དེ་རིང་ནི2024ལོའི་ཟླ12པའི་ཚེས27ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདའ་བཞི་རྫོང་གིས་ཞིང་ཆེན་ཡོངས་ནས་ལུག་ཤའི་རིན་གོང་སྟོན་གྲངས་ཁག་ཐེག་ཚོད་ལྟའི་ལས་དོན་ཐོག་མར་སྤེལ་བ།

2024-09-02 17:22:50   |   805

རྩོམ་སྒྲིག  ཀླུ་མོ་མཚོ།   ཡོང་ཁུངས། མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།   བཤེར་འབེབས། རིན་ཆེན་ཚེ་རིང་།


མཚོ་བྱང་ཁུལ་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་གྱི་སྣེ་ཁྲིད་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། མཚོ་བྱང་ཁུལ་མདའ་བཞི་རྫོང་གི“མཚོ་སྐོར་བོད་ལུག”སྤུས་རྟགས་ཐོན་ལས་ཀྱི་བདེ་ཐང་ཐོན་སྐྱེད་དང་རྒྱུན་མཐུད་འཕེལ་རྒྱས་ཡོང་བ་འགན་ལེན་བྱེད་པ། སྐམས་ལུག་ཤའི་ཁྲོམ་རའི་རིན་གོང་བསྟུད་མར་ཆག་པའི་དཀའ་ངལ་སེལ་བ། རོང་འབྲོག་གསོ་སྤེལ་ཁྱིམ་ཚང་ལ་རྒྱུན་གཏན་གྱི་ཁེ་བཟང་ཡོང་བ་འགན་ལེན་བཅས་བྱ་ཆེད། ཉེ་སྔོན། མདའ་བཞི་རྫོང་གིས“དངུལ་རྩ+”ཞབས་ཞུའི་རྣམ་པ་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ནས། རྫོང་སྲིད་གཞུང་གིས་མ་དངུལ་སྒོར་ཁྲི93.5བཏང་བ་དང་། མང་ཚོགས་ཀྱིས་སྒོར་ཁྲི17བསྡུས་ཏེ། “མཚོ་སྐོར་བོད་ལུག་གི་རིན་གོང་སྟོན་གྲངས་ཁག་ཐེག”ཚོད་ལྟའི་ལས་དོན་བཙུགས་ནས། རྫོང་ཡོངས་ཀྱི་བོད་ལུག17000ལྷག་གི་ལུག་ཤའི་རིན་གོང་ཁག་ཐེག་ཡོང་བ་བྱས།

“མཚོ་སྐོར་བོད་ལུག་གི་རིན་གོང་སྟོན་གྲངས་ཁག་ཐེག”ནི་མདའ་བཞི་རྫོང་རང་ས་གནས་ནས་སྐྱེ་འཚར་བྱུང་བའི་བོད་ལུག་གཙོ་བོ་ཡིན་ལ། སྲིད་གཞུང་དང་ལས་རིགས་སྡེ་ཁག གུན་སྐྱོབ་སྤྱི་གཉེར། གསོ་སྤེལ་ཁྱིམ་ཚང་སོགས་ཕྱོགས་ཁག་གི་ཐོན་ཁུངས་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་པ་བརྒྱུད། སྲིད་གཞུང་གི་གཅིག་གྱུར་འཆར་འགོད་འོག་ཁག་ཐེག་བྱ་ཐབས་སྤྱད་དེ་གཉེར་སྐྱོང་གི་ཉེན་ཁ་འགོག་པ་དང་སེལ་བ་བྱས་ནས། མདའ་བཞི་རྫོང་གི་བོད་ལུག་ཐོན་ལས་ཀྱི་རྒྱུན་སྲིང་དང་ཕོག་ཐུག་འགོག་པའི་ནུས་པ་ལ་རོགས་རམ་བྱེད་པ་དང་། རྫོང་ཡོངས་ཀྱི་བོད་ལུག་གི་རིན་གོང་ཁག་ཐེག་ངང་མཁོ་སྤྲོད་བྱ་རྒྱུ་འགན་ལེན་བྱས་ནས། ཐོན་ལས་ཀྱི་ཕན་འབྲས་དང་མང་ཚོགས་ཀྱི་ཡོང་འབབ་འཕར་རྒྱུར་སྐུལ་འདེད་བཏང་།
      “མཚོ་སྐོར་བོད་ལུག་གི་རིན་གོང་སྟོན་གྲངས་ཁག་ཐེག”དམིགས་ཚད་རིན་གོང་ནི་ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་གིས2024ལོ་ནས་བཟུང་ཁྱབ་བསྒྲགས་བྱས་པའི་ཞིང་ཆེན་ཡོངས་ཀྱི་ལུག་ཤའི་ཆ་སྙོམས་རིན་གོང་གཞི་འཛིན་བཟུང་ཡོད། ཁག་ཐེག་གྲོན་དངུལ་ཆ་བགོས་བྱེད་སྟངས་དེ་ཕག་གི་རིན་གོང་སྟོན་གྲངས་ཁག་ཐེག་གི་ཉམས་མྱོང་དཔྱད་གཞིར་བྱས་ཡོད། གལ་ཏེ་བཤས་གཏོང་བྱེད་སྐབས་ཁྱབ་བསྒྲགས་བྱས་པའི་ལུག་ཤའི་རིན་གོང་དེ་དམིགས་ཚད་རིན་གོང་ལས་དམའ་ན། ཁག་ཐེག་སྐྱིན་ཚབ་འཇལ་དགོས་པ་དང་གུན་སྐྱོབ་སྤྱི་གཉེར་གྱིས་ཁ་ཆད་བཞག་པའི་སྐྱིན་ཚབ་འཇལ་གྲངས་གཞིར་བཟུང་ནས་གསོ་སྤེལ་ཁྱིམ་ཚང་ལ་ཐད་ཀར་སྐྱིན་ཚབ་གཞལ་དགོས། དེ་བས་ཕན་ནུས་ཆེ་བ་དང་སྟབས་བདེ་བའི་གཅིག་འཐུས་རྣམ་པའི་ཁག་ཐེག་ཞབས་ཞུ་བརྒྱུད། མང་ཚོགས་ལ་སེམས་བདེ་དང་བློས་འགེལ་ཆོག་པའི་ཁག་ཐེག་ཞིག་མཁོ་འདོན་བྱས་ཡོད།  “མཚོ་སྐོར་བོད་ལུག་གི་རིན་གོང་སྟོན་གྲངས་ཁག་ཐེག”གིས་ཞིང་ཆེན་ཡོངས་ཀྱི་ནོར་ལུག་གསོ་སྤེལ་རིགས་ཀྱི་རིན་གོང་སྟོན་གྲངས་ཁག་ཐེག་གི་སྟོང་ཆ་བསྐངས་ནས་ཞིང་ཆེན་ཡོངས་ཀྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན་བྱ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད།      


མཉམ་སྤྱོད།