དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

བོད་ཀྱི་གླེགས་ཤིང་དང་དཔེ་ཆའི་ཕྱི་ཐུམ་སྙིང་རྗེ་པོ་དེ་དག

2024-07-29 09:48:44   |   523

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། ཆ་རུ་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


བོད་པ་ཚོས་གླེགས་ཤིང་ངམ་དཔེ་ཆའི་ཕྱི་ཐུམ་འཆར་འགོད་བྱས་ནས་ད་བར་ལོ་གཅིག་སྟོང་ལྷག་གི་ལོ་རྒྱུས་སོང་། བོད་པ་རྣམས་སངས་རྒྱས་ཆོས་ལུགས་ལ་དད་མོས་ཆེ་སྟབས། སངས་རྒྱས་ཀྱི་གསུང་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་བཅངས་ཏེ། དཔེ་ཆ་རྣམས་ལ་ཤིན་ཏུ་རྩ་ཆེན་བྱེད་ཀྱིན་ཡོད། དེ་ཡང་བོད་པ་རྣམས་ལ་མཚོན་ན་བསྟན་བཅོས་ལ་བཀུར་བསྟི་དང་སྲུང་སྐྱོབ་བྱས་པ་ནི་ཤེས་རབ་ལ་བརྩི་བཀུར་དང་སྲུང་སྐྱོབ་བྱེད་ཚུལ་ཞིག་ཡིན་ནོ། །

1.jpg

དཔེ་རྙིང་བྲིས་མ་ཞིག 

ཤོག་བུ་དང་དཔར་སྐྲུན་ལག་རྩལ་རྒྱ་ཆེར་མ་དར་བའི་སྐབས་སུ། དཔེ་ཆ་བྲིས་མ་རྣམས་བོར་བརླག་མ་སོང་བའི་ཆེད་དུ་གླེགས་ཤིང་འཆར་འགོད་ཀྱི་ལས་རིགས་བྱུང་ཞིང་། ཁྱད་ཆོས་མངོན་པར་གསལ་བའི་གནའ་བོའི་གླེགས་ཤིང་དེ་དག་ལས་སྐབས་དེའི་ལག་ཤེས་མཁས་དབང་རྣམས་ཀྱི་འགྲན་ཟླ་བྲལ་བའི་ཕྱག་རྩལ་མངོན་ཐུབ་པ་མ་ཟད། ཡུལ་ཁ་བ་ཅན་གྱི་མི་རྣམས་ཀྱིས་ཤེས་བྱ་རིག་གནས་ལ་བརྩི་མཐོང་བྱེད་ཚུལ་ཞིག་ཀྱང་མཇལ་ཐུབ། །

2.jpg

རིན་པོ་ཆེའི་རིགས་ཀྱིས་བརྒྱན་པའི་གླེགས་ཤིང་།

གོང་གི་གླེགས་བམ་དེ་བཞེངས་པའི་དུས་ཚོད་ནམ་ཡིན་ད་ལྟ་ཆ་མ་འཚལ་མོད། བསྟན་བཅོས་གང་དེའི་གླེགས་ཤིང་གིས་དུས་ད་ལྟའི་ཆར་ཡང་ཀློག་པ་པོ་རྣམས་ཀྱི་ཡིད་ཀྱི་དང་བ་དབང་མེད་དུ་འདྲེན་ནུས།

3.jpg

རིན་པོ་ཆེའི་རིགས་ཀྱིས་བརྒྱན་པའི་གླེགས་ཤིང་།

གླེགས་ཤིང་དེར་གཡུ་དང་བྱུ་རུ། མུ་ཏིག ལྕགས་རྡོ་ལ་སོགས་པའི་རིན་པོ་ཆེའི་རྒྱན་སྣ་ཚོགས་བསྟར་ཆགས་སུ་བརྐོས་ཏེ། ཚོན་མདོག་རྣམ་པར་བཀྲ་བའི་མཛེས་རིས་རྣམས་དང་ལྷན་དུ་སྒྱུ་རྩལ་གྱི་ཡུལ་ལྗོངས་མཚར་སྡུག་ཅན་ཞིག་ཆགས། 

