དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྐང་ཚ་རྫོང་གི“རྐང་ཚ་བོད་ལུག”རྒྱལ་ཡོངས་ཀྱི“རྫོང་གཅིག་ལ་ཁྱད་ཆོས་གཅིག”གི་ཀྲུང་གོའི་སྤུས་རྟགས་དཀར་ཆག་ནང་བཅུག་པ།

2022-12-25 16:32:23   |   403

རྩོམ་སྒྲིག   སངས་དོན།      དུས་ཚོད། 2022-12-25


ཀྲུང་གོའི་རྒྱལ་སྤྱིའི་ཞིང་ལས་ཐོན་རྫས་ཉོ་ཚོང་ཚོགས་འདུ་སྐབས་བཅུ་དགུ་པ་དེ་ཟླ12ཚེས22ནས25ཉིན་བར་སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་ཀྲུང་གོའི་ནུབ་རྒྱུད་རྒྱལ་སྤྱིའི་དངོས་མང་བཤམས་སྟོན་ཁང་དུ་འཚོགས་པ་རེད། དེར་མཚོ་སྔོན་ཞིང་ཆེན་གྱི་ཁེ་ལས46ཞུགས་ཡོད།

སྐབས་འདིའི་ཞིང་ལས་ཚོང་འདུས་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་རྗེས་ཀྱི་རྒྱལ་ཡོངས་རང་བཞིན་དང་ཕྱོགས་བསྡུས་རང་བཞིན། རྒྱལ་སྤྱིའི་ཤུགས་རྐྱེན་ལྡན་པ་བཅས་ཀྱི་ཞིང་ལས་འགྲེམས་ཚོགས་ཆེ་གྲས་དང་པོ་དེ་ཡིན་པ་དང་། བརྗོད་དོན་གཙོ་བོ་ནི“འཁོར་རྒྱུག་ཤར་གཏོང་དང་ཐོན་ཚོང་སྦྲེལ་མཐུད། ཚན་རྩལ་ནུས་སྦྱིན། གྲོང་གསེབ་དར་རྒྱས”བཅས་ཡིན་པ་དང་། ཞིང་ལས་གྲོང་གསེབ་པུ་དང་སི་ཁྲོན་ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་། ཁྲེང་ཏུའུ་གྲོང་ཁྱེར་མི་དམངས་སྲིད་གཞུང་། ཀོང་ཏུང་ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་བཅས་ཀྱིས་མཉམ་དུ་སྤེལ་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་ཞིང་ཆེན་གྱིས་ད་ཐེངས་ཁྲོམ་ར་ཅན་དང་ཞིང་ལས་ཐོན་རྫས་ཀྱི་ས་ཁམས་མཚོན་རྟགས། ས་རྒོད་གསར་སྤེལ་བཅས་འགྲེམས་ཁུལ་གསུམ་བཙུགས་པ་དེ་ཁྲེང་ཏུའུ་གྲོང་ཁྱེར་གྱི་ཀྲུང་གོའི་ནུབ་རྒྱུད་རྒྱལ་སྤྱིའི་དངོས་མང་བཤམས་སྟོན་ཁང་གི་འགྲེམས་ཁང1པོ་དང་། འགྲེམས་ཁང10པ། འགྲེམས་ཁང12པ་བཅས་སུ་སོ་སོར་བཀྲམས་པ་དང་། སྤྱིའི་རྒྱ་ཁྱོན་སྨི་གྲུ་བཞི་མ400ཙམ་ཟིན་ཡོད་པ་རེད།  གྲོང་ཁྱེར(ཁུལ)8ནས་སྒྲིག་འཛུགས་བྱས་པའི་ཁེ་ལས46རེབ་འདིའི་འགྲེམས་སྟོན་ཚོགས་འདུའི་ནང་ཞུགས་པ་དང་། རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་སྣེ་འདྲེན་ཁེ་ལས་གཙོ་བོར་བྱེད་པ་དང་། འགྲེམས་སྟོན་ཐོན་རྫས་ནང་སྐམས་ལུག་ཤ་དང་འབྲུ་སྣུམ། འོ་བཟོས་ཐོན་རྫས་སོགས་རིགས་ཆེ་གྲས10ཡི་ཐོན་རྫས་རིགས300ལྷག་ཡོད།  ཆུ་དམར་ལེབ་རྫོང་གི“ཡུལ་ཤུལ་གྱི་འབྲོང་རྒོད”དང་རྐང་ཚ་རྫོང་གི“རྐང་ཚ་བོད་ལུག”དེ་རྒྱལ་ཡོངས་ཀྱི“རྫོང་གཅིག་ལ་ཁྱད་ཆོས་གཅིག”གི་ཀྲུང་གོའི་སྤུས་རྟགས་དཀར་ཆག་ནང་བཅུག་པ་རེད།

འགྲེམས་ཚོང་བྱེད་རིང་།  དུས་མཚུངས་སུ“མཚོ་སྔོན་གྱི་ཞིང་ལས་སྤུས་ལེགས་ཐོན་རྫས”དཔྱད་འདེམས་བྱེད་སྒོའི་སྤུས་རྟགས་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་རྒྱལ་ཡོངས་སུ“མཚོ་སྔོན་གྱི་ཚོང་རྟགས་ཅན”གྱི་ཁྱད་ལྡན་ཞིང་ཕྱུགས་སྤུས་རྟགས་ཁྱབ་གདལ་བཏང་བས“ས་གཙང་མཚོ་སྔོན·ས་མཐོའི་ཐོན་ཟོག་”ས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་དང་སྐད་གྲགས་ཆོད་ཚད་ཆེ་རུ་ཕྱིན་ཡོད།


མཉམ་སྤྱོད།