དེ་རིང་ནི2024ལོའི་ཟླ09པའི་ཚེས08ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

«གནའ་བོའི་ཕོ་བྲང་རྟེན་རྫས་བཤམས་མཛོད་གླིང་དུ་ཉར་བའི་བོད་ཡིག་གི་གླེང་གཞི་དང་མཇུག་བྱང་འགྱུར་མཆན»པར་སྐྲུན་འགྲེམས་སྤེལ་བྱས།

2024-07-26 10:23:17   |   93

རྩོམ་སྒྲིག སངས་རྒྱས་སྐྱིད།  ཡོང་ཁུངས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། བཤེར་འབེབས། རིན་ཆེན་ཚེ་རིང་།


  ཉེ་སྔོན། «གནའ་བོའི་ཕོ་བྲང་རྟེན་རྫས་བཤམས་མཛོད་གླིང་དུ་ཉར་བའི་བོད་ཡིག་གི་གླེང་གཞི་དང་མཇུག་བྱང་འགྱུར་མཆན»ཞེས་པ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་འགྲེམས་སྤེལ་བྱས།

1.jpg

«གནའ་བོའི་ཕོ་བྲང་རྟེན་རྫས་བཤམས་མཛོད་གླིང་དུ་ཉར་བའི་བོད་ཡིག་གི་གླེང་གཞི་དང་མཇུག་བྱང་འགྱུར་མཆན»ནི་རྒྱལ་ཁབ་གནའ་དཔེ་ལས་ཀའི་འཆར་འགོད་རྣམ་གྲངས་དང་རྒྱལ་ཁབ་མི་རིགས་སྐད་ཡིག་ཆེད་དམིགས་དཔེ་སྐྲུན་རོགས་དངུལ་རྣམ་གྲངས། རྒྱལ་ཡོངས་གྲངས་ཉུང་མི་རིགས་གནའ་དཔེ་ལས་ཀའི“ལོ་ལྔའི་འཆར་གཞི་ཐེངས་བཅོ་ལྔ་བའི་”འཆར་འགོད་ཀྱི་གཙོ་གནད་རྣམ་གྲངས། 2023ལོའི་རྒྱལ་ཁབ་མི་རིགས་ཨུ་ཡོན་ལྷན་ཁང་གི་མི་རིགས་ཞིབ་འཇུག་རོགས་དངུལ་རྣམ་གྲངས་ཡིན།

2.png

 དེབ་འདིར་གནའ་བོའི་ཕོ་བྲང་རྟེན་རྫས་བཤམས་མཛོད་གླིང་དུ་ཉར་བའི་བོད་ཡིག་གི་གླེང་གཞི་དང་མཇུག་བྱང་རྣམས་ཕྱོགས་གཅིག་ཏུ་བསྡུས་ནས་འགྱུར་མཆན་བཏབ་ཡོད་པས་རིག་གཞུང་ཞིབ་འཇུག་པའི་སྡེ་ལ་རྨང་གཞིའི་རྒྱུ་ཆ་དང་ལོ་རྒྱུས་ཀྱི་དཔྱད་གཞི་གལ་ཆེན་མཁོ་འདོན་བྱས་ཡོད། རྒྱུ་ཆ་འདི་དག་གིས་ཆིང་སྲིད་གཞུང་སྐབས་ཀྱི་དབང་སྒྱུར་པའི་འཚོ་བ་དང་མི་རིགས་ཁག་དབར་གྱི་སྤེལ་རེས་དང་འགྲོ་འོང་། མཉམ་འདྲེས་སོགས་ཀྱི་ལོ་རྒྱུས་དོན་དངོས་མཚོན་ཡོད་པས། སྐབས་དེའི་མི་རིགས་སྲིད་ཇུས་དང་ནང་བསྟན་ལོ་རྒྱུས། བོད་བརྒྱུད་ནང་བསྟན་གྱི་ཆོ་ག་དང་ཕྱག་ལེན་སོགས་ཀྱི་སྐོར་ལ་ཞིབ་འཇུག་བྱེད་པར་ཕན་ནུས་གང་ལེགས་ཐོན་ཡོད།


མཉམ་སྤྱོད།