དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཅང་སུའུ་དང་མཚོ་སྔོན་ཞིང་ཆེན་གྱི་ཁ་གཏད་རོགས་སྐྱོར་མཉམ་ལས་བྱ་བའི་བརྙན་ལམ་བཞུགས་མོལ་ཚོགས་འདུ་བསྡུས།

2022-12-24 07:21:07   |   353

རྩོམ་སྒྲིག    སངས་དོན།        ཡོངས་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།           དུས་ཚོད།  2022-12-24   7:24


ཟླ་བཅུ་གཉིས་པའི་ཚེས་ཉེར་གཉིས་ཉིན། ཅང་སུའུ་ཞིང་ཆེན་དང་རང་ཞིང་གིས་བརྙན་རིས་ཀྱི་ལམ་ནས་ཁ་གཏད་རོགས་སྐྱོར་མཉམ་ལས་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁ་གཏད་རོགས་སྐྱོར་དང་ཤར་ནུབ་རྒྱུད་མཉམ་ལས་བྱ་བའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་ནན་མོ་བྱས་ལ། མགོ་ཚུགས་ས་གསར་བའི་སྟེང་རོགས་སྐྱོར་མཉམ་ལས་གཏིང་ཟབ་ཏུ་སྤེལ་བའི་ཐད་ནས་བརྗེ་རེས་གྲོས་མོལ་བྱས།

ཅང་སུའུ་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཀྲིན་ལུང་ནན་ཅིན་ཚོགས་ར་ནས་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁམ་གི་ཀྲུའུ་རིན་ཞིན་ཁྲང་ཞིང་གིས་ཟི་ལིང་ཚོགས་ར་ནས་གཏམ་བཤད། ཅང་སུའུ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞུའུ་ཁུན་ལིན་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གཉིས་ཀྱིས་སོ་སོར་ད་ལོའི་ཞིང་ཆེན་གཉིས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་ཁ་གཏད་རོགས་སྐྱོར་མཉམ་ལས་བྱ་བའི་གནས་ཚུལ་ངོ་སྤྲོད་བྱས། ཚོགས་འདུར་ཅང་སུའུ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཧྥེ་ཀའོ་ཡུན་གྱིས་མགོ་འཛིན་བྱས།

