དེ་རིང་ནི2024ལོའི་ཟླ12པའི་ཚེས27ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་གིས་དྲོད་ཁོལ་ཟ་ཁང45བསྐྲུན་པ།

2024-09-02 11:40:57   |   539

སྒྲིག་སྒྱུར།    སངས་དོན།    ཡོང་ཁུངས།  མཚོ་བྱང་མདོ་ལ་ཚགས་པར།     བཤེར་འབེབས།   རིན་ཆེན་ཚེ་རིང་།


ད་ལོའི་ཚུན་ཏུ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་རྒན་རྒོན་ལ་ཞབས་འདེགས་ཞུ་བའི་འདུ་ཤེས་བརྟན་པོ་བཅངས་ནས་དྲོད་ཁོལ་ཟ་ཁང་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་དང་། རྒན་རྒོན་གྱི་བཟའ་བཅའི་དཀའ་ངལ་བསལ་པ་དང་དམངས་འཚོའི་དཀའ་གནད་སེལ་གང་ཐུབ་ཀྱིས་རྒན་རྒོན་ཚོས་བདེ་སྐྱིད་ངང་འཚོ་བ་རོལ་བར་ཁྱོན་ཡོངས་ནས་ཐུགས་ཁུར་དང་རོགས་རམ་བྱས། ཟླ8པའི་ཟླ་མཇུག་བར། མཚོ་བྱང་གིས་དྲོད་ཁོལ་ཟ་ཁང45བསྐྲུན་པ་དང་ཉིན་རེར་ཆ་སྙོམས་ཀྱིས་ཟས་ཟ་བའི་རྒན་རྒོན་མི་ཐེངས400ལས་བརྒལ་ཡོད་པ་རེད།

མཚོ་བྱང་ཁུལ་གྱིས་དྲོད་ཁོལ་ཟ་ཁང་བསྐྲུན་རྒྱུ་དེ་ཁུལ་ཡོངས་ཀྱི་དམངས་འཚོའི་ལས་དོན་གལ་ཆེན་ཞིག་ཏུ་རྩིས་ནས་ནུས་ཤུགས་ཆེན་པོས་སྐུལ་འདེད་བཏང་ཞིང་། ཁུལ་དང་རྫོང་། ཡུལ་ཚོ་བཅས་སུ་རྒན་གསོ་ཞབས་ཞུའི་དྲ་བ་བཙུགས་པ་མ་ཟད།  ཁུལ་དང་རྫོང་གི་དམངས་སྲིད་སྡེ་ཁག་གིས་མཉམ་གཅིག་ཏུ་མངའ་ཁོངས་ནང་གི་རྒན་རྒོན་ཚོའི་བཟའ་བཅའི་དགོས་མཁོ་ཕྱོགས་ཡོངས་ནས་རྒྱུས་ལོན་བྱས་ཤིང་། རྫོང་རིམ་པ་ཁག་གི་ནོར་སྲིད་ཀྱིས་གཉེར་སྐྱོང་བྱེད་མགོ་ཚུགས་པའི་སྡེ་ཁུལ་གྱི་ཁྱིམ་སྡོད་རྒན་གསོ་ཞབས་ཞུའི་སྒྲིག་བཀོད་ལ་ཉིན་མོའི་ལྟ་རྟོག་ལྟེ་གནས་ལྟར་ལོ་རེར་སྒོར་ཁྲི8དང་། ཡུལ་ཚོ་དང་གྲོང་རྡལ་རིམ་པའི་རྒན་གསོ་ཞབས་ཞུའི་བྱེད་སྒོའི་ལྟེ་གནས་ལ་ལོ་རེར་སྒོར་ཁྲི6དང་། གྲོང་གསེབ་དྲོད་ཁོལ་ཁང་ལ་ལོ་རེར་སྒོར་ཁྲི4ཡི་ཚད་གཞི་ལྟར་གཉེར་སྐྱོང་ཁ་གསབ་སྤྲད་པ་རེད།

