དེ་རིང་ནི2025ལོའི་ཟླ04པའི་ཚེས29ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྐང་ཚ་རྫོང་གིས་ནུས་རྒྱུ་གསར་པའི་སྤྱི་འགྲུལ་རྩིས་སྤྲོད་ཀྱི་མཛད་སྒོ་འཚོགས།

2024-08-08 09:35:25   |   379

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་ཆར། རྐང་ཚ་རྫོང་གིས་ནུས་རྒྱུ་གསར་པའི་སྤྱི་འགྲུལ་རྩིས་སྤྲོད་ཀྱི་མཛད་སྒོ་འཚོགས། རྐང་ཚ་རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ་ཧུང་མུན་མེན་མཛད་སྒོར་ཞུགས་ཏེ་ཤིས་ཚིག་ཕུལ། རྐང་ཚ་རྫོང་སྡོད་ཁང་མཁར་གྲོང་འཛུགས་སྐྲུན་ཅུ་དང་འགྲིམ་འགྲུལ་སྐྱེལ་འདྲེན་ཅུ།  རྐང་ཚ་རྫོང་འཕེལ་རྒྱས་བཅོས་སྒྱུར་བཟོ་ལས་ཆ་འཕྲིན་ཅན་དང་ཚོང་དོན་ཅུ། རྐང་ཚ་རྫོང་མཚོ་ངོགས་སྤྱི་འགྲུལ་ཚད་ཡོད་སྤྱི་གཉེར་བཅས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་དང་ཁེ་ལས་ཁག་གི་འཐུས་མི་མགོ་རྩོམ་མཛད་སྒོར་ཞུགས།

1.jpg

ཉེ་བའི་ལོ་ཤས་རིང་ལ། རྐང་ཚ་རྫོང་གི་མཁར་གྲོང་སྤྱི་འགྲུལ་རྙིང་བར་གྱུར་བ་དང་། ཉིན་རྒྱུན་གྱི་སྣུམ་ཟད་ཚད་མང་ཞིང་རྒྱུན་པར་ཞིག་གསོ་བྱེད་དགོས་པ་སོགས་ཀྱི་གནད་དོན་ཐག་གཅོད་བྱ་ཆེད། རྐང་ཚ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་སྡོད་དམངས་ལྗང་མདོག་འགྲིམ་འགྲུལ་གྱི་དགོས་མཁོ་བསྐང་ཆེད་མ་རྐང་སྒོར་ཁྲི466ལྷག་ཙམ་བཏང་སྟེ། རིང་ཚད་ལ་སྨི8ཡོད་པའི་ནུས་རྒྱུ་གསར་པའི་གློག་སྒུལ་སྤྱི་འགྲུལ6ཉོས་པ་རེད།  ནུས་རྒྱུ་གསར་པའི་གློག་སྒུལ་སྤྱི་འགྲུལ་གྱི་མ་ལག་ཧྲིལ་བོའི་འགོག་སྲུང་བདེ་འཇགས་ཡིན་ཞིང་ནང་ཁོད་ཡངས་པ། རིག་ནུས་ཡིན་པས་ཁ་ལོ་བས་བཀོལ་སྤྱོད་བྱེད་བདེ་ལ་ནང་དུ་སྡོད་པར་སྟབས་བདེ་བ་ཡིན་པས། “བདེ་འཇགས་དང་། བློས་འགེལ་ཐུབ་པ། ནུས་ཁུངས་གྲོན་ཆུང་། རིག་ནུས། ཁོར་ཡུག་སྲུང་སྐྱོབ”བཅས་ཀྱི་བཟང་ཆ་ལྡན། ཐེངས་འདིར་རྩིས་སྤྲོད་བྱས་པའི་ནུས་རྒྱུ་གསར་པའི་གློག་སྒུལ་སྤྱི་འགྲུལ6བེད་སྤྱོད་བཏང་རྗེས། རྐང་ཚ་རྫོང་གི་ནུས་རྒྱུ་གསར་པའི་སྤྱི་འཁོར་གྱི་བསྡུར་ཚད་ཀྱིས54%ཙམ་ཟིན་ཡོད།

2.jpg

  ཧུང་མུན་མེན་གྱིས་ཤིས་ཚིས་འབུལ་སྐབས། ནུས་རྒྱུ་གསར་པའི་སྤྱི་འགྲུལ་རྩིས་སྤྲོད་བྱས་པ་དེ་ནི་རྐང་ཚ་རྫོང་གི་འགྲིམ་འགྲུལ་བྱ་གཞག་འཕེལ་རྒྱས་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཡིན་ལ།  རྐང་ཚ་རྫོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ལག་ལེན་དུ་བསྟར་བ་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་གྲུབ་འབྲས་གལ་ཆེན་ཞིག་ཀྱང་རེད།  རྐང་ཚ་རྫོང་གི་སྤྱིའི་འགྲིམ་འགྲུལ་ཁྱབ་ཁོངས་སུ་དུས་རབས་ཀྱི་དོན་སྙིང་ལྡན་པའི་གོམ་སྟབས་ཤིག་སྤོས་པ་མཚོན་ལ། སྡོད་དམངས་ཀྱི་འགྲོ་འོང་མཐུན་རྐྱེན་ཇེ་ལེགས་སུ་གཏོང་བ་དང་། གྲོང་ཁྱེར་གྱི་སྣང་བརྙན་མཐོ་རུ་གཏོང་བ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱལ་ལ་སྐུལ་འདེད་གཏོང་བ་བཅས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད་ཅེས་བཤད།

རྗེས་ཕྱོགས། རྐང་ཚ་རྫོང་གིས་སྤྱི་འགྲུལ་འཁོར་སྐྱོད་ཀྱི་སྒྲིག་བཀོད་མུ་མཐུད་དུ་འཐུས་ཚང་དང་ཞབས་ཞུའི་སྤུས་ཚད་རྒྱུན་ཆད་མེད་པར་ཇེ་ལེགས་སུ་བཏང་སྟེ། ནུས་ཤུགས་ཡོད་རྒུས་རྒྱ་ཆེའི་མང་ཚོགས་ཀྱི་འགྲོ་འོང་དགོས་མཁོ་བསྐང་ནས།      འགྲིམ་འགྲུལ་སྐྱེལ་འདྲེན་མངའ་ཁོངས་ཀྱི་དམངས་ལ་ཞབས་འདེགས་ཞུ་བའི་ལེའུ་གསར་པ་ཞིག་བསྐྲུན་པར་སྟོབས་ཤུགས་དབུལ་རྒྱུ་རེད།


མཉམ་སྤྱོད།