དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ནུབ་མཚོ་ནས་ཚ་ཧན་ནོར་གཞུང་ལམ་ལས་གྲྭའི XC-1རྩིས་སྤྲོད་རྩིས་ལེན་བྱས།

2022-12-23 17:00:47   |   377


         རྩོམ་སྒྲིག།  སངས་དོན།      ཡོངས་ཁུངས། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དྲ་བ།             དུས་ཚོད།     2022-12-23 17.09



ཟླ12ཚེས21ཉིན་ནུབ་མཚོ་ནས་ཚ་ཧན་ནོར་བར་གྱི་གཞུང་ལམ་ལས་གྲྭའིXC-1རྩིས་སྤྲོད་རྩིས་ལེན་ཚོགས་འདུ་དེ་དྲ་ཕྱི་དང་དྲ་ཐོག་ཟུང་འབྲེལ་གྱི་བྱེད་ཐབས་བེད་སྤྱད་ནས་འཚོགས་པ་རེད། ཚོགས་འདུ་དེ་མཚོ་སྔོན་ཀྲུང་ཐེ་ཤིས་ཚ་གཞུང་ལམ་འཛུགས་སྐྲུན་དོ་དམ་ཚད་ཡོད་ཀུང་སིས་སྒྲིག་འཛུགས་བྱས་ཤིང་།  མཚོ་བྱང་ཁུལ་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པ་ཝུའེ་པིང་ཡན་དང་། མཚོ་བྱང་ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུ། མདའ་བཞི་རྫོང་དང་རྐང་ཚ་རྫོང་གི་འགྲིམ་འགྲུལ་སྐྱེལ་འདྲེན་ཅུ་ཐེངས་འདིའི་ཚོགས་འདུར་ཞུགས་པ་རེད།

ཚོགས་འདུས་ལས་གཞི་དེའི་འཛུགས་སྐྲུན་དང་ཇུས་འགོད། ལྟ་སྐུལ་དོ་དམ། བཟོ་སྐྲུན་ལས་ཁུངས་ཀྱི་ལས་གྲྭ་རྩིས་སྤྲོད་ཀྱི་བྱ་བའི་སྙན་ཞུར་ཉན་པ་དང་། རྩིས་སྤྲོད་ཞིབ་བཤེར་གྱི་བསམ་འཆར་དང་རྩིས་སྤྲོད་བདེ་འཇགས་རང་བཞིན་གྱི་གདེང་འཇོག་སྙན་ཞུ། སྲིད་གཙང་གན་རྒྱ་ཞིབ་བཤེར་རྩིས་ལེན་གྱི་བསམ་འཆར་བཅས་བརྡ་ཁྱབ་བཏང་། དྲ་ཐོག་ནས་ལྟ་ཞིབ་དང་བརྙན་གཟིགས་ལ་ལྟ་བ་སོགས་ཀྱི་བྱེད་ཐབས་བརྒྱུད་ནས་ལས་གྲྭའི་དངོས་ཚན་དང་ནང་ལས་དཔྱད་ཡིག་ལ་དྲ་ཐོག་ནས་ཞིབ་བཤེར་བྱས་པ་རེད།  རྩིས་ལེན་ཚོགས་ཆུང་གིས་ཞིབ་འཇུག་བྱས་པ་བརྒྱུད། རྣམ་གྲངས་དེའི་གཞུང་ལམ་རྨང་གཞི་དང་ལམ་ངོས། ཟམ་ལམ། དེ་བཞིན་འགྲིམ་འགྲུལ་བདེ་འཇགས་སྒྲིག་བཀོད་ལས་གྲྭའི་དམིགས་ཚད་ཁག་ཇུས་འགོད་དང་ཚད་གཞིའི་བླང་བྱ་དང་མཐུན་པ་དང་། ཡིག་ཚགས་དཔྱད་ཡིག་ཆ་ཚང་བས་རྩིས་སྤྲོད་རྩིས་ལེན་བྱ་རྒྱུར་མོས་མཐུན་བྱུང་བ་རེད།

ད་ལོ་ནས་བཟུང་། རང་རེའི་ཁུལ་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་ས་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་དང་། འགྲིམ་འགྲུལ་དང་གནས་སྐོར་མཉམ་འདྲེས་ཀྱིས་ས་ཁོངས་ཧྲིལ་པོའི་གནས་སྐོར་འཕེལ་རྒྱས་ལ་སྣེ་ཁྲིད་བྱས་ཏེ། འགྲིམ་འགྲུལ་དང་གནས་སྐོར་མཉམ་འདྲེས་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་ཞབས་ཞུའི་མ་ལག་འཛུགས་སྐྲུན་བྱེད་ཆེད།  མཚོ་བྱང་ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུ་ཡིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་བཀོད་སྒྲིག་གཞིར་བཟུང་ནས་འགན་འཁྲི་དམ་འཛིན་བྱས་ཏེ། མུ་མཐུད་དུ་ལས་གཞི་འཛུགས་སྐྲུན་ལས་ཁུངས་ཀྱི་འབྲེལ་འདྲིས་ལ་ཤུགས་སྣོན་བྱས་པ་དང་། འབྲེལ་ཡོད་ལས་ཁུངས་སོ་སོར་མཐུན་སྦྱོར་གང་ལེགས་ཀྱིས་ལས་གྲྭའི་འཛུགས་སྐྲུན་གྱི་འགན་སྲུང་བྱ་བ་ལེགས་པོ་བསྒྲུབས་ཤིང་། ལས་གཞི་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་། 

