དེ་རིང་ནི2024ལོའི་ཟླ09པའི་ཚེས17ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-07-29 07:31:29   |   224

སྒྲིག་སྒྱུར། ཁོན་ཐར་ཚེ་རིང་།  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།  བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུ་དང་། ཀྲུང་ཧྭ་རྒྱལ་ཡོངས་ལུས་རྩལ་སྤྱི་ཁྱབ་ལྷན་ཚོགས། ཀྲུང་གོའི་ཨོ་རྩལ་ཨུ་ལྷན་བཅས་ཀྱིས་གློག་འཕྲིན་བཏང་ནས་ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པ་ཡིས་འགྲན་བསྡུར་ཉིན་དང་པོར་གྲུབ་འབྲས་བཟང་པོ་བླངས་པར་རྟེན་འབྲེལ་ཞུས།

01.jpg

  • ས་གནས་དེ་གའི་དུས་ཚོད་ཟླ7པའི་ཚེས28ཉིན། ཀྲུང་གོའི་འགྲན་ཞུགས་པ་ཞེ་ཡུས་ཀྱིས་ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ཀྱི་སྐྱེས་པའི་སྨི་བཅུའི་དབུགས་མདའི་རྟིང་རྩོད་འགྲན་བསྡུར་ཁྲོད་གསེར་གྱི་རྟགས་མ་བླངས།

  • ད་ལོའི་ལོ་སྟོད་དུ། རང་རྒྱལ་གྱི་ས་ཁོངས་ལས་བརྒལ་བའི་མི་སྣ་འགྲོ་སྐྱོད་བྱེད་ཚད་མི་ཐེངས་དུང་ཕྱུར324.1ཡིན། 

  • ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ཚེས28ཉིན་ཞིབ་དཔྱོད་ལས་ཁུངས་ཀྱིས་དྲ་རྒྱའི་གཏུམ་སྤྱོད་ལ་བརྟེན་ནས་ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་བཏང་བར་ཁྲིམས་ལྟར་ཁྲིམས་ཆད་བཅད་པའི་དཔེ་མཚོན་གྱོད་གཞི་ཁྱབ་བསྒྲགས་བྱས། 

  • རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱལ་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་གྱི་གནས་ཚུལ་སྤེལ་བར་གཞིགས་ན། 2023ལོའི་ལོ་མཇུག་བར་དུ། ཀྲུང་དབྱང་ཁེ་ལས་ཀྱི་རྒྱུ་ནོར་སྡོམ་འབོར་སྒོར་དུང་ཕྱུར་ཁྲི86.6ལ་ཐོན་པ་དང་། 2012ལོའི་ལོ་མཇུག་གི་ལྡབ2.8རེད།

  • ད་ལོའི་ལོ་སྟོད་དུ། རང་རྒྱལ་གྱི་མཉེན་ཆས་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར62350ཡིན་པ་དང་། དུས་མཚུངས་ལས11.5%འཕར།

  • རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུའི་གྲངས་གཞི་ལས་མངོན་པར། ཟླ1པོ་ནས་ཟླ6པའི་བར། རང་རྒྱལ་གྱི་ཕྱི་དངུལ་ཁྲོམ་རར་རིམ་རྩིས་བྱས་ན་མི་དམངས་ཤོག་སྒོར་དུང་ཕྱུར་ཁྲི135.43བརྗེ་རེས་བྱས་ཡོད།

02.jpg

  • མིག་སྔར། རིམ་རྩིས་བྱས་ན་ཐེངས100འཁོར་སྐྱོད་བྱས་པའི“ཀྲུང་ཅི་ཝུའུ”ཞེས་པའི་གཞུང་ལམ་དང་ལྕགས་ལམ་འབྲེལ་ནས་འཁོར་སྐྱོད་བྱེད་པའི་མེ་འཁོར་གྱི་རྒྱུན་གཏན་ཅན་གྱི་འཁོར་སྐྱོད་མངོན་འགྱུར་བྱུང་།

