དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཚ་བ་འཇཊ་སྨན་འདིའི་རིན་གོང་ལྡབ་བརྒྱ་སྤར་མཁན་སྨན་ཚོང་ཁང་དེར་ཆད་པ་ཕོག

2022-12-24 08:29:48   |   347

རྩོམ་སྒྲིག    སངས་དོན།          ཡོང་ཁུངས།   མི་དམངས་དྲ་བ།            དུས་ཚོད། 2022-12-24   8:30


མ་གནས་ཆ་སྙོམས་སྒོར2.69ཡིན་པའི་པུའུ་ལུའོ་ཧྥུན་སྨན་ལེབ་དམ་བེ་རེར་སྒོར283.3བྱས་ནས་བཙོངས་པས་རིན་གོང་ལྡབ་བརྒྱ་ལས་བརྒལ་ཡོད་པ་རེད།

རིན་གོང་ཧམ་སྤོར་བྱས་པའི་དོགས་གཞི་ཡོད་པས། ཝུན་ཀྲོའུ་ལུང་ཝན་ཆུས་ཀྱི་ཀྲུང་ལུགས་སྨན་རྩྭའི་ཚོང་ཁང་ཞིག་ཟླ12ཚེས20ཉིན་ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཁག་གིས་གྱོད་དོན་ཐོ་འགོད་བྱས་ནས་ཞིབ་བཤེར་ཐག་གཅོད་བྱས་པ་རེད།

གསར་འགོད་པས་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ནས་ཤེས་རྟོགས་བྱུང་བར། ཁྲིམས་འཛིན་མི་སྣས་རིམས་ནད་དང་འབྲེལ་བ་ཡོད་པའི་སྨན་རྫས་ཀྱི་སྤུས་ཚད་དང་ཁྲོམ་རའི་སྒྲིག་ལམ་ལ་ཆེད་དོན་ཞིབ་བཤེར་བྱེད་སྐབས། ཀྲུང་ལུགས་སྨན་རྩྭའི་ཚོང་ཁང་ཞིག་གིས་ད་ལོའི་ཟླ3པ་དང་། ཟླ10པ། 11པ་བཅས་ལ་ཐབས་ལམ་མི་འདྲ་བར་བརྟེན་ནས་དམ་བེ་རེར་སྒོར2.69དང་། སྒོར2.67 དང་སྒོར3.2ཡིན་ལ། དམ་བེ་གཅིག་གི་ནང་པུའུ་ལུའོ་ཧྥུན་སྨན་ལེབ100ཡོད་པའི་དམ་བེ73ཉོས་པ་རེད། ཉོ་དུས་དམ་བེ་རེར་སྒོར15ཡིན་པ་རེད། ཟླ12ཚེས18ཉིན་ནས་བཟུང་། ཁྲོམ་རའི་ཐོག“པུའུ་ལུའོ་ཧྥུན”དཀོན་པའི་དབང་གིས་སྨན་ཚོང་ཁང་གིས་སིལ་ཚོང་བྱས་ནས་བཙོངས་པ་དང་། སྔོན་ལ་སྨན་ལེབ50ལ་སྒོར85བྱས་ནས་བཙོངས་པ་དང་། རྗེས་ནས་སྨན་ལེབ30ལ་སྒོར85བྱས་ནས་བཙོངས་པ་རེད། མ་གནས་ཆ་སྙོམས་སྒོར2.69ཟིན་པའི་པུའུ་ལུའོ་ཧྥུན་སྨན་ལེབ་དེ་དམ་བེ་རེར་སྒོར283.3བྱས་ནས་བཙོངས་པས། ལྡབ་བརྒྱ་ལས་བརྒལ་ནས་དེ་སྔོན་བྲིན་ཚོང་རིན་གོང་གི1888%དང་མཚུངས་ཀྱི་ཡོད་པ་རེད།

ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཁག་གིས་སྨན་ཚོང་ཁང་དེའི་བྱེད་སྤྱོད་དེ《རིན་གོང་བཅའ་ཁྲིམས》ཀྱི་དོན་ཚན་བཅུ་བཞི་པའི་ནང་གསེས་དོན་ཚན(གསུམ་པ) “གཉེར་སྐྱོང་པར་གཤམ་གསལ་གྱི་ཚུལ་མིན་རིན་གོང་བྱ་སྤྱོད་ཡོད་མི་ཆོག་པ་སྟེ།(གསུམ)རིན་གོང་འཕར་བའི་ཆ་འཕྲིན་རྫུན་བཟོ་དང་ཁྱབ་བསྒྲགས་བྱེད་པ། རིན་གོང་ཧམ་སྤོར་བྱས་ཏེ་ཚོང་ཟོག་གི་རིན་གོང་མཐོན་པོས་འཕར་རྒྱུར་སྐུལ་འདེད་གཏོང་བ”དང་འགལ་ཡོད་པས་གྱོད་དོན་ཐོ་འགོད་བྱས་ནས་ཞིབ་བཤེར་ཐག་གཅོད་བྱེད་དགོས་པའི་ངོས་འཛིན་བྱས་པ་རེད


མཉམ་སྤྱོད།