རིན་པོ་ཆེ་དེ་དག་ཀྱང་རྒྱན་ཆ་ཁོ་ན་ཙམ་མ་ཡིན་པར་རིག་གནས་ཀྱི་མཚོན་དོན་ཁྱད་པར་ཅན་མཆིས། དཔེར་ན་གཡུ་ཡིས་སྲུང་སྐྱོབ་དང་བདེ་ཐང་མཚོན་ལ། བྱུ་རུས་གསོན་ཤུགས་དང་སྤོབས་པ་མཚོན་པ་ལྟ་བུའོ། ། དེ་མིན་གླེགས་ཤིང་སྟེང་གི་རི་མོ་རྣམས་ལའང་ཆོས་ལུགས་ཀྱི་འགྲེལ་བརྗོད་མང་པོ་བྱེད་རྒྱུ་ཡོད།

5.jpg

གསེར་གྱིས་བརྒྱན་པའི་གླེགས་ཤིང་།

2017ལོར། ཨ་རིའི་ཆི་ཁཱ་ཀའུ(Chicago)ཡི་མཱག་ལིན(MacLean Collection)དཔེ་རྙིང་བཤམས་སྟོན་ཁང་གིས་དུས་རབས་བཅུ་གཅིག་ནས་བཅོ་བརྒྱད་དབར་གྱི་བོད་ཡིག་དཔེ་རྙིང་སུམ་བཅུ་སོ་གསུམ་བསྡུ་རུབ་བྱས་ཏེ། དེ་དག་གི་ཕྱི་ཐུམ་མམ་གླེགས་ཤིང་འཆར་འགོད་བྱེད་ཚུལ་བརྗོད་བྱར་བཟུང་ནས་འགྲེམ་སྟོན་ཞིག་སྤེལ་བ་རེད། འགྲེམ་སྟོན་དེ་བརྒྱུད་ནས་སྐྱེ་བོ་མང་པོ་ཞིག་གིས་བོད་ཀྱི་དཔེ་ཆ་འཆར་འགོད་ཀྱི་སྒྱུ་རྩལ་ལ་རྒྱུས་ལོན་བྱུང་བ་མ་ཟད། སྤྱི་ཚོགས་སྟེང་ལའང་དེའི་སྐོར་གྲོས་བསྡུར་བྱེད་པའི་ཚ་རླབས་ཤིག་འཕྱུར་དུ་བཅུག་ཡོད།

6.jpg

དུས་རབས་བཅུ་གཅིག་པའི་དུས་སྨད་ཀྱི་གླེགས་ཤིང་ཞིག

བོད་ཡིག་བསྟན་བཅོས་ཀྱི་དར་སྤེལ་ལ་ཐོག་མར་སྙན་བརྒྱུད་དང་། བར་དུ་རྩི་ཤིང་སོགས་ཀྱི་ལོ་མའི་ངོས་སུ་བྲིས་པ། དེ་ནས་ཤིང་བརྐོས་དང་ཤོག་བཟོ། དེ་ནས་དཔར་ལས་དར་ཁྱབ་སོང་བའི་ལོ་རྒྱུས་བརྒྱུད་རིམ་འགའ་ཤས་མཆིས་ཤིང་། གོང་དུ་སྨྲས་ཟིན་པ་ལྟར་བསྟན་བཅོས་ཀྱི་ནང་དོན་དང་འབྲེལ་བ་ཐད་ཀར་མེད་པའི་གླེགས་ཤིང་ལྟ་བུ་ནི་ནང་ཤོག་སྲུང་སྐྱོབ་བྱེད་ཕྱིར་གསར་གཏོད་མ་བྱེད་ཀ་མེད་བྱུང་བ་ཞིག་གོ །

