དེ་རིང་ནི2025ལོའི་ཟླ06པའི་ཚེས14ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདེལ་གཉིས་སྐར་གཅིག་སྙིང་སྟོབས་རྒྱུན་འཛིན་དར་སྤེལ་གཏོང་བའི་རྗེས་དྲན་དང་ལྟ་སྐོར་རྟོག་ཞིབ་བྱེད་སྒོ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དུ་སྤེལ།

2024-08-30 15:19:04   |   802

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


1.jpg

2~2.jpg

ཟླ8པའི་ཚེས29ཉིན། མཚོ་སྔོན་ཞིང་ཆེན་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར75ལོན་པར་རྟེན་འབྲེལ་ཞུ་བ་དང་མདེལ་གཉིས་སྐར་གཅིག་སྙིང་སྟོབས་རྒྱུན་འཛིན་དར་སྤེལ་གཏོང་བའི་རྗེས་དྲན་དང་ལྟ་སྐོར་རྟོག་ཞིབ་བྱེད་སྒོ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དུ་སྤེལ། བྱེད་སྒོར་ཞུགས་པའི་ལས་རིགས་སོ་སོའི་འཐུས་ཚབ་མི་སྣས་མདེལ་གཉིས་སྐར་གཅིག་བྱ་གཞག་ལ་མི་ཚེ་ཕུལ་བའི་སྤྱི་མཐུན་རྒྱལ་ཁབ་ཀྱི་མཛད་རྗེས་ཅན་རྣམས་ལ་རྗེས་དྲན་བྱས་པ་དང་། ཡུལ་དངོས་སུ་མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་འཁྲུངས་སར་ལྟ་སྐོར་རྟོག་ཞིབ་བྱས་ཤིང་། སྙིང་སྟོབས་རླབས་ཆེན་མྱོང་རྟོགས་བྱས་ཏེ། དམར་པོའི་གཞི་རྒྱུ་རྒྱུན་འཛིན་བྱས།

སྔ་དྲོའི་བྱེད་སྒོའི་ཁྲོད། ལས་རིགས་སོ་སོའི་འཐུས་ཚབ་མི་སྣ་མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་དང“596”བརྗོད་དོན་ཁྱམས་རིང་སོང་སྟེ། འགྲེམ་སྟོན་བྱས་པའི་འདྲ་པར་དང་རྒྱུ་ཆ། དཔེ་དབྱིབས་སོགས་རིག་རྫས་རྩ་ཆེན་ལ་བལྟས་པ་བརྒྱུད། རྡུལ་ཕྲན་མཁར་དང་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉིང་རྡུལ་བཟོ་ལས་མེད་པ་ནས་ཡོད་པར་གྱུར་པའི་འཕེལ་རྒྱས་གཏམ་རྒྱུད་ལ་ཞིབ་མོར་མཉན་ཏེ། ཀྲུང་གོའི་མ་རྡུལ་ནུས་པའི་བཟོ་ལས་གསར་སྐྲུན་དང་འཕེལ་རྒྱས་བརྒྱུད་རིམ། རྡུལ་ཕྲན་མཁར་གྱི་གཟི་འོད་འབར་བའི་ལོ་རྒྱུས་དང་ངོ་མཚར་གྲུབ་འབྲས་ལ་རྒྱུས་ལོན་བྱས། གཟབ་ནན་རྔམ་བརྗིད་ཀྱིས་ཕྱུག་པའི་རྗེས་དྲན་ཁང་དུ། ཚོགས་ཞུགས་མི་སྣས་མྱ་ངན་ཞུས་བ་དང་གུས་འདུད་བསྟན་པ། མེ་ཏོག་ཕུལ་བ་སོགས་ཀྱི་རྣམ་པས། ཀྲུང་གོའི་ཉིང་རྡུལ་བྱ་གཞག་ཆེད་དུ་རིན་ཐང་བྲལ་བའི་ཚེ་སྲོག་བློས་བཏང་བའི་དཔའ་བོ་རྣམས་ལ་རྗེས་དྲན་ཞུས་པ་དང་། ཁོང་ཚོའི་རྒྱལ་གཅེས་བརྩེ་སེམས་དང་རྒྱལ་ཁབ་ལ་སྲི་ཞུ་སྒྲུབ་པའི་ལྷག་བསམ་ལ་ཚོར་རྟོགས་བྱས། དེའི་རྗེས་སུ་ཚང་མས་མཉམ་དུ་ཀྲུང་གོའི་རྡུལ་ཕྲན་མཚོན་ཆ་དང་པོ་གསར་བཟོ་ཞིབ་འཇུག་རྟེན་གཞིའི་རྗེས་དྲན་རྡོ་རིང་ལ་མགོ་བོ་དགྱེ་ནས་བལྟས།

ཕྱི་དྲོར་ཚན་ཆུང་གཉིས་སུ་བགོས་ནས་རྟོག་ཞིབ་ལས་དོན་སྤེལ། ཚན་ཆུང་དང་པོ་མཚོ་བྱང་ཁུལ་གསར་བརྗེའི་སློབ་སྦྱོང་ཞིབ་འཇུག་གི་ཡུལ་དངོས་སློབ་ཁྲིད་བྱེད་ས་མཁའ་དམག་གནམ་སའི་འཁྲིད་མདའ་སྒེར་ཤོག་ཉི་ཤུ་པའི་ཤུལ་རྙིང་དང་རྒྱལ་གཉེར་གཉིས་གཉིས་གཅིག་བཟོ་གྲྭའི་ཡན་ལག་བཟོ་གྲྭ་དང་པོའི་གནས་རྙིང་། འབར་གས་ཚོད་ལྟའི་གནས་སོགས་སུ་སོང་སྟེ། ཀྲུང་གོའི་རྡུལ་ཕྲན་མཚོན་ཆ་ཞིབ་བཟོ་རྟེན་གཞིའི་མདེལ་གཉིས་སྐར་གཅིག་བྱ་གཞག་གི་དོན་སྙིང་གལ་ཆེན་ལ་སྔར་ལས་ཞིབ་ཅིང་ཕྲ་བར་རྒྱུས་ལོན་ཟབ་མོ་བྱས་པ་དང་། མདེལ་གཉིས་སྐར་གཅིག་གི་རླབས་ཆེའི་སྙིང་སྟོབས་ལ་སྔར་ལས་གཏིང་ཟབ་མོས་ཚོར་རྟོགས་བྱས། ཚན་ཆུང་གཉིས་པ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞབས་རྗེས་བསྙེགས་ནས་རྐང་ཚ་རྫོང་ཁེ་རམ་ཐང་དང་འོམ་ཆུ་གྲོང་རྡལ་དཀོན་ལོ་གོང་མ་སྡེ་བར་སོང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མངགས་ཟབ་མོར་མྱོང་རྟོགས་ཟབ་མོ་བྱས་པ་དང་། གཡུ་ཡི་རླབས་ཕྲེང་རྩེན་པའི་མཚོ་སྔོན་པོའི་སྐྱེ་ཁམས་བཟང་པོར་ཚོར་རྟོགས་བྱས་ཏེ། འབྲོག་པ་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་འགྱུར་ལྡོག་དང་གྲོང་གསེབ་དར་སྤེལ་གྱི་འཕེལ་རྒྱས་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས།

བྱེད་སྒོའི་སྐབས་སུ། མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་དུ་ད་དུང་མདེལ་གཉིས་སྐར་གཅིག་གི་རིན་བྲལ་དངོས་པོ་ཞལ་འདེབས་འབུལ་བའི་མཛད་སྒོ་སྤེལ།


མཉམ་སྤྱོད།