དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ན་གོར་མོ་ནས་ཁྲེང་ཏུའུ་བར་ཐད་འཕུར་གནམ་གྲུ་ཤར་གཏོང་བྱས།

2024-07-29 09:29:54   |   110

རྩོམ་སྒྲིག  དོན་འགྲུབ་མཚོ།    ཡོང་ཁུངས།  མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།   བཤེར་འབེབས།  རིན་ཆེན་ཚེ་རིང་།


ཟླ7པའི་ཚེས30ཉིན་ཁྲེང་ཏུའུ་ནས་ན་གོར་མོར་ཐད་ཀར་འཕུར་བའི་དུས་གཏན་མཁའ་ལམ་དངོས་སུ་འབྱེད་རྒྱུ་ཡིན་ལ། དེས་ཁྲེང་ཏུའུ་ནས་ན་གོར་མོའི་བར་གྱི་འགྲོ་འོང་ལ་སྟབས་བདེ་བསྐྲུན་རྒྱུ་རེད། གནམ་གྲུ་དེ་བཏང་རྗེས་ས་གནས་གཉིས་བར་ལ་ཆུ་ཚོད2.5ཙམ་ལས་མི་དགོས་པ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། མཁའ་ལམ་དེ་བོད་ལྗོངས་མཁའ་འགྲུལ་སྤྱི་གཉེར་གྱིས་ལག་བསྟར་བྱས་ཡོད་ཅིང་། ཟླ7པའི་ཚེས30ཉིན་མཁའ་འགྲུལ་གནམ་གྲུA319སྤྱད་དེ་གཏོང་མགོ་བརྩམ་རྒྱུ་ཡིན་ལ། གཟའ་འཁོར་རེའི་གཟའ་མིག་དམར་དང་གཟའ་ཕུར་བུ། གཟའ་སྤེན་པ་བཅས་གཟའ་འཁོར་རེར་ཐེངས་གསུམ་རེ་གཏང་རྩིས་ཡོད། ཕར་གཏོང་གི་གནམ་གྲུ་ནི་ཨང་རྟགསTV9965ཅན་གྱི་གནམ་གྲུ་ཡིན་པ་དང་། ཆུ་ཚོད12:55སྟེང་ཁྲེང་ཏུའུ་ཧྲོང་ལིའུ(双流)རྒྱལ་སྤྱིའི་གནམ་གྲུ་ཐང་ནས་འཕུར་རྒྱུ་དང་། ཆུ་ཚོད15:35སྟེང་ན་གོར་མོའི་གནམ་གྲུ་ཐང་དུ་འབྱོར་ཐུབ་པའི་འཆར་གཞི་བཀོད་ཡོད་ལ། མཁའ་ཐོག་འཕུར་སྐྱོད་ཀྱི་དུས་ཐག་ཆུ་ཚོད2དང་སྐར་མ40ཙམ་ཡིན། ཚུར་གཏོང་གི་གནམ་གྲུ་ནི་ཨང་རྟགསTV9966ཅན་གྱི་གནམ་གྲུ་ཡིན་པ་དང་ཆུ་ཚོད16:30སྟེང་ན་གོར་མོའི་གནམ་གྲུ་ཐང་ནས་འཕུར་རྒྱུ་དང་། ཆུ་ཚོད19:00སྟེང་ཕྱིར་ཁྲེང་ཏུའུ་ཡི་ཧྲོང་ལིའུ་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་ལོག་ཐུབ་པའི་འཆར་གཞི་བཀོད་ཡོད་ལ། མཁའ་ཐོག་འཕུར་སྐྱོད་ཀྱི་དུས་ཚོད2དང་སྐར་མ30རེད།

མཁའ་ལམ་དེའི་གནམ་གྲུའི་སྤ་སེ་ཟླ7པའི་ཚེས17ཉིན་དྲ་ཐོག་ནས་སྔོན་འཚོང་བྱས་ཡོད་པ་དང་། ཕར་འགྲོ་ཚུར་འོང་གི་ཐེངས་གཅིག་གི་དཔྱ་ཁྲལ་མ་རྩིས་པའི་སྤ་སེ་ཁོ་ནའི་རིན་གོང་ཆེས་དམའ་ཤོས་སྒོར1300རེད། ད་སྔར་བོད་ལྗོངས་མཁའ་འགྲུལ་སྤྱི་གཉེར་གྱིས་གཉེར་སྐྱོང་བྱེད་བཞིན་པའི་ཁྲེང་ཏུའུ་ཧྲོང་ལིའུ་གནམ་ཐང་ནས་ཟི་ལིང་དང་། དེ་ནས་ན་གོར་མོའི་བར་གྱི་མཁའ་ལམ་ནི་ཁྲེང་ཏུའུ་ནས་ན་གོར་མོའི་བར་གྱི་ཆེས་མགྱོགས་པའི་མཁའ་ལམ་ཞིག་ཡིན་ན་ཡང་། ཆུ་ཚོད4.5ཙམ་ལ་འཕུར་དགོས་པ་རེད། ཁྲེང་ཏུའུ་ནས་ན་གོར་མོའི་བར་གྱི་ཐད་འཕུར་གནམ་གྲུ་ཤར་གཏོང་བྱས་རྗེས་ས་གནས་གཉིས་བར་གྱི་འགྲོ་འོང་གིས་ཆུ་ཚོད2ལྷག་གྲོན་ཆུང་ཐུབ་པ་རེད།

图片1.jpg


མཉམ་སྤྱོད།