དེ་རིང་ནི2024ལོའི་ཟླ09པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞིང་ལས་སྟོབས་ཆེར་གཏོང་ཐུབ་ཚེ་གཞི་ནས་རྒྱལ་ཁབ་སྟོབས་ཆེར་གཏོང་ཐུབ།

2022-12-25 15:20:21   |   312

རྩོམ་སྒྲིག  སངས་དོན།    ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་བྱེད།   དུས་ཚོད། 2022-12-25


ཟླ12ཚེས23དང24ཉིན་ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་གནང་བ་རེད།

ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་ཞིང་ལས་སྟོབས་ཆེའི་རྒྱལ་ཁབ་གང་མགྱོགས་འཛུགས་སྐྲུན་བྱེད་པ་ནི་ཏང་ཀྲུང་དབྱང་གིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་བསྐྲུན་པར་དམིགས་ནས་བཏོན་པའི་འཐབ་ཇུས་བཀོད་སྒྲིག་ཅིག་རེད། རྒྱལ་ཁབ་སྟོབས་ཆེར་གཏོང་བར་ངེས་པར་དུ་སྔོན་ལ་ཞིང་ལས་སྟོབས་ཆེར་གཏོང་དགོས་པ་དང་། ཞིང་ལས་སྟོབས་ཆེར་གཏོང་ཐུབ་ཚེ་གཞི་ནས་རྒྱལ་ཁབ་སྟོབས་ཆེར་གཏོང་ཐུབ། ཞིང་ལས་སྟོབས་ཆེའི་རྒྱལ་ཁབ་མེད་ན་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཡང་ཡོང་མི་སྲིད། ཞིང་ལས་དང་གྲོང་གསེབ་ཀྱི་དེང་རབས་ཅན་མེད་ན་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་ནི་འཐུས་སྒོ་ཚང་བ་ཞིག་མིན། དེར་བརྟེན་ངར་ཤུགས་གཅིག་སྒྲིལ་གྱིས་གྲོང་གསེབ་དར་རྒྱས་གཏོང་རྒྱུ་ལྟེ་བར་འཛིན་པའི“ཞིང་གསུམ”ལས་དོན་ཁག་ལ་དམ་འཛིན་ཡག་པོ་བྱས་ནས། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ། ཞིང་ལས་སྟོབས་ཆེའི་རྒྱལ་ཁབ་གང་མགྱོགས་འཛུགས་སྐྲུན་བྱ་ཆེད་འབད་འཐབ་ཧུར་ཐག་བྱེད་དགོས།

 ཞི་ཅིན་ཕིང་གིས་གསུངས་དོན། ཞིང་ལས་སྟོབས་ཆེའི་རྒྱལ་ཁབ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་གྱི་རྨང་གཞི་ཡིན་ཞིང་། མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་སྐོང་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པ། རྒྱལ་ཁབ་ཀྱི་བདེ་འཇགས་རྨང་གཞི་བརྟན་དུ་གཏོང་བ་བཅས་ཚང་མ་ཞིང་ལས་འཕེལ་རྒྱས་དང་ཁ་འབྲལ་ཐབས་མེད། ཞིང་ལས་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་ཀྲུང་གོའི་ཁྱད་ཆོས་མངོན་པ་དང་། རང་རྒྱལ་གྱི་རྒྱལ་བབ་ལ་གཞི་ཚུགས་པ། མི་འབོར་མང་ལ་ས་ཞིང་ཉུང་བའི་ཐོན་ཁུངས་ཀྱི་ཁྱད་ཆོས་དང་། སོ་ནམ་ཤེས་དཔལ་གྱི་ལོ་རྒྱུས་ཀྱི་ནང་དོན་གཙོ་བོ། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དུས་རབས་ཀྱི་བླང་བྱ་བཅས་ལ་གཞི་ཚུགས་ཏེ། རང་ཉིད་ཀྱི་འགྲོ་ལམ་དུ་བསྐྱོད་ནས་ཕྱི་རྒྱལ་གྱི་དེང་རབས་ཅན་གྱི་ཞིང་ལས་སྟོབས་ཆེའི་རྒྱལ་ཁབ་ཀྱི་རྣམ་པར་སྟབས་བདེ་པོས་ལད་ཟློས་བྱེད་མི་རུང་། རང་ཉིད་ཀྱི་སྟོབས་ཤུགས་ལ་བརྟེན་ནས་ལྟོ་ཕོར་ལག་ཏུ་དམ་པོར་བཟུང་བ་དང་། བམ་རིམ་གཉིས་ལྡན་གྱི་གཉེར་སྐྱོང་ཟུངས་ནུས་ལ་བརྟེན་ནས་ཞིང་ལས་འཕེལ་རྒྱས་གཏོང་བ། སྐྱེ་ཁམས་ཐཱན་ཉུང་གི་ཞིང་ལས་འཕེལ་རྒྱས་གཏོང་བ། སོ་ནམ་ཤེས་དཔལ་རྒྱུན་འཛིན་བཅས་བྱས་ནས། ཐུན་མོང་འབྱོར་ཕྱུག་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། མིག་སྔར་ཞིང་ལས་སྟོབས་ཆེའི་རྒྱལ་ཁབ་བསྐྲུན་པའི་དམིགས་ཚད་གཏན་འཁེལ་བྱས་ནས“ཞིང་གསུམ”ལས་དོན་ལ་ཚན་རིག་དང་མཐུན་པའི་ཇུས་འགོད་དང་སྐུལ་འདེད་གཏོང་བ་དང་། རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་རྒྱག་པ། ཞིང་ལས་སྟོབས་ཆེའི་རྒྱལ་ཁབ་གང་མགྱོགས་བསྐྲུན་རྒྱུའི་འཆར་འགོད་བཟོ་བ་བཅས་བྱེད་དགོས། གོམ་པ་རིམ་བགྲོད་དང་ཏན་ཏན་ཏིག་ཏིག་གིས་རྨང་གཞི་འདིང་བ་དང་ཕུགས་ལ་ཕན་པའི་བྱ་བ་མང་ཙམ་སྒྲུབ་དགོས། ཡུལ་བབ་དང་བསྟུན་པ་དང་། ཕན་འབྲས་ལ་མཐོང་ཆེན། ཐོན་ཁུངས་ཀྱི་ཁྱད་ཆོས་དང་འཕེལ་རྒྱས་ཀྱི་དུས་མཚམས་ལ་གཞི་ཚུགས་པ་བཅས་བྱས་ནས། ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་གཏོང་བའི་ཆེས་ཁ་ཚ་དགོས་གཏུགས་དང་། ཞིང་པས་བསམ་འཆར་མང་ཤོས་འདོན་པའི་དངོས་ཡོད་གནད་དོན་ཐག་གཅོད་བྱེད་པ་ལས་དོན་དངོས་དང་འབྲེལ་བ་མེད་པའི་ངོ་སྲུང་ལས་གྲྭ་གཉེར་མི་རུང་།

 ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། འབྲུ་རིགས་དང་ཞིང་ལས་ཐོན་རྫས་གལ་ཆེན་བརྟན་པོ་དང་བདེ་འཇགས་ཀྱི་སྒོ་ནས་མཁོ་སྤྲོད་འགན་ལེན་བྱེད་པ་ནི་ཐོག་མཐའ་བར་གསུམ་དུ་ཞིང་ལས་སྟོབས་ཆེའི་རྒྱལ་ཁབ་སྐྲུན་པའི་དོན་ཆེན་ཨང་དང་པོ་དེ་རེད། གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་ནི་དུས་རབས་གསར་པར་ཞིང་ལས་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་གྱི་ལས་འགན་གལ་ཆེན་ཞིག་ཡིན་པས། མི་ཤུགས་འདོན་པ་དང་། དངོས་ཤུགས་བཀོད་སྒྲིག ནོར་སྲིད་སྟོབས་ཤུགས་ཀྱིས་འགན་ལེན་བྱེད་པ་བཅས་ཚང་མ་གྲོང་གསེབ་དར་རྒྱས་གཏོང་བའི་སྟེང་དུ་འཇོག་དགོས། ཚན་རྩལ་དང་སྒྱུར་བཅོས་ཀྱི་སྒུལ་ཤུགས་གཉིས་ལ་བརྟེན་ནས་ཞིང་ལས་སྟོབས་ཆེའི་རྒྱལ་ཁབ་གང་མགྱོགས་འཛུགས་སྐྲུན་བྱེད་དགོས། གྲོང་གསེབ་དེང་རབས་ཅན་ནི་ཞིང་ལས་སྟོབས་ཆེའི་རྒྱལ་ཁབ་སྐྲུན་པའི་ནང་གནས་ཀྱི་བླང་བྱ་དང་དགོས་ངེས་ཀྱི་ཆ་རྐྱེན་ཡིན་པ་དང་། གནས་འཕྲོད་དང་། ལས་འཚམ། མཛེས་མཐུན་བཅས་གསུམ་ལྡན་གྱི་གྲོང་གསེབ་འཛུགས་སྐྲུན་བྱ་རྒྱུ་ནི་ཞིང་ལས་སྟོབས་ཆེའི་རྒྱལ་ཁབ་ཀྱི་ལྡན་དགོས་ངེས་ཀྱི་ནང་དོན་ཞིག་རེད། ཏང་གིས“ཞིང་གསུམ”ལས་དོན་ལ་འགོ་ཁྲིད་བྱེད་པའི་རྩ་དོན་མཐའ་འཁྱོངས་བྱེད་པར་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་དང་། འགོ་ཁྲིད་ཀྱི་སྒྲིག་སྲོལ་དང་ལས་དོན་གྱི་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། ཞིང་ལས་སྟོབས་ཆེའི་རྒྱལ་ཁབ་མགྱོགས་པོ་སྐྲུན་ཆེད་སྲ་ཞིང་བརྟན་པའི་འགན་ལེན་བྱེད་དགོས།


མཉམ་སྤྱོད།