དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདའ་བཞི་རྫོང་གིས་བྱེད་ཐབས་སྣ་མང་སྤྱད་དེ་སྤྱི་ཚོགས་རོགས་སྐྱོབ་བྱ་གཞག་ལ་སྐུལ་འདེད་བཏང་།

2024-08-08 09:59:04   |   957

རྩོམ་སྒྲིག  སངས་དོན།   ཡོང་ཁུངས།  མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།   བཤེར་འབེབས།  རིན་ཆེན་ཚེ་རིང་།


ཉེ་བའི་ལོ་ཤས་རིང་། མཚོ་བྱང་ཁུལ་མདའ་བཞི་རྫོང་གིས་སྤྱི་ཚོགས་རོགས་སྐྱོབ་ལམ་ལུགས་ཀྱི་སྒྱུར་བཅོས་གསར་གཏོད་རྒྱུན་མི་ཆད་པར་གཏིང་ཟབ་ཏུ་བཏང་ནས། གཞི་རྩའི་འཚོ་བའི་རོགས་སྐྱོབ་རྨང་གཞིར་བྱེད་པ་དང་ཆེད་དོན་སྤྱི་ཚོགས་རོགས་སྐྱོབ་འདེགས་སྐྱོར་བྱེད་པ། འཕྲལ་མྱུར་གནས་སྐབས་རོགས་སྐྱོབ་དེ་རམ་འདེགས་བྱེད་པ། སྤྱི་ཚོགས་ཀྱི་སྟོབས་ཤུགས་ཞུགས་པའི“1+9+N”ཡི་སྤྱི་ཚོགས་རོགས་སྐྱོབ་མ་ལག་མགྱོགས་མྱུར་བསྐྲུན་པ་དང་། ཕྱོགས་བསྡུས་རང་བཞིན་དང་རིམ་པ་དབྱེ་བའི་སྤྱི་ཚོགས་རོགས་སྐྱོབ་ཀྱི་རྣམ་པ་ཆགས་པར་བྱས་ནས་དམངས་འཚོ་འགན་ལེན་ཞབས་ཞུའི་ལས་དོན་ལ་ཕན་འབྲས་ཐོབ་པར་སྐུལ་འདེད་བཏང་།

རོགས་སྐྱོབ་བྱ་ཡུལ་གྱི་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས། འགུལ་རྣམ་ལྟ་ཞིབ་ཚད་ལེན་དབྱེ་འབྱེད་སྔར་ལས་གནད་ལ་འཁེལ་བར་བྱས་པ། དམངས་སྲིད་དང་སྨན་བཅོས་འགན་བཅོལ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་། གྲོང་གསེབ་དར་སྤེལ་སོགས་སྡེ་ཚན་གྱི་ཆ་འཕྲིན་མཉམ་སྤྱོད་དང་ཞིབ་བསྡུར་བྱེད་པའི་ཕུགས་ཕན་ལམ་སྲོལ་བཙུགས་ནས་ཆ་རྐྱེན་དང་མཐུན་པའི་དབུལ་སྒྲོལ་བརྟན་ལྷིང་མིན་པའི་མི་འབོར་དང་། འབྲོག་མཐའི་དབུལ་ཕོངས་སུ་འགྱུར་སླ་བའི་མི་འབོར། གློ་བུར་དུ་དཀའ་ངལ་ཚབས་ཆེན་ཡོད་པའི་ཁྱིམ་ཚང་སོགས་གཏན་འབེབས་ལྟར་དེ་མཚུངས་ཀྱི་རོགས་སྐྱོབ་ཁྱབ་ཁོངས་སུ་བཅུག་སྟེ། ཡོང་འབབ་དམའ་བའི་མི་འབོར་གྱི་ཉེན་ཁ་ཤེས་རྟོགས་དང་ཉེན་བརྡ་གཏོང་བ། རོགས་སྐྱོབ་བྱེད་པ་བཅས་མངོན་འགྱུར་བྱུང་བ་མ་ཟད། ཕྱོགས་གསུམ་པའི་ཞབས་ཞུ་ཉོས་ནས་རྒྱུན་རྣམ་ཅན་དུ་འགྱུར་བ་བྱས་ནས་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་དཔལ་འབྱོར་གནས་ཚུལ་ལ་བརྟག་དཔྱད་དང་དཔྱད་ཞིབ་བྱེད་པའི་ལས་དོན་སྤེལ།

