དེ་རིང་ནི2025ལོའི་ཟླ05པའི་ཚེས01ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཀརྨ་ཚེ་རིང་གིས་རུ་སྣེ་ཁྲིད་དེ་ཞིང་ཆེན་འགྲིམ་འགྲུལ་མ་རྐང་ཚོད་འཛིན་སྡེ་ཚོགས་ལ་གཙོ་གནད་ལས་དོན་འབྲེལ་མཐུད་བྱས།

2024-09-03 10:49:13   |   981

སྒྲིག་སྒྱུར།   སངས་དོན།    ཡོང་ཁུངས།  མཚོ་བྱང་ཁུལ་སྲིད་གཞུང་དྲ་བ།     བཤེར་འབེབས།   རིན་ཆེན་ཚེ་རིང་།


ཟླ9པའི་ཚེས2ཉིན། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཀརྨ་ཚེ་རིང་གིས་རུ་སྣེ་ཁྲིད་དེ་ཞིང་ཆེན་འགྲིམ་འགྲུལ་མ་རྐང་ཚོད་འཛིན་སྡེ་ཚོགས་སུ་སོང་ནས་སྔ་རྗེས་སུ་ཞིང་ཆེན་འགྲིམ་འགྲུལ་མ་རྐང་ཚོད་འཛིན་སྡེ་ཚོགས་ཀྱི་སྤྱི་ཁྱབ་ཅིང་ལི་ཝང་ཅིན་དང་སྤྱི་ཁྱབ་ཅིང་ལི་གཞོན་པ་ཀྲུང་ཝུན་ཧྭ། ཞིང་ཆེན་འགྲིམ་འགྲུལ་མ་རྐང་ཚོད་འཛིན་སྡེ་ཚོགས་ཀྱི་ལས་གྲྭ་དོ་དམ་པུ་དང་གཉེར་སྐྱོང་དོ་དམ་པུ། ཞིང་ཆེན་འགྲིམ་འགྲུལ་འཛུགས་སྐྲུན་ཀུང་སི་སོགས་ཀྱི་འགན་འཁུར་བློ་མཐུན་དང་མཇལ་འཕྲད་གནང་བ་དང་། སྟོང་སྐོར་ནས་ནུབ་མཚོ་གྲོང་རྡལ་གཞུང་ལམ་གྱི་ཤར་གཏོང་དང་མཚོ་བྱང་མངའ་ཁོངས་ཀྱི་མྱུར་བགྲོད་གཞུང་ལམ་གྱི་ཧེ་བག་ཅན་གྱི་གྲོན་བསྡུ་སོགས་ཀྱི་ལས་དོན་ལ་འབྲེལ་མཐུད་བྱས།

