དེ་རིང་ནི2025ལོའི་ཟླ05པའི་ཚེས04ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཧ་མ་སིའི་མགོ་ཁྲིད་དབྱི་ལིང་དུ་འཇབ་རྒོལ་ཐེབས་ནས་རྐྱེན་ལམ་དུ་ཤོར་འདུག

2024-07-31 14:41:54   |   275

སྒྲིག་སྒྱུར།   སངས་དོན།   ཡོང་ཁུངས།  ཀོང་མིང་ཉིན་རེའི་ཚགས་པར།    བཤེར་འབེབས།   རིན་ཆེན་ཚེ་རིང་།


ཀྲུང་དབྱང་རྒྱང་སྒྲོག་སྤྱི་ཁྱབ་ལས་ཁུངས་ཀྱི་གསར་འགོད་པས་ཟླ 7 པའི་ཚེས 31 ཉིན་གོ་ཐོས་ལྟར་ན། དབྱི་ལིང་དབྱི་སི་ལན་གསར་བརྗེ་རུ་དམག་གི་ཕྱི་འབྲེལ་སྡེ་ཁག་གིས་ཉིན་དེར་སྤེལ་བའི་གསལ་སྒྲོག་ཅིག་ལས་ཁྱབ་སྒྲོག་བྱས་དོན། ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་ལས་འགུལ(ཧ་མ་སི)གྱི་ཆབ་སྲིད་ཅུ་ཡི་མགོ་ཁྲིད་ཡི་སུ་མེན་ཨར་ཧ་ནིས་ཡ་དང་སྲུང་དམག་ཅིག་དབྱི་ལིང་གི་རྒྱལ་ས་ཏི་ཧེ་ལན་ནས་འཇབ་རྒོལ་ཐེབས་ནས་རྐྱེན་ལམ་དུ་ཤོར་འདུག

888888.jpg

གསལ་བསྒྲགས་ལས་བསྟན་དོན། དོན་རྐྱེན་གྱི་རྒྱུ་རྐྱེན་ལ་བརྟག་དཔྱད་བྱེད་བཞིན་པའི་སྒང་ཡིན། བརྟག་དཔྱད་བྱས་པའི་མཇུག་འབྲས་དེ་རྗེས་སྤྱི་བསྒྲགས་བྱ་རྒྱུ་ཡིན།


མཉམ་སྤྱོད།