ཝུའུ་ཀྲིན་ལུང་གིས་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་བླངས་པའི་གྲུབ་འབྲས་ལ་རྟེན་འབྲེལ་ཞུས་པ་དང་། མཚོ་སྔོན་གྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཅང་སུའུ་ཡི་རོགས་མངག་ལས་བྱེད་པར་སེམས་ཁུར་དང་གཟིགས་སྐྱོང་བྱས་པར་བཀའ་དྲིན་ཆེ་ཞུས། ཁོས་བཤད་རྒྱུར། རྒྱལ་ཡོངས་གོང་འོག་ཚང་མས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པའི་དུས་སྐབས་གལ་ཆེན་དང་། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་་བརྟན་དུ་གཏོང་བ་དང་རྒྱ་བསྐྱེད་པ་དང་གྲོང་གསེབ་དར་སྤེལ་གཉིས་ཕན་ཡོད་སྦྲེལ་མཐུད་བྱེད་པའི་དུས་རིམ་གལ་ཆེན་དུ། ཅང་སུའུ་དང་མཚོ་སྔོན་གྱི་ཁ་གཏད་རོགས་སྐྱོར་མཉམ་ལས་ཇུས་ཆེན་ལ་གྲོས་སྡུར་བྱས་པ་དང་། ཕྱོགས་གཉིས་ཀྱིས་བརྗེ་རེས་སྔར་ལས་རྒྱ་བསྐྱེད་པ་དང་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ། མཉམ་དུ་འཕེལ་རྒྱས་སུ་གཏོང་བ་དང་མཉམ་དུ་ཕྱུག་པོར་བསྒྱུར་བར་སྐུལ་འདེད་གཏོང་བ། སྐྱོད་ལམ་གསར་བའི་སྟེང་ཅང་སུའུ་དང་མཚོ་སྔོན་གྱི་མཉམ་ལས་ཀྱི་ལེའུ་འབྲི་བ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན། བརྙན་རིས་བཞུགས་མོལ་ཚོགས་འདུ་བསྡུ་བ་ནི་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་བྱེད་པ་དང་། ཁ་གཏད་རོགས་སྐྱོར་མཉམ་ལས་བྱ་བ་ལག་བསྟར་བྱས་ནས་གྲུབ་འབྲས་ལེན་པར་སྐུལ་འདེད་གཏོང་བའི་འགུལ་སྐྱོད་དངོས་ཡིན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་ནི་ཏང་གི་དཀྱིལ་སྙིང་ལས་འགན་ཡིན་ལ། དུས་རབས་གསར་བའི་སྐྱོད་ལམ་གསར་བའི་ཅང་སུའུ་དང་མཚོ་སྔོན་གཉིས་ཀྱིས་འགན་མཉམ་ཁུར་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཡང་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་བྱེད་པ་དང་། གཏན་ཕབ་གཉིས་ལ་གོང་བཀུར་བྱེད་པ། སྲུང་སྐྱོང་གཉིས་བཟང་བོར་སྒྲུབ་པ། ཆབ་སྲིད་ཀྱི་རང་རྟོགས་མཐོན་པོས་འགན་འཁྲི་ལས་འགན་མཉམ་དུ་ལག་བསྟར་བྱེད་པ། དངུལ་གཏོང་རོགས་སྐྱོར་དང་ལྷག་བསམ་རྣམ་དག་གིས་རོགས་སྐྱོར་བྱེད་པ། བདེན་འཛིན་དངོས་གཉེར་གྱིས་རོགས་སྐྱོར་བྱེད་པ། ཐོན་ལས་ཐད་ནས་ཕན་ཚུན་ཁ་གསབ་དང་མི་སྣའི་ཐད་ནས་བརྗེ་རེས་བྱེད་པ། ལག་རྩལ་ཐད་ནས་ཕན་ཚུན་སློབ་སྦྱོང་བྱེད་པ། འདུ་ཤེས་ཐད་ནས་ཕན་ཚུན་མཉམ་འབྲེལ་བྱེད་པ། བྱ་སྤྱོད་ཐད་ནས་ཕན་ཚུན་དཔེ་ལྟ་བྱེད་པ། རང་སོ་སོའི་འཇོན་ཐང་ངོམ་པ་དང་མཉམ་ལས་འཕེལ་རྒྱས་སུ་གཏོང་བའི་ཁྲོད་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་པ། མཉམ་དུ་ཕྱུག་པོར་བསྒྱུར་བའི་ཁྲོད་ཞིང་ཆེན་གཉིས་ཀྱི་མི་དམངས་མང་ཚོགས་ལ་བདེ་སྐྱིད་བསྐྲུན་པ། རྐྱེན་སྲོལ་འཐུས་ཚང་དུ་གཏོང་བའི་ཁྲོད་དངོས་གཉེར་མཉམ་ལས་ཐད་ནས་གྲུབ་འབྲས་སྔར་ལས་ཆེན་པོ་ལེན་པར་སྐུལ་འདེད་གཏོང་བ། མཉམ་དུ་དེང་རབས་ཅན་འཛུགས་སྐྲུན་གྱི་སྐྱོད་ལམ་གསར་བར་ཞུགས་པ། མཉམ་དུ་ཅང་སུའུ་དང་མཚོ་སྔོན་གྱི་མཉམ་ལས་ཀྱི་ལེའུ་གསར་བ་འབྲི་བ། གྲུབ་འབྲས་དངོས་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སེམས་བདེ་བར་བྱེད་པ་དང་། ཏང་ཀྲུང་དབྱང་སེམས་བདེ་བར་བྱེད་པ། མཚོ་སྔོན་གྱི་ལས་བྱེད་པ་དང་མང་ཚོགས་ཡིད་ཚིམ་པར་བྱེད་དགོས།