མདའ་བཞི་རྫོང་གིས་དཀའ་ངལ་ཡོད་པའི་བྱིས་པར་རོགས་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་ནས། སྐོར་ཞིབ་དང་གཅེས་སྐྱོང་ཞབས་ཞུ་སྔར་ལས་ཏན་ཏིག་བྱས་པ། “མང་ཚོགས་ཀྱི་སེམས་ཁྲལ་ཆེ་བའི་བྱ་བ་ཐག་གཅོད་དང་། མང་ཚོགས་ཀྱི་སེམས་ཁྲལ་ཆེ་བའི་བྱ་བར་བརྟག་ཞིབ་ཆེན་པོ་དང་གྲལ་བཤེར་ཆེན་པོ་བྱེད་པའི་བྱ་འགུལ་སྤེལ་བ”གོ་སྐབས་སུ་བྱས་ཏེ། གཞིས་འདུག་བྱིས་པ་དང་དྭ་ཕྲུག སྐོར་སྐྱོད་བྱིས་པ། དོན་དངོས་ཐོག་གསོ་སྐྱོང་བྱེད་མཁན་མེད་པའི་བྱིས་པ་སོགས་དམིགས་བསལ་དཀའ་ངལ་ཡོད་པའི་བྱིས་པའི་གཞི་གྲངས་ཕྱོགས་ཡོངས་ནས་གསལ་རྟོགས་བྱས་ཏེ། སྐོར་ཞིབ་གཅེས་སྐྱོང་གི“མི་རེར་རེའུ་མིག་གཅིག”དང་སྐོར་ཞིབ་གཅེས་སྐྱོང་གི་སྡོམ་རྩིས་རྩིས་ཐོ་བཟོས་ཏེ། བྱིས་པར་རོགས་སྐྱོབ་བྱེད་པའི་སྲིད་ཇུས་གནད་ལ་འཁེལ་བའི་སྒོ་ནས་དོན་འཁྱོལ་ཡོང་བའི་འགན་ལེན་བྱས།

དེའི་རིང་། མདའ་བཞི་རྫོང་གིས་དཀའ་ངལ་ཡོད་པའི་བྱིས་པ370ལ་སྐོར་ཞིབ་བྱས་ནས་དྭ་ཕྲུག3དང་གསོ་སྐྱོང་བྱེད་མཁན་མེད་པའི་བྱིས་པ20ལ་གཞི་རྩའི་འཚོ་བའི་ཁ་གསབ་སྒོར་ཁྲི13.75སྤྲད་པ་དང་། དྭ་ཕྲུག་སློབ་ཆེན་སློབ་མ1ལ་སློབ་ཞུགས་རོགས་དངུལ་སྒོར་ཁྲི0.5སྤྲད། དུས་མཚུངས་སུ། སྤྱི་ཚོགས་རོགས་སྐྱོབ་འགན་ལེན་ཁྱབ་ཁོངས་ནང་བཅུག་པའི་མ་མཐའི་འཚོ་བའི་འགན་ལེན་གྱི་དྭ་ཕྲུག305ལ་མ་མཐའི་འཚོ་བའི་འགན་ལེན་མ་དངུལ་སྒོར་ཁྲི102.6དོན་འཁྱོལ་བྱས་ནས་དཀའ་ངལ་ཡོད་པའི་བྱིས་པར་རོགས་སྐྱོབ་བྱེད་པའི་འགོག་སྲུང་སྔར་ལས་ཇེ་བརྟན་དུ་བཏང་།

མདའ་བཞི་རྫོང་གིས་རོགས་སྐྱོབ་མ་དངུལ་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་ནས། དམངས་ཕན་སྲིད་ཇུས་དོན་འཁྱོལ་ལ་དྲོད་སྣང་གིས་ཁེངས་བར་བྱས་པ།  《དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་རོགས་སྐྱོབ་ཁ་གསབ་མ་དངུལ་དོ་དམ་བྱ་ཐབས》དོན་འཁྱོལ་ནན་པོ་བྱས་ཏེ། སྤྱི་ཚོགས་ཀྱི་རོགས་སྐྱོབ་མ་དངུལ་དོ་དམ་ལ་ཁྱོན་ཡོངས་ནས་ཤུགས་སྣོན་དང་། མཁར་གྲོང་དང་གྲོང་གསེབ་ཀྱི་མ་མཐའི་འགན་ལེན་མ་དངུལ་སོགས་རོགས་སྐྱོབ་མ་དངུལ་ལ་ཆེད་དོན་དོ་དམ་དང་། རྩིས་ཁྲ་དབྱེ་ནས་ཞིབ་རྩིས་བྱེད་པ། ཆེད་དངུལ་ཆེད་སྤྱོད་བཅས་བྱས་ཏེ། ཞིབ་བཤེར་གཏན་འབེབས་ཀྱི་འགག་སྒོ་རིམ་པ་བཞིན་དམ་འཛིན་ཡག་པོ་དང་། རོགས་སྐྱོབ་མ་དངུལ་སྣ་ཚོགས་དུས་ཐོག་ཏུ་འདང་ངེས་སྤྲོད་པ་བཅས་དམངས་འཚོའི་མ་མཐའ་འགན་ལེན་ཏན་ཏིག་བྱས། 

མིག་སྔའི་བར། རྫོང་ཡོངས་ཀྱི་གྲོང་གསེབ་ཀྱི་འགན་ལེན་བྱ་ཡུལ525ལ་མ་དངུལ་སྒོར་ཁྲི277.95དང་། མཁར་གྲོང་གི་འགན་ལེན་བྱ་ཡུལ378ལ་མ་དངུལ་སྒོར་ཁྲི345.19སྤྲད། དམིགས་བསལ་དཀའ་ངལ་ཡོད་པའི་འཚོ་སྐྱོང་འགན་ལེན་བྱ་ཡུལ50ལ་མ་དངུལ་སྒོར་ཁྲི43.05སྤྲད་ཅིང་། དུད་ཚང362དང་མི1071གི་གནས་སྐབས་རོགས་སྐྱོབ་འགན་ལེན་བྱ་ཡུལ་ལ་སྒོར་ཁྲི179.79སྤྲད་ནས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་ཆུ་ཚད་ནུས་ཤུགས་ཡོད་རྒུས་འགན་ལེན་གང་ལེགས་བྱས།


མཉམ་སྤྱོད།