དེ་ལྟ་མོད་ཀྱི། སྤྱིར་བཏང་གི་སྲུང་སྐྱོབ་ནུས་པ་མ་ཤོར་བའི་སྟེང་དུ་བཟོ་རྩལ་མཁན་པོས་རྒྱན་ཆ་སྣ་ཚོགས་ཀྱིས་སྤུད་ནས་གླེགས་ཤིང་དེ་དག་བསྟན་བཅོས་ཀྱི་མཛེས་ཆོས་ཁྱད་པར་ཅན་ཞིག་ཏུ་གྲུབ་པར་བྱེད་ཀྱི་ཡོད།

7.jpg

ཚོན་གྱིས་ཕྱུག་པའི་གླེགས་ཤིང་།

བཟོ་བཀོད་ཤིན་ཏུ་མཛེས་པའི་དཔེ་ཆ་དེ་འདྲ་ཞིག་འཆར་འགོད་བྱེད་པ་ལ། རྒྱན་ཆ་བརྒྱན་པ་དང་རི་མོ་བརྐོས་པ། ཚོན་རྩི་བྱུག་པ། གསེར་དངུལ་སོགས་རིན་པོ་ཆེའི་རིགས་བཏང་བ་སོགས་ཕྱོགས་གང་ཅིའི་ཐད་ཀྱི་བཟོ་རྩལ་ཐད་རེ་བ་ནན་པོ་ཡོད། 

ཕྱི་ཐུམ་དེ་དག་གིས་བསྟན་བཅོས་ལ་སྲུང་སྐྱོབ་དང་དར་སྤེལ་བྱས་པ་དང་ཆབ་ཅིག སྒྱུ་རྩལ་གྱི་གསོན་ཉམས་དང་མཛེས་སྡུག་གསར་པ་ཞིག་གི་ངོས་ནས་ཚགས་འཇོག་རིན་ཐང་གོང་མཐོར་བཏང་གི་ཡོད། དེ་ཡང་ཕྱི་ཐུམ་འཆར་འགོད་ཀྱི་ལུགས་སྲོལ་དེ་ཡུན་རིང་འཕེལ་རྒྱས་བྱུང་བ་དང་སྦྲགས། འཆར་འགོད་མཁན་ཚོས་བསྟན་བཅོས་ཀྱི་ནང་དོན་དང་འབྲེལ་བའི་ཤེས་བྱ་ཇི་སྙེད་ཅིག་ཀྱང་གླེགས་ཤིང་ལྟ་བུའི་དཔེ་ཆའི་ཕྱི་ཐུམ་དུ་བསྡུ་བར་བརྩོན་ལེན་གནང་དང་གནང་མུས་ཡིན། 

དེས་ན་བསྟན་བཅོས་དེ་དག་གི་རིན་ཐང་ཡང་གཞུང་ལུགས་ཁོ་ནའི་རིན་ཐང་ཙམ་མ་ཡིན་པར། ལོ་ངོ་སྟོང་ཕྲག་དུ་མའི་ནང་སྔར་བཞིན་མཚར་སྡུག་འོད་སྟོང་འབར་ཐུབ་པའི་མཛེས་ཆོས་ཀྱི་རིན་ཐང་ཁྱད་འཕགས་ཅན་ཞིག་ཏུ་ཐོད་བརྒལ་བྱུང་ཐུབ་པ་རེད།