ཞིན་ཁྲང་ཞིང་གིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་ཚབ་བྱས་ནས། ཅང་སུའུ་ཞིང་ཆེན་གྱིས་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པ་དང་ཤར་ནུབ་རྒྱུད་མཉམ་ལས་སྟེང་ཁག་ཁུར་ནན་མོ་བྱས་པར་བཀའ་དྲིན་ཆེ་ཞུས། ཁོས་བཤད་རྒྱུར། ཁ་གཏད་རོགས་སྐྱོར་དང་ཤར་ནུབ་རྒྱུད་ཀྱི་མཉམ་ལས་སྤེལ་རྒྱུ་ནི། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་སྤྱི་ཡོངས་ཀྱི་མཐོ་ཚད་ནས་བཏོན་པའི་འཐབ་ཇུས་ཇུས་ཆོད་གལ་ཆེན་ཡིན། མཚོ་སྔོན་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད། མདུན་སྐྱོད་ཅུང་ཙམ་བྱས་པ་དེ་ཡང་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་མཚོ་སྔོན་ལ་རོགས་སྐྱོར་བྱེད་མཁན་ཕྱོགས་ཀྱི་རོགས་རམ་དང་རྒྱབ་སྐྱོར་དང་འབྲལ་ཐབས་མེད་པ་དང་། ཏང་ཀྲུང་དབྱང་གི་དམིགས་བསལ་གཟིགས་སྐྱོང་དང་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཕྱོགས་ཀྱི་བརྩེ་བ་དེ་མཚོ་སྔོན་མི་དམངས་ཀྱིས་ནམ་ཡང་བརྗེད་མི་སྲིད། ཅང་སུའུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་མིག་དཔེ་བྱེད་པ་དང་དཔེ་སྟོན་བྱེད་པ། མདུན་གྲས་སུ་བསྐྱོད་པའི་བླང་བྱ་གལ་ཆེན་བློ་བརྟན་འགྱུར་མེད་ཀྱིས་ལག་བསྟར་བྱས་པ་དང་། ཐོག་མཐའ་བར་གསུམ་དུ་ཏང་དང་རྒྱལ་ཁབ་ཀྱི་འཐབ་ཇུས་ཀྱི་སྤྱི་ཡོངས་ཀྱི་མཐོ་ཚད་དུ་འགྲེང་ནས། ལོ་བཅུ་གཉིས་རིང་གི་མཚོ་སྔོན་གྱི་ཁ་གཏད་རོགས་སྐྱོར་དང་ལོ་དྲུག་རིང་གི་ཤར་ནུབ་རྒྱུད་མཉམ་ལས་ཐད་ནས་གྲུབ་འབྲས་མངོན་གསལ་ལེན་པར་སྐུལ་འདེད་བཏང་། མཚོ་སྔོན་གྱིས་བློ་བརྟན་འགྱུར་མེད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་བྱས་པའི་ཁ་ཕྱོགས་བརྒྱུད་དེ་མདུན་དུ་བསྐྱོད་པ་དང་། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་རྒྱུས་ལོན་གཏིང་ཟབ་བྱེད་པ། སྲུང་སྐྱོང་གཉིས་བཟང་བོར་བསྒྲུབ་པ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ཟབ་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ། ཅང་སུའུ་ཡི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་ཚད་ཤིང་དུ་འཛིན་པ། ཅང་སུའུ་ཡིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ལག་ལེན་གསར་བར་སློབ་སྦྱོང་བྱས་ནས། མཚོ་སྔོན་གྱི་ཁྱད་ཆོས་དང་མཐུན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་ཞིག་བཏོད་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་འབྲི་དགོས། སྐྱོད་ལམ་གསར་བར་ཞུགས་ཚེ། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པ་དང་ཤར་ནུབ་རྒྱུད་མཉམ་ལས་དེ་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་རྒྱ་བསྐྱེད་པ་དང་གྲོང་གསེབ་དར་སྤེལ་གཉིས་ཕན་ཡོད་སྦྲེལ་མཐུད་བྱེད་པ་དང་མཉམ་དུ་ཕྱུག་པོར་བསྒྱུར་བར་སྐུལ་འདེད་གཏོང་བའི་མགོ་ཚུགས་ས་གསར་བའི་སྟེང་འགྲེང་ཡོད་པ་དང་། སྐྱེ་ཁམས་སྲུང་སྐྱོབ་བྱེད་པ་དང་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བ། དམངས་ཚིས་བདེ་སྐྱིད་ཇེ་ཆེར་གཏོང་བ། མཉམ་དུ་ཁ་གཏད་རོགས་སྐྱོར་གྱི་འབྲེལ་བ་འཛུགས་པ་དང་ཕྱོགས་གཉིས་ཀྱི་བརྗེ་རེས་སོགས་ལ་དམིགས་ནས་རོགས་སྐྱོར་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱས་པ་དང་། མཉམ་དུ་ཕྱུག་པོར་བསྒྱུར་བའི་སྐར་མཐོའི་རྒྱུགས་ལན་སྤྲོད་དགོས།

ཅང་སུའུ་ཞིང་ཆེན་གྱི་མགོ་ཁྲིད་ཁྲུའུ་ཡུང་ཧུང་དང་མཚོ་སྔོན་ཞིང་ཆེན་གྱི་མགོ་ཁྲིད་ཝང་ཝེ་ཏུང་དང་། ཀྲའོ་ཡུའེ་ཞ། ཚེ་རིང་ཐར་བཅས་སོ་སོར་ནན་ཅིན་དང་ཟི་ལིང་ཚོགས་ར་ནས་ཚོགས་འདུར་ཞུགས། ཞིང་ཆེན་གཉིས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་དང་། ཅང་སུའུ་ཞིང་ཆེན་གྱི་མཚོ་སྔོན་མཚོ་ལྷོ་ཁུལ་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་མདུན་ཕྱོགས་བཀོད་འདོམས་པུའུ་དང་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བའི་རུ་ཁག་གི་འགན་ཁུར་བློ་མཐུན་བཅས་ཚོགས་འདུར་ཞུགས།


མཉམ་སྤྱོད།