01.jpg

ཀརྨ་ཚེ་རིང་གིས་ཞིང་ཆེན་འགྲིམ་འགྲུལ་མ་རྐང་ཚོད་འཛིན་སྡེ་ཚོགས་ཀྱིས་དུས་ཡུན་རིང་པོའི་ནང་མཚོ་བྱང་གི་འགྲིམ་འགྲུལ་བྱ་གཞག་དང་ལྷག་པར་དུ་མྱུར་བགྲོད་གཞུང་ལམ་འཛུགས་སྐྲུན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས། ཞིང་ཆེན་འགྲིམ་འགྲུལ་མ་རྐང་ཚོད་འཛིན་སྡེ་ཚོགས་ཀྱིས་མཚོ་བྱང་གི་ལས་དོན་ལ་རྒྱབ་སྐྱོར་བྱེད་ཤུགས་མུ་མཐུད་དུ་ཆེ་རུ་བཏང་ནས་མཚོ་བྱང་ཁུལ་གྱི་འགྲིམ་འགྲུལ་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་ལ་སྔར་བས་སྐུལ་འདེད་དང་། མཚོ་བྱང་གི་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་བྱ་ཡུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱ་རྒྱུའི་རེ་བ་ཡོད་ཅེས་བཤད། གཅིག་ནས་འབྲེལ་ཡོད་ལས་ཁུངས་སྒྲིག་འཛུགས་བྱས་ཏེ་ཨར་སྐྲུན་གྱི་མྱུར་ཚད་མགྱོགས་སུ་བཏང་ནས་མྱུར་ལམ་ཤར་གཏོང་ཐུབ་རྒྱུ་དང་། སྟོང་སྐོར་ནས་ནུབ་མཚོ་གྲོང་རྡལ་གྱི་མྱུར་བགྲོད་གཞུང་ལམ་གྱི་ལམ་སྣེ་འབྲེལ་མཐུད་ཨར་ལས་ལག་བསྟར་བྱས་ཏེ། དུས་ཐོག་ཏུ་རླངས་འཁོར་ཤར་གཏོང་བྱེད་པའི་ཆ་རྐྱེན་འཛོམས་ཐུབ་པ་བྱ་རྒྱུ་དང་། གཉིས་ནས་རང་ཁུལ་མངའ་ཁོངས་ཀྱི་བར་མདོ་ནས་འཇུ་ལག་དང་། ཁིས་ཐུར་ནས་རྟ་ཐང་། ནུབ་མཚོ་ནས་ཚ་ཧན་ནོར། ཅ་ཏེན་ནས་ནུབ་མཚོ་གྲོང་རྡལ་བར་གྱི་མྱུར་བགྲོད་གཞུང་ལམ་དང་། སྟོང་སྐོར་ནས་ནུབ་མཚོ་གྲོང་རྡལ་བར་གྱི་རིམ་པ་དང་པོའི་གཞུང་ལམ་ལ་ཧེ་བག་ཅན་གྱི་གྲོན་བསྡུ་ལག་བསྟར་བྱས་ཏེ། མཚོ་བྱང་མངའ་ཁོངས་ཀྱི་རྒྱལ་ཁབ་དང་ཞིང་ཆེན་གཞུང་ལམ་གྱི་འགྲིམ་འགྲུལ་འཚང་འགག་གི་གནས་ཚུལ་ཞི་ལྷོད་དུ་གཏོང་བ་དང་། འགྲོ་སྐྱོད་ཀྱི་ལས་ཆོད་ཇེ་མཐོར་བཏང་ནས་འགྲིམ་འགྲུལ་རྒྱུག་ཚད་ཇེ་མང་དང་ལམ་དྲའི་སྣེ་ཤན་དང་སྐྱེལ་འདྲེན་འགྲོ་གྲོན་གཉིས་གཅོག་གི་དམིགས་ཚད་མངོན་འགྱུར་བྱེད་དགོས། གསུམ་ནས་མྱུར་བགྲོད་གཞུང་ལམ་གྱི་ཞབས་ཞུའི་ཁུལ་ཁག་ཏུ་མཚོ་བྱང་གི་སྤུས་ལེགས་ཐོན་རྫས་ཀྱི་ཚོང་སྒྲོམ་བཀོད་སྒྲིག་བྱས་ནས་མཚོ་བྱང་གི་སྤུས་ལེགས་ཞིང་ཕྱུགས་ཐོན་རྫས་ཕྱིར་ཚོང་བྱས་ཏེ་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ཁུལ་འཛུགས་སྐྲུན་ལ་རམ་འདེགས་བྱེད་དགོས།

02.jpg

ཞིང་ཆེན་འགྲིམ་འགྲུལ་མ་རྐང་ཚོད་འཛིན་སྡེ་ཚོགས་ཀྱི་འབྲེལ་ཡོད་མགོ་ཁྲིད་ཀྱིས་སྙན་ཞུར་གསན་རྗེས། མཚོ་བྱང་གིས་མྱུར་བགྲོད་གཞུང་ལམ་འཛུགས་སྐྲུན་དང་འགྲིམ་འགྲུལ་དང་གནས་སྐོར་མཉམ་འདྲེས་ཚོད་ལྟའི་ལས་དོན་སོགས་ཀྱི་ཐད་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་། རང་ཁུལ་གྱིས་བཏོན་པའི་གྲོས་མགོ་ཁག་ལ་ཕྱོགས་ཡོངས་ནས་རྒྱབ་སྐྱོར་ཡོད་པ་བསྟན་པ་མ་ཟད། ཞིང་ཆེན་འགྲིམ་འགྲུལ་མ་རྐང་ཚོད་འཛིན་སྡེ་ཚོགས་ཀྱི་དོན་དངོས་ལ་གཞི་ཚུགས་ཏེ་མཚོ་བྱང་ཁུལ་དང་རིམ་པ་མང་བ་དང་ཕྱོགས་ཡོངས་ནས་སྤེལ་རེས་མཉམ་ལས་དང་། འགྲིམ་འགྲུལ་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་ལ་མུ་མཐུད་དུ་ཤུགས་སྣོན་བརྒྱབ་ནས་འགྲིམ་འགྲུལ་དང་གནས་སྐོར་མཉམ་འདྲེས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བསྟན།

03.jpg

ཁུལ་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པ་ཀྲང་ཅིན་པའོ་དང་ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུའི་ཅུ་ཀྲང་ཀྲའོ་ཁྲང་མིང་དང་ཅུ་ཀྲང་གཞོན་པ་ཀྲེང་ཝུན་ཅ་བཅས་འབྲེལ་མཐུད་ལས་དོན་ལ་ཞུགས།


མཉམ་སྤྱོད།