དེ་རིང་ནི2024ལོའི་ཟླ09པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

གློ་བར་གཤགས་བཅོས་བྱས་རྗེས་ཀྱི་གློ་ལུ་བ་སེལ་ཐབས།

2024-07-29 08:55:35   |   115

རྩོམ་སྒྲིག   དོན་འགྲུབ་མཚོ།    ཡོང་ཁུངས།   འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས།   བཤེར་འབེབས།    རིན་ཆེན་ཚེ་རིང་།


གློ་ནད་ཅན་དག་ལ་གཤགས་བཅོས་བྱས་རྗེས་རྟག་པར་གློ་ལུ་བའི་ནད་རྟགས་འབྱུང་ལ། ལྷག་པར་དུ་སྐད་ཆ་མང་པོ་བཤད་པ་དང་དུ་དྲིར་བསྣམས་པ། མལ་ལས་ལངས་མ་ཐག་དང་ཉལ་སྐབས་སོགས་སུ་འབྱུང་བ་མང་། འོ་ན་ནད་པ་འདིའི་རིགས་ཀྱིས་དུས་རྒྱུན་གྱི་འཚོ་བའི་ཁྲོད་ཕྱོགས་གང་དག་ལ་གཟབ་གཟབ་བྱ་དགོས་སམ་ཞེ་ན། 

  • ཁ་ཚའི་རིགས་ཉུང་ཟ་དང་དུ་བ་གཅོད་པ། ཆང་ལ་ཚོད་འཛིན་པ།

  • དབུགས་འབྱིན་རྔུབ་སྦྱོང་བརྡར་འཕྲུལ་ཆས་ལ་བརྟེན་ནས་དབུགས་འབྱིན་རྔུབ་ཀྱི་ནུས་པ་ལེགས་སྒྱུར་བྱེད་པ།

  • གལ་ཏེ་ལུད་པ་ཡོད་ན། ཁྱིམ་མིས་ལག་ཤུགས་ཡང་མོའི་ངང་ནད་པའི་སྒལ་བ་གོང་ནས་ཞོལ་དང་ཞོལ་ནས་གོང་དུ་རིམ་བཞིན་རྡུང་བ་དང་། ཞོར་ལ་ནད་པར་དབུགས་རིང་ལེན་བྱེད་དུ་བཅུག་སྟེ་ལུད་པ་ཕྱིར་འཕུད་པ། 

  • ཉལ་སྟངས་ཀྱི་ཐད་ནས། གློ་བ་ཧྲིལ་བོ་བཅད་པའི་ནད་པས་གཤགས་བཅོས་བྱས་པའི་གནས་དེའི1/4ཙམ་གདན་ལ་གླན་ཏེ་ཉལ་བའམ་ཡང་ན་གན་རྐྱལ་དུ་ཉལ་འོས་ཏེ། དེ་ལྟར་བྱས་ན་བྲང་ཆོད་ཕར་སྒུལ་ཚུར་སྒུལ་མི་བྱེད་པར་ཕན། གློ་བའི་གཤགས་བཅོས་གཞན་བྱས་པའི་ནད་པ་ནི་ཁོག་སྟོད་ཕྱེད་ཙམ་དགྱེ་སྟེ་ཉལ་འོས་ཤིང་། དེ་ལྟར་བྱས་ན་གློ་བའི་དབུགས་ཐག10%ནས15%ཇེ་མང་དུ་ཕྱིན་ཏེ། བྲང་ཁ་དང་བྲང་ཆོད་ཀྱི་འགུལ་སྐྱོད་ཚད་མཐོར་འདེགས་གཏོང་ཐུབ་པ་དང་། དེ་ལ་བརྟེན་ནས་རླུང་དབུགས་བརྗེ་རེས་བྱེད་སའི་རྒྱ་ཁྱོན་ཇེ་ཆེར་བཏང་སྟེ་དབུགས་འབྱིན་རྔུབ་བྱེད་སྟངས་ལེགས་སྒྱུར་བྱེད་ཐུབ། 

  • མཁའ་དབུགས་གཙང་ས་ཞིག་བཙལ་ནས་དབྱང་ལྡན་འགུལ་སྐྱོད་བྱ་འོས་ཏེ། དཔེར་ན་ཡོ་ག་དང་འཆམ་འཆམ། དལ་རྒྱུག རྩ་རླུང་སྦྱོང་བརྡར་སོགས་བྱས་ཆོག 


མཉམ་སྤྱོད།