན་བྱས་ནས་སློབ་རིམ་མི་འདྲ་བའི་སློབ་མའི་སློབ་གསོ་དང་ལག་ལེན་གྱི་དགོས་མཁོར་བསྟུན་ནས་ཉིན1ནས7བར་གྱི་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་ལམ་ཐིག4དང་ཕྱོགས་བསྡུས་ལག་ལེན་ལྟེ་གནས་ཀྱི་སློབ་ཚན10གསར་སྤེལ་བྱས་ཤིང་། བརྙན་ལམ་དངVRཉམས་ལེན་སོགས་སྤྱད་ནས་འགྲེམས་སྟོན་ཁང་གི་སློབ་གསོ་དང་སློབ་གྲྭའི་སློབ་གསོ། དྲ་ཐོག་སློབ་གསོའི་མ་ལག་འཐུས་ཚང་དུ་བཏང་བ་དང་།  གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བྱ་རྒྱུ་དེ་གཞོན་ནུ་ལོ་ཆུང་གི་གསར་བརྗེའི་ཁྲག་རྒྱུད་རྒྱུན་མཐུད་བྱེད་པའི་ལག་ལེན་གལ་ཆེན་ཞིག་ཏུ་བརྩིས་ནས་མི་རིགས་བསྐྱར་དར་གྱི་འགན་འཁྲི་ཆེན་པོ་འཁུར་ཐུབ་པའི་དུས་རབས་ཀྱི་མི་བུ་གསོ་སྐྱོང་བྱ་ཆེད་མདའ་བཞི་རྗོང་གི་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད།

“གསར་བརྗེ་ཞིབ་འཇུག་སློབ་གསོའི”འཕེལ་ཕྱོགས་ལ་དོ་སྣང་ཆེན་པོ་བྱས་ནས། ཆབ་སྲིད་སློབ་གསོའི་རྟེན་གཞི་ཁྱོན་ཡོངས་ནས་བསྐྲུན་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་“གསར་བརྗེའི་གཞི་རྒྱུད་རྒྱུན་འཛིན་དང་གསར་བརྗེའི་ཁྲག་རྒྱུད་རྒྱུན་མཐུད་བྱེད་པའི”མཛུབ་སྟོན་གལ་ཆེན་གྱི་བླང་བྱ་ལྟར། ཞིང་ཆེན་ཏང་ཨུའི“རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་བྱ་ཡུལ་གསར་སྐྲུན་བྱེད་པའི”སྤྱིའི་དམིགས་ཚད་གཞིར་བཟུང་ནས། གསར་བརྗེའི་ཐོན་ཁུངས་ཀྱི་སྤུས་ཚད་ལ་གཞི་ཚུགས་པ་དང་། ཁྱད་ཆོས་ལྡན་པའི་ཐོན་ཁུངས་སྡེབ་སྒྲིལ། གནས་སྐོར་ཞིབ་འཇུག་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ། མ་དངུལ་སྒོར་དུང་ཕྱུར1.45བཏང་ནས་རྒྱལ་ཁབ་རིམ་པའི་ཀྲུང་གོའི་རྡུལ་ཕྲན་མཁར་གཞོན་ནུ་ལོ་ཆུང་གི་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞི་གསར་བསྐྲུན་བྱས། དུས་མཚུངས་སུ། རྡུལ་ཕྲན་མཁར་དྲན་གསོ་ཁང་དང221རྟེན་གཞིའི་གནས་ཡུལ། དུས་རབས་དཔེ་ལེགས་དྲན་གསོ་ཁང་། ཝང་ལུའོ་པིང་རོལ་དབྱངས་སྒྱུ་རྩལ་ཁང་སོགས་ཐོན་ཁུངས་བསྡུ་སྒྲིལ་བྱས་ཏེ། “རི་བོ་གཉིས”ཀྱི་རིགས་པའི་གཞུང་ལུགས་ལག་ལེན་སློབ་གསོའི་རྟེན་གཞི་དང་། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་ཉམས་ལེན