111.jpg

ཚོན་གྱིས་ཕྱུག་པའི་གླེགས་ཤིང་ཞིག དུས་རབས་བཅོ་ལྔ་ནས་བཅུ་དྲུག་བར།

7.png

ལོ་རྒྱུས་ཀྱི་འཕེལ་འགྲིབ་དང་ཚན་རྩལ་གྱི་གསར་བརྗེ། དེ་བཞིན་སྤྱི་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་འགྱུར་ལྡོག་བཅས་ཀྱི་དབང་གིས། བོད་ཀྱི་དཔེ་ཆ་ནི་ནང་བསྟན་ཆོས་གཞུང་ཁོ་ན་ཙམ་མ་ཡིན་པར། རྣམ་གྲངས་མང་དུ་ཕྱིན་པས་དཔེ་ཆའི་འཆར་འགོད་ཀྱང་སྔར་བས་རྙོག་འཛིང་ཅན་དུ་འགྱུར་ཡོད་ཅིང་། བོད་པ་ཚོས་ཤེས་རིག་དང་རིག་གནས་རྒྱུན་འཛིན་ལ་བཅངས་པའི་བརྩི་དུང་ཡང་སྔར་བས་ཟབ་པར་མངོན། 

རྩོམ་འདིར་ང་ཚོས་ནང་བསྟན་ཆོས་གཞུང་དང་། ལེགས་བཤད་གཏམ་རྒྱུད། རྣམ་ཐར་རྟོགས་བརྗོད། རིག་གནས་སྒྱུ་རྩལ། རང་བྱུང་ཚན་རིག་སོགས་ཀྱི་རྣམ་གྲངས་སྟེང་ནས། དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་དང་དགུ་བཅུའི་སྐབས་སུ་བྱུང་བའི་བོད་ཡིག་དཔེ་ཆ་བཞི་བཅུ་ལྷག་གི་ཁ་ཤོག་འཆར་འགོད་ཀྱི་སྒྱུ་རྩལ་སྤྱན་འབུལ་ཞུ་འདོད།

8.jpg

དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་དང་དགུ་བཅུའི་སྐབས་ཀྱི་བོད་ཡིག་དཔེ་ཆའི་ཁ་ཤོག་འཆར་འགོད།


དམངས་ཁྲོད་སྒྲུང་གཏམ་དང་གཏམ་རྒྱུད་སོགས་ནི་ནང་པའི་ལྟ་བ་ཁྱབ་སྤེལ་བྱེད་རྒྱུའི་ཐད་ནུས་པ་དམིགས་བསལ་ཡོད་པའི་རྩོམ་རིགས་ཤིག་ཡིན།

11.jpg

《སྒྲུང་དཔེའི་ནང་ལ་མཚན་ཉིད་རིག་པ་ཡོད》

1111.jpg

《བྱ་མགྲིན་སྔོན་ཟླ་བའི་རྟོགས་བརྗོད》

12.jpg

《གངས་ཅན་རིག་བརྒྱའི་སྒོ་འབྱེད་ལྡེ་མིག》

13.jpg

《བསྟན་རྩིས་གསལལ་བའི་ཉིན་བྱེད》

 14.jpg

《དགེ་ཚུལ་དང་བྱ་རོག་གི་གཏམ་རྒྱུད》

15.jpg

《ཆོས་ཀྱི་རྒྱལ་པོ་དྲི་མེད་ཀུན་ལྡན་གྱི་མཛད་ཚུལ་རྒྱས་པ》

དཔེ་ཆ་དེ་དག་གིས་གང་ཟག་རྣམས་ལེགས་ཉེས་བླངས་དོར་གྱི་གནད་ལ་བསྐུལ་བ་མ་ཟད། སྐྱེ་བ་སྔ་ཕྱིར་ཡིད་ཆེས་ཤིང་། རང་བྱུང་དང་མི་ཚེའི་ཀུན་སྤྱོད་སོགས་ཀྱི་ཐད་ལམ་སྟོན་བྱེད་བཞིན་ཡོད། གང་ཟག་དཀྱུས་མ་རྣམས་ཀྱིས་དཔེ་ཆ་དེ་དག་བརྒྱུད་ནས་རང་གི་བསམ་བློའི་གནས་བབ་གོང་མཐོར་བཏང་སྟེ་སེམས་ཀྱི་བདེ་སྐྱིད་འཚོལ་ཐབས་བྱེད་ཆོག

