དེ་རིང་ནི2025ལོའི་ཟླ06པའི་ཚེས15ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དང་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་ཁུལ་ཨུའི་ཏང་གི་སློབ་གྲྭར་འཚོགས།

2024-08-01 08:45:02   |   251

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་ཆར།  མཚོ་བྱང་ཁུལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དང་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་མཚོ་བྱང་ཁུལ་ཨུའི་ཏང་གི་སློབ་གྲྭར་འཚོགས། ཁུལ་དང་རྫོང་གི་སྐྱེ་ཁམས་ཁོར་ཡུག་ཅུ་ཡི་འགན་འཁུར་བ་དང་ལས་སྒོའི་རྐང་འཛིན་པ། དེ་བཞིན་ཡུལ་ཚོ་དང་གྲོང་རྡལ་གྱི་ལས་བགོས་འགན་འཁུར་བློ་མཐུན་ཁྱོན་མི30དུས་ཡུན་ཉིན5ཡི་གསོ་སྦྱོང་ནང་ཞུགས།

ཐེངས་འདིའི་གསོ་སྦྱོང་ལ་ཆེད་དོན་སློབ་ཁྲིད་དང་ཡུལ་དངོས་སློབ་ཁྲིད། བརྗོད་དོན་ཞིབ་བསྡུར། གཅིག་སྡུད་རང་སྦྱོང་སོགས་སློབ་ཁྲིད་བྱེད་སྟངས་སྣ་ཚོགས་ཟུང་འབྲེལ་གྱི་རྣམ་པ་སྤྱད་ནས་སྤེལ་བ་དང་། དེའི་དམིགས་ཡུལ་ནི་སློབ་མའི་ཁོར་ཡུག་བཅོས་སྐྱོང་ནུས་པ་དང་ཆུ་ཚད་སྔར་ལས་མཐོ་རུ་བཏང་ནས་མཚོ་བྱང་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ངང་ཇེ་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་བརྟན་པོ་འདིང་ཆེད་ཡིན།


མཉམ་སྤྱོད།