  • ཚེས28ཉིན། མ་ལེ་ཞི་ཡའི་ཙུང་ལི་ལས་ཤག་གིས་གསལ་བསྒྲགས་སྤེལ་ནས། མ་ལེ་ཞི་ཡས་འབོ་གསེར་རྒྱལ་ཁབ་ཀྱི་རེས་འཁོར་ཀྲུའུ་ཞིའི་རྒྱལ་ཁབ་ཨུ་རུ་སུར་ཡི་གེ་སྤྲིངས་ནས་འབོ་གསེར་རྒྱལ་ཁབ་ཀྱི་མཉམ་ལས་ལམ་སྲོལ་ནང་ཞུགས་རྒྱུའི་རེ་ཞུ་བྱས་ཡོད་ཅེས་བཤད། 

སྤྱི་ཚོགས།

03.jpg

  • ཆུ་བེད་པུ་དང་ཀྲུང་གོ་གནམ་གཤིས་ཅུ་ཡིས་མཉམ་འབྲེལ་ཐོག་སྔོན་བརྡ་བཏང་ནས། དེ་རིང་། ཧུའུ་ནན་གྱི་ནུབ་བྱང་རྒྱུད་དང་། ཁྲུང་ཆིང་གི་ཤར་རྒྱུད། ཀུའེ་ཀྲོའུ་ཡི་བྱང་ཤར་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཆུ་ལོག་གི་གནོད་འཚེ་ཐོན་པའི་ཉེན་ཁ་ཡོད་ཅེས་བསྒྲགས། 

  • ཚེས28ཉིན། རྒྱལ་ཁབ་འགོག་སྲུང་སྤྱི་ཁྱབ་ཅུ་ཡིས་ཅི་ལིན་ལ་དམིགས་པའི་འབྲུབ་འགོག་རིམ་པ་བཞི་པའི་འཕྲལ་སྡོམ་དང་ལེན་དེ་རིམ་པ་གསུམ་བར་མཐོ་རུ་གཏོང་རྒྱུ་དང་། ཁྲུང་ཆིང་ལ་དམིགས་ནས་འབྲུབ་འགོག་རིམ་པ་བཞི་པའི་འཕྲལ་སྡོམ་དང་ལེན་བྱེད་འགོ་ཚུགས་པ་རེད། རྒྱལ་ཁབ་འགོག་སྲུང་སྤྱི་ཁྱབ་གཞུང་དོན་ཁང་གིས་ལས་དོན་ཚོགས་ཆུང་ཅི་ལིན་དུ་མངགས་ནས་འབྲེལ་ཡོད་ལས་དོན་ལ་གཞོགས་འདེགས་དང་མཛུབ་ཁྲིད་བྱས་པ་རེད། 

  • ཧུའུ་ནན་ཞིང་ཆེན་འཕྲལ་སྡོམ་བཀོད་འདོམས་ལྟེ་གནས་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཧུའུ་ནན་ཧེང་དབྱང་ནན་ཡུའེ་ཆུས་ནས་གློ་བུར་དུ་རི་ཉིལ་བྱུང་ནས་མི15རྐྱེན་ལམ་དུ་ཤོར་བ་དང་། མི6ལ་རྨས་སྐྱོན་ཕོག་པ་རེད། མིག་སྔར། ཡུལ་དངོས་ཀྱི་རོགས་སྐྱོབ་ལས་དོན་མཇུག་འགྲིལ་ནས་རྨས་སྐྱོན་ཕོག་མཁན་སྨན་ཁང་དུ་སྐྱོབ་བཅོས་བྱེད་པར་བསྐྱལ་བ་རེད། 

  • བརྟག་དཔྱད་གསར་ཤོས་ལས་མངོན་པར། རང་རྒྱལ་གྱི་སྡོང་དམར་ནགས་ཚལ་གྱི་རྒྱ་ཁྱོན་མུའུ་ཁྲི43.8བར་འཕར་ནས། རྒྱ་ཁྱོན་གློ་བུར་དུ་ཇེ་ཉུང་དུ་འགྲོ་བའི་རྣམ་པ་ཐོག་མར་བསྒྱུར་ཐུབ་ཡོད་པ་རེད། 