་ཁང་། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་སོགས་སློབ་ཁྲིད་བྱེད་ས་གསར་བསྐྲུན་བྱས་ཏེ། “ཁུལ་གཅིག་དང་ཕྱོགས་གཉིས། ཁང་གསུམ། ཅན་བཞི་དང་གནས་མང་པོའི”གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་མ་ལག་གསར་བསྐྲུན་བྱས། ཀྲུང་གོའི་རྡུལ་ཕྲན་མཁར་གྱི་གཞོན་ནུ་ལོ་ཆུང་གི་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞི་དེ་སྔ་རྗེས་སུ་མཚོ་སྔོན་ཞིང་ཆེན་གྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་ཞིབ་འཇུག་སློབ་སྦྱོང་ལག་ལེན་རྟེན་གཞི་ཁག་གསུམ་པ་དང་། མཚོ་སྔོན་ཞིང་ཆེན་ཚན་རིག་ཁྱབ་སྤེལ་སློབ་གསོའི་རྟེན་གཞི། གུང་གཞོན་ཚོགས་པ་དང་ཞིང་ཆེན་ཨུ་ལྷན་གྱི་རྒྱལ་གཅེས་རིང་ལུགས་སློབ་གསོའི་རྟེན་གཞི་བཅས་ཀྱི་ཆོག་མཆན་ཐོབ་ནས་རྒྱལ་ཡོངས་ཀྱི་རྨ་ཆུའི་འབབ་རྒྱུད་ཀྱི་ཞིབ་འཇུག་སློབ་སྦྱོང་མནའ་འབྲེལ་ཁོངས་མིའི་ལས་ཁུངས་སུ་ཚུད། ཀྲུང་གོའི་རྡུལ་ཕྲན་མཁར་གྱི་གཞོན་ནུ་ལོ་ཆུང་གི་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞི་འཛུགས་སྐྲུན་བྱས་པའི་ཚུན་ཏུ། ཞིང་ཆེན་ཡོངས་ཀྱི་སློབ་ཆེན་སློབ་མའི“མར་ཁེ་སི་རིང་ལུགས”གསོ་སྦྱོང་འཛིན་གྲྭ་དང་། ཞང་ཀང་གི་གཞོན་ནུ་ལོ་ཆུང་མཚོ་སྔོན་དུ་བསྐྱོད་པའི་ཉམས་ལེན་བྱེད་ས། ལུའུ་ཆིན་ཁྱིམ་ཚང་གཅིག སློབ་གྲྭ་འབྲིང་ཆུང་གི་ཞིབ་འཇུག་སློབ་སྦྱོང་སོགས་རིགས་སྣ་ཚོགས་ཀྱི་གསོ་སྦྱོང་ཐེངས43སྤེལ་བ་དང་མི་གྲངས2966ཡོད། ཆབ་སྲིད་སློབ་ཚན་གྱི་སློབ་གསོར་བརྟེན་ནས་གཞོན་ནུ་ལོ་ཆུང་གི་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་ལག་ལེན་རྒྱ་ཆེར་གཏོང་བའི་རྣམ་པ་གསར་པ་དང་ཐབས་ལམ་གསར་པ་བཏོད་ཡོད།

“མི་གཞི་སྐྱོང་བའི”སློབ་ཁྲིད་ཀྱི་དམིགས་ཡུལ་ལྟར། ཆབ་སྲིད་སློབ་གསོའི་ནུས་བ་ཅན་གྱི་དགེ་རྒན་དཔུང་སྡེ་འཛུགས་སྐྱོང་བྱེད་པ། “ཆབ་སྲིད་ཀྱི་ལངས་ཕྱོགས་གསལ་བ་དང་བརྩེ་སེམས་ཟབ་པ། བསམ་བློ་གསར་པ་ཡོད་པ། མཐོང་རྒྱ་ཆེ་བ། རང་གཅུན་ནན་པ། མི་གཤིས་དྲང་པོ་བཅས་ཀྱི་ཆབ་སྲིད་ཀྱི་དགེ་རྒན་དཔུང་སྡེ་འཛུགས་སྐྱོང་བྱ་རྒྱུའི་སྐོར་ལ་ཧྲུའུ་ཅི་ཁྲེན་ཀང་གི་བླང་བྱ་གཞིར་བཟུང་ནས། རྫོང་ཡོངས་ཀྱི་ཆབ་སྲིད་དགེ་རྒན72ཁྲོད། དགེ་ཐོན་