དེ་རིང་ནི2025ལོའི་ཟླ05པའི་ཚེས04ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རང་རྒྱལ་ཕོ་མོ་མཉམ་འབྲེལ་གྱི་ཕིང་ཕང་སྤོ་ལོ་ལ་གསེར་གྱི་རྟགས་མ་ཐོབ།

2024-07-31 10:51:11   |   446

སྒྲིག་སྒྱུར།  སངས་དོན།   ཡོང་ཁུངས།  ཀྲུང་གོ་གསར་འགྱུར་ཁང་།   བཤེར་འབེབས།   རིན་ཆེན་ཚེ་རིང་།


པེ་ཅིན་གྱི་དུས་ཚོད་ཚེས 30 ཉིན། པ་ལི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་ཕིང་ཕང་སྤོ་ལོའི་རྒྱལ་ཕམ་ཐག་གཅོད་འགྲན་བསྡུར་ཁྲོད། ཀྲུང་གོའི་སྡེབ་སྒྲིག་སུན་ཡེན་ཧྲ་དང་ཝང་ཁྲུའུ་ཆིན་གྱིས་བྱང་ཁོ་རེ་ཡའི་སྡེབ་སྒྲིག་ཅིན་ཆིན་དབྱིན་དང་ལིས་ཀྲིན་ཀྲིས་ལས་རྣམ་པར་རྒྱལ་ཏེ་ཨང་དང་པོ་ཐོབ།

a.png

འདི་ནི་ཀྲུང་གོའི་ལུས་རྩལ་འཐུས་ཚབ་ཚོགས་པས་པ་ལི་ཨའོ་རྩལ་འགྲན་ཚོགས་ཁྲོད་བླངས་པའི་གསེར་གྱི་རྟགས་མ 6 པ་ཡིན་ལ། ཀྲུང་གོའི་ཕིང་ཕང་སྤོ་ལོ་རུ་ཁག་ལ་སྐབས་འདིའི་ཨོ་རྩལ་འགྲན་ཚོགས་ཁྲོད་ཐོབ་པའི་ཐོག་མའི་གསེར་གྱི་རྟགས་མའང་ཡིན། ཕིང་ཕང་སྤོ་ལོའི་ཕོ་མོ་མཉམ་འབྲེལ་གྱི་རྣམ་གྲངས་དེ་སྐབས་གོང་མའི་ཨོ་རྩལ་འགྲན་ཚོགས་སུ་འགྲན་བསྡུར་གྱི་རྣམ་གྲངས་སུ་གྱུར་རྗེས། རང་རྒྱལ་གྱི་ཕིང་ཕང་སྤོ་ལོས་ཐོག་དང་པོར་རྣམ་གྲངས་འདིའི་གསེར་གྱི་རྟགས་མ་བླངས་པ་ཡིན། 


མཉམ་སྤྱོད།