དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཤ་བོ་སྐྱབས་ཀྱིས་མཐོན་པོ་སྒང་དུ་བརྟག་ཞིབ་བྱས།

2022-12-23 10:25:31   |   389

ཟླ12པའི་ཚེས21ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཚབ་མ་ཤ་བོ་སྐྱབས་ཀྱིས་ཞིང་ཆེན་རིག་གནས་གནས་སྐོར་ཐིང་གི5Aརིམ་པའི་མཛེས་ལྗོངས་གསར་འཛུགས་ཀྱི་འབྲེལ་ཡོད་བླང་བྱ་ལྟར། ཧྲང་ཧེ་དང་པེ་ཅིན་སོགས་ཇུས་འགོད་ཀུང་སིས་ཇུས་འགོད་བྱས་པའི་མཐོན་པོ་སྒང་གི་གནས་སྐོར་ཕྱོགས་བསྡུས་ཞབས་ཞུའི་ཉམས་ལེན་ཁང་དང་དེ་བཞིན་ལྗོངས་གཟིགས་སྟེགས་བུ། ལྕགས་ཟམ་ས་ཚིགས་བཟོ་སྐྲུན་གྱི་ཇུས་གཞི་གཞིར་བཟུང་ནས་མཐོན་པོ་སྒང་དུ་གསར་བརྗེའི་རིག་གནས་ཞིབ་འཇུག་གནས་གཞི་འཛུགས་སྐྲུན་ལས་དོན་ལ་ཡང་བསྐྱར་བརྟག་ཞིབ་དང་བཀོད་སྒྲིག་བྱས། འཆར་གཞིའི་ཁྲོད་ཀྱི་གནས་སྐོར་ཕྱོགས་བསྡུས་ཞབས་ཞུའི་ཉམས་ལེན་ཁང་དང་ལྗོངས་གཟིགས་སྟེགས་བུ། ལྕགས་ཟམ་ས་ཚིགས་སོགས་བཟོ་སྐྲུན་ལ་ཡུལ་དངོས་ནས་ཞིབ་བསྡུར་དང་ལྟ་ཞིབ་བྱས་ཤིང་། བཟོ་སྐྲུན་གྱི་བཟོ་ལྟའི་ཐད་ལ་དོན་དངོས་དང་བསྟུན་ནས་དབྱེ་ཞིབ་བྱས། དེ་དང་མཉམ་དུ། མཐོན་པོ་སྒང་གི་མཛེས་ལྗོངས་ས་ཁུལ་སོ་སོའི་གནས་ཡུལ་ཚགས་སྒྲུག་གིས་གཏན་ཁེལ་བྱས་ཤིང་། མཐོན་པོ་སྒང་གི་སྔོན་གྱི་མཁའ་དམག་བཅའ་སྡོད་བྱས་སའི་གནས་ཡུལ་སླར་གསོ་འཛུགས་སྐྲུན་དང་གཞུང་ལམ་གསར་སྐྲུན་སོགས་ལས་དོན་ལ་བཀོད་སྒྲིག་ཞིབ་ཚགས་བྱས། གསེར་དངུལ་ཐང་དང་རྡུལ་ཕྲན་གྲོང་གི5A རིམ་པའི་གནས་སྐོར་མཛེས་ལྗོངས་གསར་སྐྲུན་བྱ་བར་སྐུལ་འདེད་བཏང་ནས། མཚོ་བྱང་དེ་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་གྱི་གནས་ཡུལ་དུ་གསར་འཛུགས་བྱེད་པར་ཤེད་ཤུགས་བཏོན།

ཁུལ་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་ཀྲུའུ་ལེན་དང་ཁུལ་རྒྱལ་དབང་དངུལ་གཏོང་ཀུས་སིའི་ཏུང་ཧྲི་ཆོས་དབྱངས་རྒྱ་མཚོ། གསེར་དངུལ་ཐང་གནས་སྐོར་ཐོན་ལས་འཕེལ་རྒྱས་ཚད་ཡོད་འགན་འཁྲི་ཀུང་སིའི་ཏུང་ཧྲི་ལིག་ལེན་ཕེར་གྱིས་འགྲོ་རོགས་བྱས།


མཉམ་སྤྱོད།