དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞིང་ཆེན་ཏང་ཨུའི་གཞུང་སྒྲུབ་ཐིན་དང་ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་གྱིས་མཚོ་སྔོན་ཞིང་ཆེན་གྱིས་རྫོང་མཁར་ནང་དོན་གཙོ་བོ་ཡིན་པའི་མཁར་གྲོང་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་ལག་བསྟར་ཇུས་གཞི་གཏན་འ

2022-12-24 07:34:39   |   356

རྩོམ་སྒྲིག   སངས་དོན།     ཡོང་ཁུངས།  མཚོ་སྔོན་གསར་འགྱུར་དྲ་བ།      ལོ་ཙཱ།  བཀྲ་ཤིས་འབུམ།       དུས་ཚོད།  2022-12-24   7:38


ཟླ12པའི་ཚེས22ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱི་རྫོང་མཁར་ནང་དོན་གཙོ་བོ་ཡིན་པའི་མཁར་གྲོང་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་བསམ་འཆར་ལག་བསྟར་དང་དངོས་འབེབས་བཟང་བོ་བྱེད་ཆེད། ཞིང་ཆེན་ཏང་ཨུའི་གཞུང་སྒྲུབ་ཐིན་དང་ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་གྱིས་མཚོ་སྔོན་ཞིང་ཆེན་གྱིས་རྫོང་མཁར་ནང་དོན་གཙོ་བོ་ཡིན་པའི་མཁར་གྲོང་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་ལག་བསྟར་ཇུས་གཞི་གཏན་འཁེལ་འགྲེལ་སྤེལ་བྱས་ཏེ། རིགས་བགར་ནས་རྫོང་མཁར་འཕེལ་རྒྱས་ཁ་ཕྱོགས་ལ་ཁྲིད་སྟོན་བྱེད་པ་དང་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་བ་གསོ་སྐྱོང་བྱེད་པ་སོགས་ཕྱོགས་དགུའི་ཐད་ཀྱི་ལས་འགན་གཙོ་བོ་སོ་དྲུག་བཀོད་སྒྲིག་བྱས་པར་མ་ཟད། མཚོ་སྔོན་ཞིང་ཆེན་རྫོང་མཁར་འཕེལ་རྒྱས་ཀྱི་གཏན་གནས་གཏན་ལ་ཕབ་སྟེ་ཞིང་ཆེན་ཡོངས་ཀྱི་རྫོང་མཁར་སོ་བདུན་ལ་རིམ་བཞིན་གསེད་བཀྲོལ་བྱས་པ་དང་། མ་འོངས་པའི་འཕེལ་རྒྱས་ཁ་ཕྱོགས་དང་གནད་ས་གཏན་འཁེལ་གསལ་བོ་བྱས།