《ལེགས་བཤད་ལས་བྱུང་བའི་གཏམ་རྒྱུད》

18.jpg

《རི་དྭགས་དང་གཅན་གཟན་བཟུང་ཚུལ》

19.jpg

《ཨ་ཧྥན་ཐིའི་གཏམ་རྒྱུད》

20.jpg

《འུད་ཤོབ་རྒྱལ་པོ་ཉེན་ཁ་བརྒྱུད་པའི་གཏམ་རྒྱུད》

21.jpg

《དམངས་ཁྲོད་གཏམ་རྒྱུད་གཅེས་བསྡུས》

22.jpg

《དམངས་ཁྲོད་གཏམ་ཚོགས》

《སྲོག་ཆགས་ཀྱི་གཏམ་རྒྱུད》

25.jpg

《ཐང་སིང་བླ་མའི་རྣམ་ཐར》

26.jpg

《དམངས་སྒྲུང》

27.jpg

《བོད་ལྗོངས་དབུས་གཙང་ཁུལ་གྱི་དམངས་ཁྲོད་གཏམ་རྒྱུད》

28.jpg

《མི་རོ་རྩེ་སྒྲུང》

29.png

རྣམ་ཐར་དང་རྟོགས་བརྗོད་དུ་གནའ་བོའི་དཔའ་མཛངས་ལྡན་པའི་མེས་པོ་རྣམས་ཀྱི་མཛད་རྗེས་བསྟན་པ་ཡིན་པས། ཇི་ལྟར་དམ་པའི་རྣམ་ཐར་ཕྱི་རབས་རྗེས་འཇུག་པ་དག་གི་ལག་ལེན་དུ་ཤར་དགོས་གསུངས་པ་ལྟར་གང་དེ་དག་ལས་ང་ཚོས་དྲང་བདེན་དང་། སྙིང་རྗེ། དཔའ་ངར། ལ་རྒྱ་སོགས་གང་ཟག་ཅིག་ལ་མཁོ་ངེས་ཀྱི་སྤྱོད་བཟང་རྟོགས་ཐུབ།

དེ་ཡང《གླིང་སྒྲུང》ནི་བོད་ཀྱི་རྣམ་ཐར་ལོ་རྒྱུས་ལས་གྲགས་པ་ཆེ་ཤོས་ཤིག་ཡིན་པས། ལོ་ངོ་སྟོང་ཕྲག་དུ་མའི་རིང་སྒང་པ་བོད་ཀྱི་མི་རྣམས་ཀྱིས་མེས་པོ་གང་དེའི་དཔའ་ངར་དང་རྣམ་དཔྱོད་མིག་དཔེར་བཟུང་ནས་རང་གི་མདུན་ལམ་འཚོལ་བཞིན་མཆིས།

