དེ་རིང་ནི2025ལོའི་ཟླ05པའི་ཚེས04ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་གྱིས་ཁུལ་ཨུའི་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་དང་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་འཚོགས།

2024-07-31 11:12:08   |   310

སྒྲིག་སྒྱུར།  སངས་དོན།   ཡོང་ཁུངས།  མཚོ་བྱང་མདོ་ལ་ཚགས་པར།   བཤེར་འབེབས།  རིན་ཆེན་ཚེ་རིང་།


ཟླ 7 པའི་ཚེས 30 ཉིན། ཀྲུང་གུང་མཚོ་བྱང་ཁུལ་ཨུའི་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་དང་མཚོ་བྱང་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་མགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་འཚོགས་ཤིང་། ཚོགས་འདུའི་ཐོག《མཚོ་བྱང་ཁུལ་གྱི་མཚོ་སྔོན་ཞིང་ཆེན་གྱི་ལྔ་བཅུ་བཞིའི་མི་རིགས་མཐུན་སྒྲིལ་དང་ཡར་ཐོན་བྱ་གཞག་འཆར་འགོད་ཀྱི་གཙོ་གནད་ལས་དོན་ལས་བགོས》དང་《མཚོ་བྱང་ཁུལ་གྱི་མི་རིགས་མཐུན་སྒྲིལ་གསར་འཛུགས་ཚད་གཞི》(ཚོད་ལྟ)《མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་གཏོང་བའི་སློབ་གསོ་ལག་ལེན་རྟེན་གཞིའི་དཔྱད་འཇོག་མིང་འདོགས་བྱེད་ཐབས》སོགས་འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས་ཤིང་། མཚོ་སྔོན་ཞིང་ཆེན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གྱི་དཔེ་སྟོན་ལས་ཁུངས་མཚམས་སྦྱོར་བྱ་བར་ཞིབ་འཇུག་བྱས། ཁུལ་ཨུའི་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་དང་མཚོ་བྱང་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་མགོ་ཁྲིད་ཚན་ཆུང་གི་མགོ་འཛིན་གཞོན་པ། ཁུལ་ཨུའི་རྒྱུན་ལས་ཨུ་ཡོན། ཁུལ་འཐབ་ཕྱོགས་གཅིག་གྱུར་པུའི་པུ་ཀྲང་མགོན་པོ་མགོན་པོ་ཚེ་བརྟན་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གནང་། མགོ་ཁྲིད་ཚན་ཆུང་གི་ཚོགས་གཙོ་གཞོན་པ་སུང་ཞིག་ཙུང་དང་མ་ཁྲེང་ཀུའེ། ལི་ཞན་རུང་། ཁྲང་ལིན་བཅས་ཚོགས་འདུར་ཞུགས།

a.jpg

b.jpg

c.jpg

ཚོགས་འདུའི་ཐོག་བསྟན་དོན།   ས་གནས་ཁག་དང་སྡེ་ཁག་སོ་སོས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་ནི་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་གཙོ་གནད་ཡིན་པ་དང་མི་རིགས་ས་ཁུལ་གྱི་ལས་དོན་ཁག་གི་གཙོ་གནད་ཡིན་པའི་གལ་ཆེའི་རང་བཞིན་ལ་ངོས་ཟིན་གཏིང་ཟབ་བྱས་ཏེ། བསམ་སློ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་གལ་ཆེའི་དགོངས་པ་སྟེང་བསྡུས་ནས་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་དང་མི་རིགས་ས་ཁུལ་གྱི་ལས་དོན་ཁག་གི་གཙོ་གནད་འདིར་དམིགས་ནས་བསམ་བློ་བཅོས་སྒྱུར་དང་། རང་གི་དོན་དངོས་གཞི་བྱས་ཏེ། གཙོ་གནད་ལས་དོན་དམིགས་སུ་འཛིན་པ་དང་། དུས་རབས་གསར་པར་མཚོ་བྱང་གི་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོར་གཏོང་བའི་བསམ་གཞིགས་གསར་པ་དང་བྱེད་ཐབས་གསར་པ་སྤྱད་དེ་ས་གནས་ཁག་དང་སྡེ་ཁག་སོ་སོའི་ལས་ཀའི་ཁྲོད་ཀྱི་ཉམས་མྱོང་བཟང་པོ་དང་བྱེད་ཐབས་བཟང་པོ་དུས་ཐོག་ཏུ་ཕྱོགས་སྡོམ་བྱས་ནས་ཁུལ་ཡོངས་ཀྱི་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་བའི་སློབ་གསོའི་ལག་ལེན་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་དགོས་པ་བསྟན།


མཉམ་སྤྱོད།