དེ་རིང་ནི2025ལོའི་ཟླ04པའི་ཚེས29ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདའ་བཞི་རྫོང་གིས“འཆལ་སེལ་ཉེས་རྡུང”ལ་ཞིབ་བཤེར་བྱས་ཏེ་རིག་གནས་ཁྲོམ་ར་ཚད་ལྡན་ཅན་དུ་འགྱུར་བར་རམ་འདེགས་བྱས།

2024-07-30 15:38:24   |   749

རྩོམ་སྒྲིག   སངས་དོན།    ཡོང་ཁུངས།   མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།   བཤེར་འབེབས།  རིན་ཆེན་ཚེ་རིང་།


རིག་གནས་ཁྲོམ་ར་སྔར་ལས་དག་གཙང་དང་ཚད་ལྡན་བཟོ་བ་དང་། རྫོང་ཡོངས་ཀྱི་དཔེ་སྐྲུན་དངོས་པོའི་ཁྲོམ་རའི་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། གནོད་ལྡན་པར་སྐྲུན་ཕྱིར་འཚོང་ལ་རྡུང་རྡེག་བྱེད་པ། ཁྲིམས་འགལ་གནོད་ལྡན་སྒྲ་བརྙན་ནང་འདྲེན་བྱེད་པར་བཀག་འགོག་བཅས་ཏེ་སྤྱི་ཚོགས་ཀྱི་རིག་གནས་ཁོར་ཡུག་ལེགས་པོ་བསྐྲུན་ཆེད།  ཉེ་ཆར། མདའ་བཞི་རྫོང་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་རྫོང་སྤྱི་བདེ་ཅུ་དང་རྫོང་རིག་གནས་ལུས་རྩལ་གནས་སྐོར་རྒྱང་བརྙན་ཅུ་བཅས་དང་མཉམ་འབྲེལ་སྒོས་རྫོང་ཁོངས་ཀྱི་ལག་ཁྱེར་ཁ་པར་ཚོང་ཁང་དང་དྲ་ཁང་སོགས་འབྲེལ་ཡོད་ཚོང་གཉེར་བྱེད་ཡུལ་ལ་ཆེད་དོན་ཞིབ་བཤེར་བྱས།

ཞིབ་བཤེར་བྱེད་སྐབས། ཚོང་གཉེར་བྱེད་ཡུལ་གྱི་ལག་རྟགས་ཆ་ཚང་ཡིན་མིན་དང་བཀག་སྡོམ་སྒྲ་གཟུགས་ཕབ་ལེན་བྱས་ཡོད་མེད། དཔེ་སྐྲུན་དངོས་པོའི་པར་དབང་སོགས་གཙོ་གནད་དུ་བཟུང་ནས་གཉེར་སྐྱོང་བྱེད་མཁན་གྱི་ཚོང་གཉེར་བྱ་བར་ཞིབ་བཤེར་བྱས། ཐེངས་འདིའི་ཞིབ་བཤེར་བྱེད་སྒོར་ཁྲིམས་འཛིན་མི་སྣ7རྩའཛུགས་བྱས་ནས་ཁྱོམ་སྡོམ་ཚོང་གཉེར་བྱེད་ཡུལ7ལ་ཞིབ་བཤེར་བྱེད་སྒོ་སྤེལ་བ་དང་། དེའི་ནང་། ཁ་པར་ཚོང་ཁང6དང་དྲ་ཁང1ཡོད། ཁ་པར་ཚོང་ཁང2ཀྱི་གློག་ཀླད་ནང་དུ་ཁྲིམས་འགལ་གྱི་སྒྲ་ཟློས་ཡོད་པ་ཤེས་རྟོགས་བྱུང་རྗེས། ཁྲིམས་འཛིན་མི་སྣས་ཚོང་གཉེར་མཁན་ལ་འཕྲལ་དུ་གསུབ་དགོས་པའི་བཀའ་བཏང་བར་མ་ཟད། འབྲེལ་ཡོད་ཤེས་བྱ་དྲིལ་བསྒྲགས་སློབ་གསོ་བཏང་ནས་ཚོང་གཉེར་བྱེད་མཁན་གྱིས་ངེས་པར་དུ་བྱེད་པོས་འགན་འཁྲི་དོན་འཁྱོལ་ནན་པོ་དང་ཁྲིམས་མཐུན་ཚོང་གཉེར་བྱེད་པ། ཁྲིམས་འགལ་དཔེ་སྐྲུན་དངོས་པོ་དང་གནོད་ལྡན་ཆ་འཕྲིན་འགོག་པའི་བསམ་བློའི་ངོས་འཛིན་མཐོ་རུ་གཏོང་བ། ཁྲིམས་འགལ་སྒྲ་ཟློས་ཁྱབ་སྤེལ་བྱེད་པའི་བྱ་སྤྱོད་དུས་ཐོག་ཏུ་འབྲེལ་ཡོད་སྡེ་ཁག་ལ་ཐེར་འདོན་བྱེད་དགོས་པའི་བླང་བྱ་བཏོན།

རྫེས་ཕྱོགས། མདའ་བཞི་རྫོང་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་མུ་མཐུད་དུ་ཞིབ་བཤེར་དང་ཁྲིམས་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་དང་།  རིག་གནས་ཁྲོམ་རའི་སྒྲིག་འགལ་ཚོང་གཉེར་བྱ་སྤྱོད་ཐག་གཅོད་ནན་པོ་བྱེད་པ། ནུས་ཤུགས་ཡོད་རྒུས་རྫོང་ཡོངས་ཀྱི་རིག་གནས་ཁྲོམ་རའི་བདེ་འཇགས་འགན་ལེན་དང་མདའ་བཞི་རྫོང་གི་རིག་གནས་ཁྲོམ་རའི་ཚད་ལྡན་གཉེར་སྐྱོང་ལ་ཁོར་ཡུག་ལེགས་པོ་བསྐྲུན་རྒྱུ་རེད། 


མཉམ་སྤྱོད།