G0612ཟི་ལིང་ནས་ཧོ་ཐེན་མྱུར་བགྲོད་གཞུང་ལམ་གྱི་ནུབ་མཚོ་ནས་ཚ་ཧན་ནོར་བར་གྱི་གཞུང་ལམ་ལས་གྲྭ་ནི《རྒྱལ་ཁབ་ཀྱི་མྱུར་བགྲོད་གཞུང་ལམ་དྲ་བའི་འཆར་འགོད》G6འབྲེལ་མཐུད་ལམ་ཐིག་གིG0612ཟི་ལིང་ནས་ཧོ་ཐེན་བར་གྱི་གཞུང་ལམ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། 《ནུབ་རྒྱུད་སྒོ་འབྱེད་ཆེན་མོའི་འཐབ་ཇུས་ཀྱི་གཞུང་ལམ་དང་ཆུ་ལམ་འགྲིམ་འགྲུལ་སྐྱེལ་འདྲེན་འཕེལ་རྒྱས་འཆར་འགོད་རྩ་གནད》དུ་འཆར་འགོད་བྱས་པའི“གཞུང་བརྒྱད་འཕྲེད་བརྒྱད”སྒྲོམ་གཞིའི“འཕྲེད་གཉིས”ཐེན་ཅིན་ནས་ཁ་ཧྲེ་བར་གྱི་གཞུང་ལམ་གྱི་གྲུབ་ཆ་གལ་ཆེན་ཞིག་ཀྱང་རེད། ལས་གཞིའི་མ་འཇོག་གི་རིགསPPPཡིན་ལ། དེར“BOT+EPC+སྲིད་གཞུང་གི་དམིགས་བསལ་མ་རྐང”གི་རྣམ་པ་སྤྱད་ཡོད། རགས་རྩིས་བྱས་ན་སྤྱིའི་དངུལ་འབོར་སྒོར་དུང་ཕྱུར་53.38ཟིན། ཤར་དུ་ནས་ཅའོ་ནན་ནས་མདའ་བཞི་(ནུབ་མཚོ)བར་གྱི་གཞུང་ལམ་ལ་མཐུད་ཡོད། མགོ་འཛུགས་སK3+ནུབ་མཚོ་གྲོང་རྡལ་མེ་ཤུགས་གློག་ཁང་གི་བྱང་ཤར་གྱི་སྤྱི་ལེ2.5མཚམས་ཡིན། ཅ་ཏིང་ནས་ནུབ་མཚོའི་བར་གྱི་གཞུང་ལམ་གྱི་ནུབ་མཚོའི་ལྟེ་གནས་དང་འབྲེལ་མཐུད་བྱས་ཡོད་པ་ཟད། སྟོང་སྐོར་ནས་ནུབ་མཚོའི་མྱུར་བགྲོད་གཞུང་ལམ་གྱི་སྣེ་མཐུད་དེ། དཔལ་དགེ་གྲོང་རྡལ་དང་འོམ་ཆུ་གྲོང་རྡལ། མཚོ་འཁྱིལ་ཡུལ་ཚོ། སྐྱིད་སྨོན་ཡུལ་ཚོ་བཅས་བརྒྱུད་ཡོད་ཅིང་། མཇུག་སྣེ་དེK156+436.694ཡི་ཐེམ་ཆེན་རྫོང་གི་ཅང་ཧོ་གྲོང་རྡལ་ཡིན། ལམ་ཐིག་ཧྲིལ་བོར་འཁོར་ལམ་བཞི་ཡི་རིམ་པ་དང་པོའི་གཞུང་ལམ་གྱི་ཚད་ཐིག་ལྟར་བཟོས་ཡོད། ཇུས་འགོད་བྱས་པའི་གཞུང་ལམ་གྱི་མྱུར་ཚད་ནི་ཆུ་ཚོད་རེར་སྤྱི་ལེ100ཡིན་ལ། ལམ་གྱི་ཞེང་ཚད་སྨི26ཡིན། ལམ་ཐིག་ཧྲིལ་བོར་སྤྱི་ལེ154.433ཡོད། ནུབ་མཚོ་ནས་ཚ་ཧན་ནོར་བར་གྱི་གཞུང་ལམ་ནི་མཚོ་སྔོན་པོའི་བྱང་ངོགས་ཀྱི་ཆབ་སྲིད་དང་དཔལ་འབྱོར་གྱི་མ་ལམ་གལ་ཆེན་ཞིག་ཡིན་ལ། གསེར་དངུལ་ཐང་དང་མཐོན་པོ་སྒང་། མཚོ་སྔོན་པོ། ཁེ་རན་ཐང་སོགས་མཛེས་ལྗོངས་ས་ཁུལ་གྱི་གནས་སྐོར་བགྲོད་ལམ་གཙོ་བོའི་ནང་གི་གཅིག་ཡིན། ལས་གཞིའི་རྣམ་གྲངས་དེ་ལེགས་འགྲུབ་བྱུང་ནས་ཤར་གཏོང་བྱས་པ་ཡིས་རང་ཁུལ་གྱི་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་གནས་སའི་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་ཐོབ་པ་དང་། འགྲིམ་འགྲུལ་དང་གནས་སྐོར་མཉམ་འདྲེས་འཕེལ་རྒྱས་གྱིས་ས་ཁོངས་ཧྲིལ་བོའི་གནས་སྐོར་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པ་དམིགས་སུ་བཟུང་ནས།  མྱུར་བགྲོད་དལ་སྐོར་གྱི་འགྲིམ་འགྲུལ་དང་རིག་གནས་ཐོན་ལས་མཉམ་འདྲེས་ཀྱི་འགྲིལ་འགྲུལ་ཞབས་ཞུའི་མ་ལག་འཛུགས་སྐྱོང་བྱེད་པར་སྲ་ཞིང་བརྟན་པོའི་རྨང་གཞི་འདོན་སྤྲོད་བྱས་ཡོད།


མཉམ་སྤྱོད།