གྲོང་ཚོའི(སྡེ་ཁུལ)རྒན་རྒོན་མི་འབོར་གྱི་གྲངས་འབོར་སོགས་ལ་ཕྱོགས་བསྡུས་བསམ་གཞིག་བྱས་ནས་ཏང་དམངས་ཞབས་ཞུའི་ལྟེ་གནས་དང་ཁྱིམ་སྡོད་རྒན་གསོ་ཞབས་ཞུ་ས་ཚིགས་སོགས་སྒྲིག་བཀོད་བེད་སྤྱོད་དང་བཟོ་བཅོས་སོགས་ཀྱི་བྱེད་ཐབས་སྤྱད་ནས་ཚན་རིག་དང་མཐུན་པའི་སྒོ་ནས་དྲོད་ཁོལ་ཟ་ཁང་བཀོད་སྒྲིག་བྱས་པ་དང་། གྲོན་བསྡུའི་ཚད་གཞི་ལུགས་མཐུན་གྱི་བཟོ་བ། བཟའ་བཅའི་རིགས་དབྱེའི་ཁ་གསབ་ལག་བསྟར་བྱས་ཏེ། “རྫོང་རིམ་པའི་སྲིད་གཞུང་གིས་ཁ་གསབ་རོགས་དངུལ་ངེས་ཅན་སྤྲོད་པ་དང་། ཞིང་ཆེན་རིམ་པའི་སྐར་རིམ་དཔྱད་འཇོག་གིས་ཁ་གསབ་རོགས་དངུལ་ངེས་ཅན་སྤྲོད་པ། གྲོང་ཚོའི་མཉམ་སྡེབ་ཀྱིས་ཁ་གསབ་རོགས་དངུལ་ངེས་ཅན་སྤྲོད་པ། གནས་སྦྲེལ་རོགས་སྐྱོར་ལས་ཁུངས་ཀྱིས་རོགས་སྐྱོར་ངེས་ཅན་བྱེད་པ། སྤྱི་ཚོགས་སྟོབས་ཤུགས་ཀྱིས་ཞལ་འདེབས་ཏོག་ཙམ་རྒྱག་པ། མི་སྒེར་གྱིས་མ་དངུལ་ཕྲན་ཙམ་འདོན་པ”སོགས་ཀྱི་བྱེད་ཐབས་ལྟར། རྒན་རྒོན་གྱི་བཟའ་བཅའི་ཞབས་ཞུ་རྒྱུན་མཐུད་ངང་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱས།

དེ་དང་ཆབས་ཅིག དྲོད་ཁོལ་ཁང་གི་ཞབས་ཞུའི་ནུས་པ་རྒྱ་ཆེར་བཏང་ནས་ཇ་ཐུན་མ་ཡིན་པའི་དུས་ཚོད་སྤྱད་དེ་རིག་རྩལ་རོལ་རྩེད་བྱེད་སྒོ་སྤེལ་བ་དང་། དྲོད་ཁོལ་ཁང་དེ་སློབ་སྦྱོང་བྱེད་ས་དང་འཆད་ཁྲིད་སྤེལ་ས། གྲོལ་མོལ་བྱེད་ས་སོགས་གཞི་གཅིག་ཏུ་འདུས་བར་བྱས་ཏེ། རྒན་རྒོན་གྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་བཏང་། གྲོང་ཚོའི(སྡེ་ཁུལ)དྲ་མིག་དོ་དམ་པ་སོགས་སྒྲིག་འཛུགས་དང་སྐུལ་སློང་བྱས་ཏེ། ལྟོ་ཆས་སྐྱེལ་བའི་ཞབས་ཞུའི་དཔུང་ཁག་བཙུགས་པ་དང་དགོས་མཁོ་ཡོད་པའི་རྒན་རྒོན་ཚོར་སྒོ་རྩར་ལྟོ་ཆས་སྐྱེལ་བའི་ཞབས་ཞུ་མཁོ་འདོན་བྱས་པ་མ་ཟད། བཟའ་བཅའ་ཞབས་ཞུའི་དྲ་རྒྱ་འདེགས་སྐྱོར་དུ་བྱས་ཏེ། རང་མགོ་མི་ཐོན་པ་སོགས་དམིགས་བསལ་རྒན་རྒོན་ཚོགས་སྤྱིར་རེས་སྐོར་འཚམ་འདྲི་དང་གཅེས་སྐྱོང་གི་ཞབས་ཞུ་སྤེལ་བ་དང་། ཞབས་ཞུའི་ཁྱབ་ཁོངས་རྒྱུན་ཆད་མེད་པར་ཆེ་རུ་བཏང་།


མཉམ་སྤྱོད།