དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་དབྱང་ཞིང་སྡེ་བྱ་བའི་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་གལ་ཆེན་ལ་ས་གནས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོའི་ཁྲོད་དུ་ཚུར་སྣང་ཆེན་པོ་བྱུང་།

2022-12-26 11:36:25   |   259

རྩོམ་སྒྲིག  སངས་དོན།    ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།     ལོ་ཙཱ། བན་དེ་སྐྱབས     དུས་ཚོད། 2022-12-26


སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་དབྱང་ཞིང་སྡེ་བྱ་བའི་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་ལ་ས་གནས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོའི་ཁྲོད་དུ་ཚུར་སྣང་ཆེན་པོ་བྱུང་།  ཚང་མས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ངར་ཤུགས་བརྟན་པོ་བཅངས་པ་དང་། གྲོང་གསེབ་དར་སྤེལ་གཏོང་རྒྱུ་ལྟེ་བར་འཛིན་པའི“ཞིང་གསུམ”བྱ་བ་སྣ་ཚོགས་དམ་འཛིན་ཡག་པོ་བྱེད་པ། ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། ཞིང་ལས་ཀྱི་རྒྱལ་ཁབ་སྟོབས་ཆེན་སྐྲུན་ཚད་སྔར་ལས་ཇེ་མགྱོགས་སུ་གཏོང་ཆེད་འབད་འབུངས་ཧུར་ཐག་བྱེད་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། ཞིང་ལས་རྒྱལ་ཁབ་སྟོབས་ཆེན་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་གྱི་རྨང་གཞི་ཡིན་པས། མི་དམངས་ཀྱི་དགའ་སྐྱིད་འཚོ་བའི་དགོས་མཁོ་སྐོང་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པ། རྒྱལ་ཁབ་ཀྱི་བདེ་འཇགས་རྨང་གཞི་ཇེ་བརྟན་དུ་གཏོང་བ་བཅས་ཚང་མ་ཞིང་ལས་འཕེལ་རྒྱས་དང་ཁ་འབྲལ་ཐབས་མེད། ཚང་མས་ཞིང་ལས་དང་ཞིང་སྡེའི་རྣམ་པ་ལོ་རེ་བཞིན་འགྱུར་ལྡོག་འབྱུང་གིན་པ་གསལ་བོར་ཚོར་ཐུབ་ཟེར།  

གྲོང་གསེབ་དར་སྤེལ་གཏོང་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་ནི་དུས་རབས་གསར་པར་ཞིང་ལས་ཀྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་ལས་འགན་གལ་ཆེན་ཞིག་ཡིན། མེས་རྒྱལ་གྱི་ས་ཆ་ཁག་ཏུ་བསྐྱོད་སྐབས་གྲོང་གསེབ་ཀྱི་རྣམ་པ་གསར་པ་དང་ཞིང་པའི་འཚོ་བ་གསར་པ། གྲོང་གསེབ་དར་སྤེལ་གྱི་འཛུགས་སྐྲུན་ལས་དོན་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ཡོད། ཅང་ཞི་ཅིན་ཀང་རི་བོའི་ཚ་ལུ་མ་ལ་ལོ་ལེགས་ཆེན་པོ་བྱུང་ཡོད་ཅིང་། ཅིན་ཀང་རི་བོ་ནི་རང་རྒྱལ་གྱི་ཆེས་སྔོན་མ་བྱས་ཏེ“དབུལ་ཞྭ་ཕུད་པའི”དབུལ་ཕོངས་ཀྱི་རྫོང་ཡིན་ལ། ཤིང་འབྲས་དང་ཇའི་ལས་རིགས། གསར་བརྗེའི་ཡུལ་སྐོར་བཅས་ལས་དེང་སྐབས་ཡུལ་མི་ཚོའི་ཕྱུག་འགྱུར་གྱི་ལམ་བུ་སྔར་ལས་ཇེ་ཡངས་སུ་འགྲོ་བཞིན་ཡོད།

