དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

2022ལོའི་རྒྱལ་སྤྱིའི་ལུས་རྩལ་གསར་འགྱུར་ཆེན་པོ་བཅུ།

2022-12-26 14:53:44   |   261

རྩོམ་སྒྲིག  སངས་དོན།    ཡོང་ཁུངས། ཀྲུང་གོ་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན།      ལོ་ཙཱ། རྡོ་ཐར།



 0448a91d-a75a-4e70-ac6f-408afe872555.png

སྤྱི་ཚེས21ཉིན་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས2022ལོའི་རྒྱལ་སྤྱིའི་ལུས་རྩལ་གསར་འགྱུར་ཆེན་པོ་བཅུ་བདམས་ཡོད།

 དང་པོ། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱིས་འཛམ་གླིང་གི་ཟིན་ཐོ་ཁག2དང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་ཟིན་ཐོ་ཁག17བཏོད་པ་དང་། གོ་ལ་ཧྲིལ་པོའི་ལྟད་མོ་བ་དུང་ཕྱུར20ལས་བརྒལ་ཞིང་། བརྙན་འཕྲིན་ལྟ་ཚད་ཀྱིས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།

ca307b1b-811c-45df-8f5c-9fe85507cfb5.png

གཉིས་པ། ཨ་ཀེན་ཐིན་རུ་ཁག་ལ་ཁ་ཐར་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་གྱི་ཨང་དང་པོ་ཐོབ་པ།

 12f485ce-f44c-4259-a3c1-3bef2e9cbd9d.png

གསུམ་པ། ཁེན་ནི་ཡའི་ལུས་རྩལ་པ་ཅི་ཕུའུ་ཆའོ་ཀེས་སྐྱེས་པའི་མ་ལ་སུང་རྒྱང་རྒྱུག་གི་འཛམ་གླིང་གི་ཟིན་ཐོ་གསར་པ་བཏོད་པ།

2d786c4d-f508-477f-9d4e-886cde95aad1.png

 བཞི་པ། རོ་མ་ནི་ཡའི་ལུས་རྩལ་པ་ཏ་ཝུའེ་པོ་པོ་ཝུའེ་ཆིས་ལོ13ལ་རང་སོར་བཞག་པའི་སྐྱེས་པའི་སྨི100ཡི་རང་མོས་ཆུ་རྐྱལ་གྱི་འཛམ་གླིང་གི་ཟིན་ཐོ་གསར་པ་བཏོད་པ།

fa7ee428-934e-4d72-86b4-30db8db7785f.png

ལྔ་པ། ཝང་ཆིའུ་སྤོ་ལོའི་ལུས་རྩལ་པ་གྲགས་ཅན་ཧྥེ་ཏེ་ལེ་དང་། ཝེ་ལན་མུའུ་སི་ཆུང་བ་རྣམ་གཉིས་ལས་བྲལ་ངལ་གསོ་བསྐྱོན་པ། 

ff143716-1f47-49bf-88b3-85c1aa061202.png

 དྲུག་པ། སའེ་ཨེར་ཝེ་ཡའི་ཝང་ཆིའུ་སྤོ་ལོ་བ་གྲགས་ཅན་ཏིག་ཡོས་ཁོ་ཝུའེ་ཆིས་རང་ཉིད་ཀྱི་ལས་རིགས་མི་ཚེའི་ཁྲོད་ཀྱི་རྒྱལ་ཁ་ཐེངས1000པ་བླངས།

17c8ff6b-5913-4525-a66c-c28811252433.png

བདུན་པ། སུའེ་ཏེན་གྱི་ལུས་རྩལ་པ་ཏུའུ་ཕུའུ་ལན་ཏི་སིས་ལྡེམ་རྒྱུག་མཐོ་མཆོང་གི་འཛམ་གླིང་གི་ཟིན་ཐོ་ཐེངས་གསུམ་བཏོད་ཡོད།

d8175214-6f2b-4cae-9b3e-ced55266d0aa.png

བརྒྱད་པ། ཧོང་ཅ་མ་ཏེ་རིར་ཡོ་རོབ་ཀྱི་ཨང་དང་པོའི་རིམ་མཚུངས་མཉམ་འགྲན་ཁྲོད་བྱ་དགའ་ཆེན་པོ་ཐེངས14ཐོབ་པ་དང་པིན་ཙེ་མཱ་ལ་གསེར་གྱི་སྤོ་ལོའི་བྱ་དགའ་ཐོབ་པ།

dc5e7694-e829-4c6c-bbfd-4b8c818daed9.png

དགུ་པ། ཨའོ་ཧྲ་ལི་ཝུན་གྱིས་སི་ནུའོ་ཁེའི་འཛམ་གླིང་ལེགས་སྐྱེས་འགྲན་བསྡུར་གྱི་ཨང་དང་པོ་ཐེངས་བདུན་བླངས་ནས་ལོ་རྒྱུས་ཀྱི་ཟིན་ཐོའི་རྗེས་ཟིན་ཡོད།

deec69b1-93e4-486a-a992-3498722c903b.png

བཅུ་པ། ཨ་རིའི་ལུས་རྩལ་པ་ལའེ་ཏེ་ཅིར་འཛམ་གླིང་ལེགས་སྐྱེས་འགྲན་བསྡུར་གྱི་བུད་མེད་ཀྱི་སྨི800ཡི་རང་མོས་ཆུ་རྐྱལ་འགྲན་བསྡུར་གྱི་གསེར་གྱི་རྟགས་མ་ཐོབ་ནས། མི་སྒེར་གྱི་རྣམ་གྲངས་དེའི་ཨང་དང་པོ་བསྟུད་མར་ཐེངས་ལྔ་ཐོབ་པའི་ཆུ་རྐྱལ་ལུས་རྩལ་པ་ཐོག་མར་གྱུར་ཡོད།

09bd23ac-24f4-4583-8bfe-71aac1c59564.png


མཉམ་སྤྱོད།