  • གྲངས་གཞི་ལས་མངོན་པར། 2023ལོའི་མཚོ་སྔོན་པོའི་ལོ་རེའི་ཆ་སྙོམས་ཆུ་གནས་སྨི3196.6ཡིན་པ་དང་། ཉེ་བའི་ལོ་བཅུའི་ཆ་སྙོམས་གྲངས་ཐང་ལས་སྨི1.3འཕར་ཡོད། 

  • ཚེས28ཉིན། ཧྭ་ནེང་ཧྲན་ཏུང་ཧྲི་ཏའོ་ཁུག་ཉིང་རྡུལ་གློག་ཁང་རྟེན་གཞིའི་རྒྱས་སྐྲུན་ལས་གྲྭའི་འཕྲུལ་ཚན་ཨང་རྟགས1པོ་དང་ཀྲུང་ཀོང་ཉིང་རྡུལ་ཕུའུ་ཅན་ཉིང་ཏེ་ཉིང་རྡུལ་གློག་ཁང་གི་འཕྲུལ་ཚན་ཨང་རྟགས5པའི་ལས་གྲྭ་གཙོ་བོ་དུས་གཅིག་ཏུ་འཛུགས་སྐྲུན་བྱེད་འགོ་ཚུགས། 

  • ཉེ་ཆར། སི་ཁྲོན་ཞིང་ཆེན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་ཧུང་ཡོན་རྫོང་དུ་གནས་པའི་ཀྲུང་གོ་ཚན་རིག་ཁང་གི་མཛོད་དགེ་འདམ་རའི་སྣོད་བཅུད་ཞིབ་འཇུག་ས་ཚིགས་ཁྱོན་ཡོངས་ནས་བེད་སྤྱོད་གཏོང་འགོ་ཚུགས།

04.jpg

  • ཀྲེ་ཅང་རང་བྱུང་རྟེན་རྫས་བཤམས་སྟོན་ཁང་གི་གནའ་བོའི་སྐྱེ་དངོས་ཞིབ་འཇུག་ཚོགས་པས་འགྱུར་རྡོར་ཞིབ་འཇུག་བྱས་པ་བརྒྱུད། གཏུམ་འབྲུག་རིགས་ཀྱི་སྲིན་འབྲུག་རིགས་གསར་པ་སྟེ། ཞུས་ཧྲི་ཨེ་ཤེ་ཡའི་གཏུམ་འབྲུག་ངོས་འཛིན་བྱས་པ་རེད། 

  • ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་ཝུའུ་ཀྲུང་གྲོང་ཁྱེར་སྤྱི་བདེ་ཅུའི་སུན་ཅ་ཐན་ཡན་ལག་ཅུ་ཡི་ཅུ་ཀྲང་ཝང་ཏ་ཝེ་ཡིས་རུ་སྣེ་ཁྲིད་དེ་གྲི་བཟུང་བའི་ཉེས་གསོག་དོགས་ཅན་འཛིན་བཟུང་བྱེད་སྐབས་སྟབས་མ་ལེགས་པར་གཞུང་དོན་ཐོག་རང་སྲོག་ཤོར་བ་དང་ཁོ་ལོ50ཙམ་ཡིན།