30.jpg

《མོན་གླིང་གཡུལ་འགྱེད》

31.jpg

《འཁྲུངས་སྐོར》

32.jpg

《འཛམ་གླིང་གི་ལོ་སྟོང་ཕྲག་ལྔའི་ལོ་རྒྱུས》

33.jpg

《དམྱལ་གླིང་མུན་པ་རང་གསལ》

34.jpg

《མངའ་རིས་གསེར་རྫོང》

35.jpg

《ཚངས་དབྱངས་རྒྱ་མཚོའི་གསང་རྣམ》

36.png

བོད་དུ་སྔར་ནས་སྲོལ་རྒྱུན་སྒྱུ་རྩལ་གྱི་རྣམ་གྲངས་ཇི་སྙེད་ཅིག་མཆིས་ཀྱང་། དུས་རབས་གསར་པའི་གོམ་སྟབས་དང་བསྟུན་ནས་རིག་གནས་སྒྱུ་རྩལ་གྱི་རྣམ་པ་གསར་པ་མང་པོ་ཞིག་གཅིག་མཇུག་གཉིས་མཐུད་དུ་ཐོན་བཞིན་ཡོད། དེའི་སྐོར་གྱི་དཔེ་ཆ་རྣམས་ལ་སྒྱུ་རྩལ་གྱི་ཁྱད་ཆོས་མངོན་པར་གསལ་བ་གང་ཞིག གནའ་བོའི་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་དར་སྤེལ་ཐད་རིན་ཐང་ཆེན་པོ་ཡོད། ཡང་སྒོས་སུ་དཔེ་ཆ་དེ་དག་བརྒྱུད་ནས་མི་རྣམས་ཀྱི་མཛེས་ཆོས་ལྟ་བ་དང་སྒྱུ་རྩལ་མྱོང་རོལ་གྱི་ནུས་པ་གོང་མཐོར་གཏོང་ཐུབ་ལ། དེས་ཀྱང་མི་རིགས་གང་དེའི་བསམ་བློའི་གནས་སྟངས་དང་རིག་གནས་ཀྱི་རྣམ་པ་མངོན་ཐུབ།

དེང་རབས་སློབ་གསོའི་ཁྱབ་སྤེལ་དང་སྦྲགས། དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་དང་དགུ་བཅུ་ནས་མགོ་ཚུགས་ཏེ་བོད་དུ་ཚན་རིག་ཤེས་བྱའི་དཔེ་ཆ་མང་པོ་དཔར་བསྐྲུན་བྱས། མཁོ་སྤྱོད་ཆེ་བའི་ཚན་རིག་ཤེས་བྱ་དེ་དག་གིས་སྐྱེ་ཁམས་ཁོར་ཡུག་དང་འབྲེལ་བ་ཤིན་ཏུ་ཟབ་པའི་བོད་པ་ཚོའི་ཐོན་སྐྱེད་འཚོ་བར་ཕན་ནུས་ཆེན་པོ་ཐོན་ཡོད།

37.jpg

《བོད་ཀྱི་གཏམ་དཔེ་མཐོང་བ་འཛུམ་ཤོར》

38.jpg

《སྒྲུང་གཏམ་གསར་རྩོམ་གྱི་ཤེས་བྱ》

39.jpg

《གསར་བཞད་མེ་ཏོག་ཚོམ་བུ》

40.jpg

《བོད་ཀྱི་སྨན་རྩིས་ཆེད་རྩོམ་ཕྱོགས་བསྒྲིགས》

41.jpg

《སུམ་རྟགས་བཤད་སྦྱར》

42.jpg

《མངོནབརྗོད་མཁས་པའི་རྣ་རྒྱན》

43.jpg

《སྨན་དཔྱད་ཟླ་བའི་རྒྱལ་པོ》

44.jpg

《བོད་ཀྱི་རྡོ་རིང་ཡི་གེ་དང་དྲིལ་བུའི་ཁ་བྱང》

ད་ཆ་ང་ཚོས་ཕྱིར་རྟོགས་ཤིག་བྱེད་སྐབས། ལོ་རྒྱུས་ཀྱི་ཆུ་ཀླུང་རིང་མོའི་ནང་དཔེ་ཆའི་ཁ་ཤོག་གི་རྣམ་པར་འགྱུར་བ་མང་པོ་བྱུང་ཡོད་ཀྱང་། རྟག་བརྟན་འགྱུར་མེད་དུ་གནས་པའི་ཆ་ཞིག་ནི་སྒྱུ་རྩལ་མཁན་པོ་ཚོས་ཁ་ཤོག་གི་བར་སྣང་ཆུང་ཆུང་དེ་ནས་མཚོན་བྱ་མཚོན་བྱེད་གཉིས་ཀྱི་བཏང་སྙོམས་ཤིག་ལ་བརྩོན་ལེན་གནང་བ་དེའོ། །



