སྒྲིག་སྒྱུར། དོན་འགྲུབ་མཚོ། ཡོང་ཁུངས། ཀྲུང་གོའི་ས་ཡོམ་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།
ཀྲུང་གོ་ས་ཡོམ་ལས་ཁུངས་དྲ་བས་དངོས་སུ་ཚད་འཇལ་གཏན་ཁེལ་བྱས་པར་གཞིགས་ན། ཟླ7པའི་ཚེས30ཉིན་གྱི་ཆུ་ཚོད16དང་སྐར་མ24སྟེང་། མཚོ་སྔོན་མཚོ་ནུབ་ཁུལ་མང་ནེ་གྲོང་ཁྱེར་དུ་རིམ་པ3.7ཅན་གྱི་ས་ཡོམ་བྱུང་བ་དང་། ཡོམ་ཁུངས་ཀྱི་གཏིང་ཚད་སྤྱི་ལེ9ཡིན་ལ། ཡོམ་ལྟེ་ནི་བྱང་གི་འཕྲེད་ཐིག་ཏུའུ38.23དང་ཤར་གྱི་གཞུང་ཐིག་ཏུའུ93.63ཡིན་པ་རེད།