ཆེད་ལས་ཀྱིས96%ཟིན་པ་དང་། དངོས་གཞིའི་བསླབ་གནས་ཅན་ཀྱིས91.8%ཟིན་ཡོད། འབྲིང་རིང་དང་མཐོ་རིམ་གྱི་གོ་མིང་ཐོབ་པའི་དགེ་རྒན་གྱིས66%ཟིན་ཡོད་པ་རེད། ཆབ་སྲིད་སློབ་ཚན་གྱི་དགེ་རྒན་གསོ་སྦྱོང་བྱ་རྒྱུ་དེ“རྒྱལ་ཁབ་གསོ་སྦྱོང”དང“ཞིང་ཆེན་གསོ་སྦྱོང”གི་འཆར་གཞིའི་ནང་བཅུག་ནས་ཆབ་སྲིད་རིགས་པའི་གཞུང་ལུགས་གསོ་སྦྱོང་དེ་ཁྱོན་ཡོངས་སུ་ཁྱབ་པར་བྱས། ཞིང་ཆེན་ཡོངས་ཀྱི་ཆབ་སྲིད་རིགས་པའི་གཞུང་ལུགས་སློབ་ཚན་གྱི་དགེ་རྒན་གྱི“སྣེ་ཁྲིད་འཆར་གཞི”སོགས་ཀྱི་བྱེད་སྒོའི་ནང་ཞུགས་རྒྱུའི་སྒྲིག་འཛུགས་བྱས་ཏེ། སློབ་གྲྭ་འབྲིང་ཆུང་གི་ཆབ་སྲིད་རིགས་པའི་གཞུང་ལུགས་སློབ་ཚན་གྱི་དགེ་རྒན་གྲགས་ཅན་དང་རྐང་འཛིན་དགེ་རྒན་ཁག་གཅིག་འདེམས་སྒྲིག་གསོ་སྐྱོང་བྱས་པ་དང་། མདོ་ལ་སློབ་ཆུང་གི་དགེ་རྒན1ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་ཆབ་སྲིད་སློབ་གསོའི་སྒྲོག་འགྲེལ་ཚོགས་པར་བདམས་ཐོན་བྱུང་། ཆབ་སྲིད་སློབ་ཚན16གསར་སྤེལ་བྱས་ནས་སློབ་ཁྲིད་ཀྱི་རིགས་སྣ་ཕུན་སུམ་ཚོགས་པར་བྱས། “མདེལ་གཉིས་སྙིང་སྟོབས་དར་སྤེལ་བཏང་ནས་གསར་བརྗེའི་ཁྲག་རྒྱུད་རྒྱུན་མཐུད་བྱེད་པ”སོགས་གསར་བརྗེའི་ཞིབ་འཇུག་དང་སློབ་སྦྱོང་གི་བརྗོད་བྱ་གཙོ་བོའི་བྱེད་སྒོ་ཐེངས20སྤེལ་བ་དང་མི་ཐེངས1380སྒྲིག་འཛུགས་བྱས། གསར་བརྗེའི་ཞིབ་འཇུག་དང་སློབ་སྦྱོང་གི་ཕྱོགས་བསྡུས་ལག་ལེན་བྱེད་སྒོ་ཐེངས62སྤེལ་བ་དང་། མི་ཐེངས1162ཞུགས། ཆབ་སྲིད་སློབ་ཚན་གྱི་སློབ་ཁྲིད་བྱེད་ཐབས་གསར་གཏོད་བྱས་ཏེ། རྒྱལ་གཅེས་ཏང་གཅེས་ཀྱི་སློབ་གསོ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ། ཞིང་ཆེན་དང་ཁུལ། རྫོང་གི་གནས་ཚུལ་སློབ་གསོ་སོགས་སློབ་ཚན་ནང་དུ་ཚུད་པར་བྱས། རྒྱུན་རྣམ་ཅན་གྱི་སྒོ་ནས་མགོ་ཁྲིད་ལས་བྱེད་པའི་ཁྲིད་སྟེགས་སྟེང་ཆབ་སྲིད་སློབ་ཚན་སློབ་ཁྲིད་བྱེད་རྒྱུ་དང་། ཁྲིམས་སྐྱོང་སློབ་གཙོ་གཞོན་པ་དང་སྔོན་ཐོན་དཔེ་བཟང་སོགས་ཆབ་སྲིད་སློབ་ཚན་གྱི་གཅིག་ལྕོགས་དགེ་རྒན་གདན་ཞུ་བྱས་ཏེ། དུས་བཀག་ལྟར་ཆབ་སྲིད་སློབ་ཚན་ཁྲིད་པའམ་ཡང་ན་ཆེད་དོན་སྙན་ཞུ་ཕུལ་ནས་ཆབ་སྲིད་སློབ་ཚན་གྱི་མི་གཞི་སྐྱོང་བར་བྱེད་པའི་ཕན་འབྲས་རྒྱུན་ཆད་མེད་པར་ཆེ་རུ་བཏང་།


མཉམ་སྤྱོད།