དེ་རིང་ནི2024ལོའི་ཟླ09པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཝང་དབྱི་ཡིས་ཨ་རིའི་ཨེ་ཤ་ཡ་མཐུན་ཚོགས་ལས་འཛིན་ལྷན་ཚོགས་ཀྱི་མཉམ་འབྲེལ་ཀྲུའུ་ཞི་སང་ཏུན་དང་ཐུག་འཕྲད་གནང་།

2022-12-24 08:43:26   |   350

རྩོམ་སྒྲིག    སངས་དོན།           ཡོང་ཁུངས།  མི་དམངས་དྲ་བ།           དུས་ཚོད། 2022-12-24   8:40


ཟླ12ཚེས22ཉིན། རྒྱལ་དོན་ཨུ་ཡོན་དང་ཕྱི་འབྲེལ་པུའུ་ཀྲང་གཅིག་ལྕོགས་ཡིན་པའི་ཝང་དབྱི་ཡིས་པེ་ཅིང་དུ་ཨ་རིའི་ཨེ་ཤ་ཡ་མཐུན་ཚོགས་ཀྱི་ལས་འཛིན་ལྷན་ཚོགས་ཀྱི་མཉམ་འབྲེལ་ཀྲུའུ་ཞི་སང་ཏུན་དང་ཐུག་འཕྲད་གནང་བ་རེད།

F202212231547225666700000.jpg

ཝང་དབྱི་ཡིས། ཀྲུང་གོ་དང་ཨ་རིའི་འབྲེལ་བ་བརྟན་པོ་དང་རྒྱུན་མཐུད་ངང་འཕེལ་རྒྱས་ཡོང་དགོས་ན། ཐོག་མར་ཨ་རི་ཕྱོགས་ཀྱིས་ཀྲུང་གོར་ཤེས་རྟོགས་ཡང་དག་ཡོང་བ་བྱེད་དགོས། ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་གཙོ་བདག་པ་ལི་གླིང་ཕྲན་དུ་ཐུག་འཕྲད་བྱེད་པའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱས་ནས། ཀྲུང་ཨའི་འབྲེལ་བའི་མཛུབ་ཁྲིད་རྩ་དོན་འཚོལ་ཞིབ་བྱས་ནས་གཏན་འཁེལ་བྱས་ཏེ་ཀྲུང་ཨ་རྒྱལ་ཁབ་གཉིས་པོས་ཡང་དག་པའི་མཉམ་གནས་ཀྱི་ལམ་བུ་གཏོད་དགོས། ཨ་རི་ཕྱོགས་ཀྱིས་ཀྲུང་གོར་ཚུལ་མིན་ངང་གནོན་ཤུགས་སྤྲོད་རྒྱུ་བཀག་འགོག་བྱ་རྒྱུ་དོར་ནས་ཙུང་ཐུང་པའེ་ཏེང་གི་རྣམ་འགྱུར་དེ་བྱ་སྤྱོད་དངོས་ཐོག་འཁྱོལ་བ་བྱས་ཏེ། དགེ་མཚན་ལྡན་པའི་དངོས་སྒྲུབ་ཀྱི་ཀྲུང་གོར་འཛིན་པའི་སྲིད་ཇུས་ནང་ཕྱིར་ལོག་བྱེད་དགོས། ཨ་རིའི་བཟོ་ཚོང་དང་། འཐབ་ཇུས། རིག་གཞུང་ལས་རིགས་བཅས་ཀྱི་མི་སྣ་དེ་བས་མང་བ་ཀྲུང་གོར་ཡོང་ནས་སྤེལ་རེས་བྱས་ཏེ་རྒྱལ་ཁབ་གཉིས་པོའི་བར་ཕན་ཚུན་བསམ་ཤེས་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བསྟན།

F202212231547389876700000.jpg

སང་ཏུན་གྱིས། ཨ་རི་དང་ཀྲུང་གོ་ནི་མཉམ་ལས་བྱེད་ཆོག་པའི་འཐབ་ཇུས་ཀྱི་རོགས་ཟླར་འགྱུར་དགོས་ངེས་རེད། ངས་ཨ་ཀྲུང་གི་དཔལ་འབྱོར་ཚོང་དོན་འགྲོ་འོང་ལ་སྐུལ་འདེད་གཏོང་བ་དང་། ཨ་རིའི་དམངས་ཚོགས་ཀྱིས་ཀྲུང་གོར་ཕྱོགས་ཡོངས་ནས་ཤེས་རྟོགས་བྱེད་ཟབ་ཏུ་གཏོང་བ། ཨ་ཀྲུང་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་མུ་མཐུད་ནུས་པ་འདོན་འདོད་ཡོད་ཅེས་བསྟན།


མཉམ་སྤྱོད།