《སྙིང་གི་གསང་རྒྱ》

47.jpg

《ལུག་གི་འགོ་ནད་རང་བཞིན་གྱི་རྣག་ཐུམ》

48.jpg

《སྐྱེ་དངོས་རིགས་ཀྱི་འབྱུང་ཁུངས》

49.jpg

《བོད་ལུགས་ས་ལུགས་ལོའི་དུ་རྟགས་གནམ་དཔྱད་ལོ་ཐོ》

50.jpg

《ཆུ་ཤེལ་ཕོ་བྲང་གི་གསང་བ》

51.jpg

《ཁྱིམ་ཚང་གི་ཉིན་མཁོའི་རྒྱུན་ཤེས》

52.jpg

《ས་མཐོའི་ཕྱུགས་རིགས་ཐོན་རྫས་ཀྱི་ཤེས་བྱ》

53.jpg

《མིག་ཚག་རྡེབ་བྱེད་པ་ལྟ་བུའི་སྐར་མ》

བོད་མི་རིགས་ནི་ཤེས་བྱ་རིག་གནས་ལ་བརྩི་མཐོང་ཆེ་བའི་མི་རིགས་ཤིག་ཡིན་པས། རིག་གནས་ཀྱིས་ཕྱུག་པའི་དམ་པ་རྣམས་ལ་མི་རྣམས་ཀྱིས་བརྩི་བཀུར་ཐོབ་ཐུབ།

54.jpg

ཁྱད་ཆོས་ལྡན་པའི་གླེགས་ཤིང་མཛེས་པོ་འགའ།

54.png

དེ་བས་ང་ཚོས་བོད་ཀྱི་ལེགས་བཤད་འགའ་ལས་ཀྱང་བོད་པ་ཚོས་རིག་པ་དང་གནས་ལུགས་གཙོ་བོར་བཟུང་བའི་ཁྱད་ཆོས་རྟོགས་ཐུབ་ཏེ། རང་ལ་དགོས་པའི་བསྟན་བཅོས་རྣམས། །ཉིན་མ་རེ་ལ་ཚིག་རེ་ཟུངས། །གྲོག་མཁར་དང་ནི་སྦྲང་རྩི་ལྟར། །རིང་པོར་མི་ཐོགས་མཁས་པར་འགྱུར། །

55.jpg

གང་ལྟར་ཡང་། བོད་པ་ཚོར་མཚོན་ན་དཔེ་ཆ་ནི་རང་ལ་སྟོབས་ཤུགས་དང་བདེ་སྐྱིད་འབྱིན་ཐུབ་པའི་སྲུང་མདུད་ལྟ་བུ་ཡིན་ཏེ། རྒན་རབས་ཚོས་དུས་ད་ལྟ་ཡང་དཔེ་ཆ་རྣམས་མཐོ་ས་དང་གཙང་ས་ཁོ་ནར་འཇོག་གིན་ཡོད་ཅིང་། དུས་ཀྱི་ཐ་མར་སངས་རྒྱས་ཡི་གེའི་གཟུགས་སུ་ཕེབས་པར་ཡིད་ཆེས་བྱས་ནས་བོད་ཡིག་ཡོད་པའི་ཤོག་བུ་རྣམས་ཀྱང་གང་བྱུང་དུ་སྐྱུར་སྲོལ་མེད། ལྷག་པར་དུ་དགོན་པ་ཁག་ཏུ་བཀའ་བསྟན་གྱིས་གཙོས་པའི་གཞུང་པོ་ཏི་རྣམས་ནི་དད་ལྡན་མང་ཚོགས་ཀུན་གྱིས་མཆོད་པ་འབུལ་ས་ཞིག་ཡིན།

མདོར་ན། སྔར་གི་གླེགས་ཤིང་དང་དེང་གི་ཁ་ཤོག་རྣམས་ནི་ཀློག་པ་པོ་ཚོས་གཞུང་ལུགས་གང་དེའི་ཡུལ་ལྗོངས་ལ་མཇལ་རྒྱུའི་སྔོན་འགྲོ་གལ་ཆེན་ཞིག་ཅི་ལ་མིན་ཏེ་ངེས་པར་ཡིན་ནོ། །

56.jpg

 པོ་ཏིའི་རྩིག་པ།


མཉམ་སྤྱོད།