སྲིད་ཇུས།

  • 《སྤྱི་གཉེར་ཐོ་འགོད་དོ་དམ་ལག་བསྟར་བྱེད་ཐབས》ནང་ཉིན་ཤས་གོང་ཡོངས་བསྒྲགས་ངང་བསམ་འཆར་བསྡུ་ལེན་བྱས་པ་དང་། སྤྱི་གཉེར་ཐོ་འགོད་ལས་ཁུངས་ཀྱིས་གཏན་འབེབས་ལྟར་སྤྱི་གཉེར་གཅིག་གྱུར་གྱི་སྤྱི་ཚོགས་ཡིད་རྟོན་ཚབ་རྟགས་ཡུན་རིང་ཉར་ཚགས་བྱས་ཏེ་ཁུངས་འདེད་དང་འདྲི་རྩད་ཐུབ་པར་འགན་ལེན་བྱེད་དགོས་པ་གཏན་འབེབས་བྱས་ཡོད། 

  • ཀྲུང་དབྱང་དངུལ་ཁང་གིས་སྒྲིག་སྲོལ་ཞིབ་ཕྲ་ཁྱབ་བསྒྲགས་བྱས་ནས། གཏོང་སྤྲོད་སྒྲིག་གཞི་འཛུགས་པ་དང་བསྒྱུར་བཅོས་བྱེད་པ། མཚམས་འཇོག་པ་སོགས་དོན་ཚན་གྱི་རེ་ཞུའི་དཔྱད་གཞི་དང་། ཆོག་འཐུས་ཆ་རྐྱེན། ཞིབ་མཆན་འགོད་པའི་གོ་རིམ་བཅས་ཞིབ་ཚགས་སུ་བཏང་ནས། ལྟ་སྐུལ་དོ་དམ་སྒྲིག་སྲོལ་གྱི་གསལ་ཚད་མུ་མཐུད་ཆེ་རུ་བཏང་སྟེ་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་རྒྱུ། 

  • ཀན་སུའུ་ཡིས་ཁང་པ་ཐེངས་གཉིས་པའི་ཐོག་མར་དངུལ་སྤྲོད་པའི་བསྡུར་ཚད་དམའ་རུ་བཏང་ནས། ཁང་པ་གཉིས་པ་ཉོས་ནས་སྤྱི་གསོག་མ་དངུལ་གྱི་དངུལ་བུན་རེ་ཞུ་བྱེད་སྐབས་ཐོག་མར་དངུལ་སྤྲོད་པའི་བསྡུར་ཚད20%ལས་མི་ཉུང་བ་རུ་བཏང་། 

དེ་རིང་གི་གནམ་གཤིས།

05.jpg

  • ཧུའུ་ནན་གྱི་ནུབ་བྱང་རྒྱུད་དང་། ཧུའུ་པེའི་ལྷོ་རྒྱུད། ཁྲུང་ཆིང་གི་དབུས་ཤར་རྒྱུད། ཀུའེ་ཀྲོའུ་དང་ཡུན་ནན་གྱི་བྱང་རྒྱུད་དང་ཤར་རྒྱུད། ཀོང་ཞིའི་ཤར་རྒྱུད་དང་ལྷོ་རྒྱུད། ཀོང་ཏུང་གི་ལྷོ་རྒྱུད། ཧྲའན་ཞིའི་ཤར་རྒྱུད། ཧོ་ནན་གྱི་ནུབ་རྒྱུད། ཧྲན་ཏུང་གི་བྱང་རྒྱུད། ལིའོ་ཉིང་གི་ཤར་རྒྱུད། ཧེ་ལུང་ཅང་གི་བྱང་ཤར་རྒྱུད་སོགས་ཀྱི་ས་ཁུལ་དུ་ཆར་ཆེན་ནས་དྲག་ཆར་འབབ་རྒྱུ་དང་། དེའི་ནང་། ཧུའུ་ནན་གྱི་ནུབ་བྱང་རྒྱུད་དང་། ཁྲུང་ཆིང་གི་ཤར་ལྷོའི་རྒྱུད། ཀོས་ཀྲིའུ་ཡི་བྱང་ཤར་རྒྱུད། ཀོང་ཏུང་གི་ལྷོ་རྒྱུད་མཚོ་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་དྲག་ཆར་ཆེན་པོ་འབབ་རྒྱུ་དང་། ས་ཆ་ལ་ལར་དྲག་ཆར་ཆེས་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།