ལག་བསྟར་ཇུས་གཞི་ལས། རིགས་བགར་ཁྲིད་སྟོན་དང་གནད་འཁེལ་ཇུས་བསྟར་ཟུང་འབྲེལ་བྱེད་པར་ཡིད་འཇོག་བྱས་ཡོད། རྫོང་མཁར་ནུས་པའི་གཏན་གནས་དང་ཐོན་ཁུངས་ཁོར་ཡུག་ཐེག་ཤུགས་ནུས་པ། ཐོན་ལས་འཕེལ་རྒྱས་རྨང་གཞི་བཅས་ལ་རྐང་བཙུགས་ཏེ། རང་ཞིང་གི་རྫོང་མཁར་སོ་བདུན་ལ་ལུགས་མཐུན་སྒོས་རིགས་བགར་བ་དང་། གྲོང་ཁྱེར་ཆེན་པོའི་མཐའ་འཁོར་གྱི་རྫོང་མཁར་དང་ཆེད་ལས་ནུས་པའི་རྫོང་མཁར། ཞིང་ཐོན་དངོས་རྫས་ཐོན་སྐྱེད་ཁུལ་གྱི་རྫོང་མཁར། སྐྱེ་ཁམས་ནུས་པའི་ས་ཁུལ་གཙོ་བོའི་རྫོང་མཁར། མི་གྲངས་ཕྱི་ཤོར་རྫོང་མཁར་བཅས་རིགས་ལྔ་ལྟར། ཁྱད་པར་ཅན་གྱི་འཕེལ་རྒྱས་ཐབས་ལམ་བཏོན་པ་དང་། གོ་རིམ་ལྡན་ཞིང་དམིགས་ཡུལ་ཡོད་པའི་སྲིད་ཇུས་དང་བྱེད་ཐབས་ཞིབ་ཕྲ་བཀོད་སྒྲིག་བྱས། ནུས་པ་འཐུས་ཚང་དང་ཐོན་ལས་འཕེལ་རྒྱས་ཟུང་འབྲེལ་བྱེད་པར་ཡིད་འཇོག་བྱས་ཡོད། རྫོང་མཁར་ཕྱོགས་བསྡུས་ཞབས་ཞུའི་ནུས་པ་ཇེ་ཆེར་འགྲོ་བ་གཅིག་སྡུད་བྱེད་པ་དང་། གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་ཆས་འཐུས་ཚང་དུ་གཏོང་བ་དང་རྫོང་ཁོངས་བཅོས་སྐྱོང་ཆུ་ཚད་མཐོར་འདེགས་སུ་གཏོང་བ། ཐོན་ལས་ཆ་ཚང་ནུས་པ་ཇེ་ཆེར་གཏོང་བ། སྤྱི་ཐུན་ཞབས་ཞུའི་མཁོ་འདོན་ལ་ཤུགས་སྣོན་པ་སོགས་ལས་འགན་གཙོ་བོར་ཞིབ་འཇུག་དང་བཀོད་སྒྲིག་བྱས། རྫོང་མཁར་ཐོན་ལས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པར་བྱེད་པ་དང་། རྨ་ཙོང་གཞོང་ས་དང་ཚྭ་འདམ་གཞོང་། རྨ་འབྲི་རྫ་གསུམ་གྱི་མགོ་ཁུངས། མདོ་ལ་རི་བོ། མཚོ་སྔོན་པོ་སོགས་སྐྱེ་ཁམས་ནུས་ཁོངས་ས་ཁུལ་གྱི་རྫོང་མཁར་ཁྱད་སྟོབས་འདོན་སྤེལ་བྱེད་པར་རྒྱབ་སྐྱོར་བྱས་ནས། ཐོན་ལས་ཀྱི་སྟོབས་ལྡན་རྫོང་མཁར་སྐོར་ཞིག་གསར་སྐྲུན་བྱེད་པ་དང་། ཡུལ་བབ་དང་བསྟུན་ནས་ཁྱད་ཐོན་ཐོན་ལས་ཚོགས་པ་གསོ་སྐྱོང་བྱེད་དགོས།

རྫོང་མཁར་ནི་མཁར་གྲོང་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། ལག་བསྟར་ཇུས་གཞི་གཏན་འཁེལ་འགྲེམ་སྤེལ་བྱས་པ་དེས་རང་ཞིང་གི་རྫོང་མཁར་གྲོང་བརྡལ་ཅན་འཛུགས་སྐྲུན་བྱེད་པའི་ཐབས་ལམ་གཏན་འཁེལ་གསལ་བོ་བྱས་པ་དང་། རྣམ་པ་གསར་བའི་གྲོང་བརྡལ་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་གྲོང་གསེབ་མཉམ་བསྲེས་འཕེལ་རྒྱས་ལ་སྐུལ་སྤེལ་བྱེད་པར་གཅིག་གྱུར་སྒོས་འཆར་འགོད་བྱས་པར་མ་ཟད། རྣམ་པ་གསར་བའི་བཟོ་ཞིང་གྲོང་གསེབ་བར་དུ་འབྲེལ་བ་འཛུགས་པར་དོན་སྙིང་གལ་ཆེན་ལྡན།


མཉམ་སྤྱོད།