དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་བྱུང་བ་མདོར་བསྡུས།

2024-07-29 15:50:56   |   401

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། པའེ་ཁི་རིག་མཛོད། བཤེར་འབེབས། རིན་ཆེན་ཚེ་རིང་།


111.png

ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས(གྷི་རིག་སྐད་དུΟλυμπιακοί Αγώνεςཟེར། )ནི་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་གིས་གཙོ་གཉེར་བྱེད་པའི་འཛམ་གླིང་གི་གཞི་ཁྱོན་ཆེ་ཤོས་ཀྱི་ཕྱོགས་བསྡུས་ལུས་རྩལ་འགྲན་ཚོགས་ཤིག་ཡིན། ལོ་བཞི་རེར་ཐེངས་རེར་འཚོག་བཞིན་ཡོད་དེ། ཚོགས་ཡུན་ཉིན16ལས་མི་བརྒལ་ལ། འཛམ་གླིང་ཐོག་ཤུགས་རྐྱེན་ཆེས་ཆེ་ཤོས་ཀྱི་ལུས་རྩལ་འགྲན་ཚོགས་ཤིག་ཡིན། 

ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་ལ་དབྱར་ཁའི་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་དང་། དབྱར་ཁའི་དབང་པོ་སྐྱོན་ཅན་གྱི་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས། དགུན་ཁའི་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས། དགུན་ཁའི་དབང་པོ་སྐྱོན་ཅན་གྱི་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས། དབྱར་ཁའི་ན་གཞོན་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས། དགུན་ཁའི་ན་གཞོན་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས། འཛམ་གླིང་དགུན་ཁའི་དམིགས་བསལ་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས། དབྱར་ཁའི་འོན་པའི་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་བཅས་སྣ་ཁ་བཅུ་ཡོད། ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་ཁྲོད་རྒྱལ་ཁབ་དང་ས་ཁུལ་ཁག་གིས་ལུས་རྩལ་ལ་བརྟེན་ནས་རྒྱལ་ཁབ་ཁག་གི་རིག་གནས་སྤེལ་རེས་དང་ལུས་རྩལ་ནུས་རྩལ་འགྲན་བསྡུར་བྱེད་ཀྱི་ཡོད་དེ། དེའི་དམིགས་ཡུལ་ནི་མི་རྣམས་ཀྱིས་རྒྱུན་ཆད་མེད་པར་ལུས་རྩལ་བྱ་འགུལ་སྤེལ་རྒྱུར་སྐུལ་མ་གཏོང་ཆེད་ཡིན། 

ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་ནི་ལོ་ངོ་ཉིས་སྟོང་ལྷག་གི་སྔོན་གྱི་གནའ་བོའི་གྷི་རིག་ནས་བྱུང་བ་དང་། འགྲན་ཚོགས་སྤེལ་བའི་ས་མིང་འགྲན་ཚོགས་ཀྱི་མིང་དུ་ཐོགས་པ་ཡིན།  གནའ་རབས་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་གཉེར་མཚམས་བཞག་ནས་ལོ1500འགོར་རྗེས། ཧྥ་རན་སིའི་མི་ཀུའུ་པེ་ཏན་གྱིས་དུས་རབས19པའི་དུས་མཇུག་ཏུ་དེང་རབས་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་སྤེལ་བའི་གྲོས་མགོ་བཏོན།  1894ལོར་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་བཙུགས་པ་དང་། 1896ལོར་གྷི་རིག་གི་ཨ་ཐེན་སིར་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་སྐབས་དང་པོ་འཚོགས། 1924ལོར་དགུན་ཁའི་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་སྐབས་དང་པོ་འཚོགས། 1960ལོར་དབང་པོ་སྐྱོན་ཅན་གྱི་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་སྐབས་དང་པོ་འཚོགས། 1976ལོར་དགུན་ཁའི་དབང་པོ་སྐྱོན་ཅན་གྱི་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་སྐབས་དང་པོ་འཚོགས།2010ལོར་གཞོན་ནུའི་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་སྐབས་དང་པོ་འཚོགས། 2012ལོར་དགུན་ཁའི་གཞོན་ནུའི་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་སྐབས་དང་པོ་འཚོགས། 

2020ལོའི་ཟླ3པའི་ཚེས30ཉིན། པྲོག་གསར་ནད་དུག་གི་ཤུགས་རྐྱེན་དབང་གིས་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ལྷན་དང་། ཏུང་ཅིན་ཨོ་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན། འཇར་པན་སྲིད་གཞུང་བཅས་ཀྱིས་མཉམ་འབྲེལ་ཐོག2020ལོའི་ཏུང་ཅིན་ཨོ་རྩལ་འགྲན་ཚོགས་དེ2021ལོར་བསྣུར་རྒྱུའི་ཁྱབ་བསྒྲགས་བྱས། 2021ལོའི་ཟླ7པའི་ཚེས21ཉིན་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ལྷན་གྱིས2032ལོའི་དབྱར་ཁའི་ཨོ་རྩལ་འགྲན་ཚོགས་གཙོ་གཉེར་གྲོང་ཁྱེར་ཨོ་སི་ཁྲུ་ལི་ཡའི་པུ་ལི་སི་པན་ཡིན་པ་ཁྱབ་བསྒྲགས་བྱས། ད་ལྟའི་བར་དུ། རྒྱལ་ཁབ24དང་གྲོང་ཁྱེར41གིས་དབྱར་ཁའི་ཨོ་རྩལ་འགྲན་ཚོགས་དང་དགུན་ཁའི་ཨོ་རྩལ་འགྲན་ཚོགས་གཉེར་མྱོང་ཡོད།


མཉམ་སྤྱོད།