ཐོན་ལས་དར་སྤེལ་གཏོང་རྒྱུ་ནི་གྲོང་གསེབ་དར་སྤེལ་གཏོང་བའི་གལ་ཆེན་ནང་གི་འགངས་ཆེན་ཞིག་ཡིན། ཕྱོགས་བཞི་མཚམས་བརྒྱད་དུ་ཁྱབ་པའི་ཁྱད་ལྡན་ཐོན་ལས་ཀྱིས་ཡུལ་མི་རྣམས་འབྱོར་ཕྱུག་གི་ལམ་དུ་བསྐྱོད་ཐུབ་པར་བྱས། ཞིན་ཅང་ཧི་ཐེན་གྱི་སྟར་ཀའི་འབྲས་བུ་ཆེས་བྲིན་པའི་དུས་སྐབས་སུ་སླེབས་ཡོད་ཅིང་། ཧི་ཐེན་ས་ཁུལ་ནི་རང་རྒྱལ་གྱི་ས་གནས་གསུམ་ཁུལ་གསུམ”གྱི་ཤིན་ཏུ་དབུལ་བའི་ས་ཁུལ་ཞིག་ཡིན། ད་ལོ་ས་གནས་དེས་སྟར་ཀའི་བག་ལེབ་དང་སྟར་ཀའི་སྣུམ་སོགས་ཐོན་རྫས་བསྐྲུན་ནས། ས་གནས་ཁག་ཏུ་ཕྱིར་ཚོང་བྱེད་བཞིན་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོན་ལས་དང་འཇོན་ཐང་མི་སྣ། རིག་གནས། སྐྱེ་ཁམས། རྩ་འཛུགས་བཅས་ཀྱི“དར་སྤེལ་ལྔ”ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་། གཅིག་གྱུར་སྒོས་བཀོད་སྒྲིག་དང་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ། གཙོ་གནད་དམ་འཛིན་དང་ཞན་ཆ་གསབ་དགོས་ཞེས་བསྟན་ཡོད། ཚང་མས་བསྟན་དོན། ཡུལ་བབ་དང་བསྟུན་པ་དང་ཕན་འབྲས་དངོས་ལ་དོ་སྣང་བྱས་ནས། ཞིང་ལས་སྟོབས་ཆེན་དང་གྲོང་གསེབ་མཛེས་པ། ཞིང་པ་ཕྱུག་འགྱུར་བཅས་ཀྱི་མཛེས་སྡུག་ལྡན་པའི་འཆར་འགོད་གང་མགྱོགས་ཀྱིས་མངོན་འགྱུར་བྱེད་རྒྱུ་ཡིན་ཟེར།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྨོ་ཞིང་དང་ས་བོན་གྱི་རྩ་གནད་གཉིས་དམ་འཛིན་བྱས་ཏེ། རྨོ་ཞིང་མུའུ་ཐེར་འབུམ་གཅིག་དང་དུང་ཕྱུར་བརྒྱད་ཀྱི་ཚད་མཐའ་བརྟན་སྲུང་བྱས་ནས། བརྟན་འཇགས་ཀྱི་གཞི་རྩའི་ཞིང་ས་ཚང་མ་ཚད་གཞི་མཐོ་བའི་ཞིང་སར་བསྐྲུན་ཏེ། འདེབས་འཛུགས་ལས་རིགས་དར་རྒྱས་གཏོང་བའི་འགུལ་སྐྱོད་ལ་ཕན་འབྲས་དངོས་ཐོན་རྒྱུར་དམ་འཛིན་བྱས་ནས། ས་བོན་གཙོ་བོ་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་དགོས་ཞེས་ནན་གྱིས་བསྟན་ཡོད། མིག་སྔར་ཁྲུང་ཆིན་དང་ཅང་སུའུ། ཀུའེ་ཀྲོའུ་སོགས་ཀྱི་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་བྱ་ཡུལ་དང་ཧྲའན་ཞི་དང་ཧའེ་ནན། ཀོང་ཞི་སོགས་ས་ཁུལ་གྱི་སོན་གསོའི་རྟེན་གཞིར་མི་རྣམས་ལས་ལ་བྲེལ་བཞིན་འདུག

སྟོང་བཤད་བྱས་ན་རྒྱལ་ཁབ་ཕུང་བ་དང་དངོས་སྒྲུབ་བྱས་ན་རྒྱལ་ཁབ་དར། སང་ལོ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་མགོ་རྩོམ་པའི་ལོ་ཡིན་ཞིང་། “ཞིང་གསུམ”ལས་དོན་ལེགས་པོ་སྒྲུབ་པར་ལས་འགན་གཟི་བརྗིད་ལྡན་ཞིང་འགན་འཁྲི་ཧ་ཅང་ལྕི། ཚང་མས་བསྟན་དོན། དམིགས་འབེན་གཏན་འཁེལ་དང་ངར་ཤུགས་བརྟན་པོ་བསྐྱེད་དེ། ཆོད་སེམས་སྔར་ལས་བརྟན་པ་དང་དམིགས་འབེན་སྔར་ལས་གསལ་བ། བྱེད་ཐབས་སྔར་ལས་ནུས་ལྡན་བཅས་ཀྱི་ཐོག་ནས“ཞིང་གསུམ”ལས་དོན་ཡག་པོར་སྒྲུབ་དགོས་ཟེར།


མཉམ་སྤྱོད།